1.ཐོན་རྫས་སྤུས་ལེགས་འདེབས་འཛུགས་བྱེད་པ་མ་ཟད་རེས་འདེབས་ལུགས་མཐུན་དང་སྡོང་བོ་གཏན་ཁེལ་བྱ་སྐབས་ཞིང་ས་གཤིན་ལ་སྐྱེ་ལྡན་རྫས་འདང་ངེས་ལྡན་པའི་ཚལ་ཞིང་འདེམས་དགོས་ཤིང་། སྡོང་བོ་གཏན་ཁེལ་མ་བྱས་གོང་ཆུ་བསིམ་པོ་གཏིང་ལུད་འདང་ངེས་རྒྱག་པ། མུའུ་རེར་རུལ་སྨིན་ཡག་པོ་བྱུང་བའི་ལུག་རའི་ནང་གི་ལུད་སོགས་ཁྱིམ་ལུད་སྨིན་ཡག་པོ་བྱུང་བའི་ལུག་རའི་གི་ལུད་སོགས་ཁྱིམ་ལུད་སྤྱི་རྒྱ 3000དང 25%ཡི་འདྲེས་སྦྱོར་ལུད་རྫས་སྤྱི་རྒྱ 30རྒྱག་པ་མ་ཟད་དུས་མཚུངས་ས་ངོས་ཐོག་དུག་སེལ་སྨན་ཆུར་ཤིན་ཀོའོ་ཀྲེ་མོའོ་ལྡབ 800ཡི་གཤེར་ཁུ་བསྣོན་ནས་ས་རྒྱུར་དུག་སེལ་ཐག་གཅོད་བྱ་དགོས།
2.ཀེའུ་ཚལ་གྱི་ཚལ་ཞིང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ་རྩྭ་ངན་སེལ་བ་དང་ཆུ་ལུགས་མཐུན་རྒྱག་པ། ལུད་འདང་ངེས་རྒྱག་དགོས། དུས་མཚུངས་དུས་ཚོད་གཏན་ཁེལ་ཐོག་ཕྲ་ལུད་ཕུན་སུམ་ཚོགས་པོ་འདུས་པའི་ལོ་མའི་ལུད་རྫས་ཐོག་ཤིན་ཀོའོ་ཀྲེ་མོའོ་བསྲེས་ཏེ་བརྒྱབ་ན་སྡོང་རྐང་སྐྱེ་འཚར་ལ་སྐུལ་སྤེལ་དང་ཀེའུ་ཚལ་བསྡུ་བའི་དུས་འཁོར་ཐུང་དུ་ཕྱིན་ནས་སྡོང་བོའི་དབར་གྱི་རླུང་རྒྱུག་ཚད་ལ་བསྒྱུར་བཅོས་ཐུབ་ཏེ་ནད་ཐོན་ཚད་ཆུང་དུ་གཏོང་བར་ཕན་ཐོགས་པ་སྐྱེ་དངོས་ཀྱི་སྡོང་རྐང་སྦོམ་དུ་འགྲོ་བ་དང་ལོ་མ་མཐུག་ཏུ་འགྲོ་བ། ལོ་མའི་མདོག་ཁ་སོས་པོ་ཆགས་པ། སྡོང་རྐང་སྐྱེ་འཚར་རྒྱས་པ། རང་བྱུང་གི་བྲོ་བ་ཡག་པོ་བཅས་ཡོང་ཐུབ།
3.སྨན་རྫས་ཀྱིས་འགོག་བཅོས་བྱེད་པ། འགོག་བཅོས་ཐོག་མར་བྱ་སྐབས་སྡོང་སྲུང་གི་དགོས་མཁོར་གཞིགས་ཏེ 40%ཡི་པེ་ཅུན་ཆིང་དཔྱང་རྫས་ལྡབ 500ཡི་གཤེར་ཁུ་དང 70%ཡི་ཏད་སན་མོང་ཤིང་བརླན་གཤེར་རང་བཞིན་གྱི་སྨན་ཕྱེ་ལྡབ 500ཡི་གཤེར་ཁུ་སོགས་དམིགས་སའི་རང་བཞིན་གྱི་སྨན་རྫས་ཀྱིས་འགོག་བཅོས་བྱེད་པ་དང་དུས་མཚུངས་ཤིན་ཀོའོ་ཀྲེ་མོའོ་ལྡབ 800ཡི་གཤེར་ཁུ་ཟུང་འབྲེལ་བྱས་ཏེ་སྨན་ནུས་མཐོ་རུ་བཏང་ན་སྨན་རྫས་ཀྱི་ནུས་ལྡན་གྲུབ་ཆ་བེད་སྤྱོད་ཚད་མཐོ་རུ་ཕྱིན་ནས་སྨན་བཅོས་ནུས་པ་བརྟན་དུ་གཏོང་ཐུབ། གཟབ་དགོས་པ་ཞིག་ལ་བརྔ་བསྡུ་མ་བྱས་གོང་གི་ཉིན 7ལ་སྨན་སྤྱོད་མཚམས་འཇོག་དགོས།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
|