中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། ཁྱེད་ལ་སྐྲན་ནད་སློང་རྐྱེན་གྱི་གཤིས་ཀ་ལྡན་ཡོད་དམ།
དུས་ཚོད།2022-05-05 09:58:50     རྩོམ་གྱི་ཡོང་ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ།     ཆུང་། | འབྲིང་། | ཆེ།
    ནད་རྟགས་མང་པོ་ཞིག་ལས་གསལ་བར། སྐྲན་ནད་ཕོག་པའི་ནད་པ་མང་ཆེ་བ་སྐྲན་ནད་མ་ཕོག་གོང་རང་གི་སྙིང་ཉེ་བའི་མི་འདས་གྲོངས་སུ་ཕྱིན་པ་དང་། བཟའ་ཚང་ཁ་བྲལ་བ། ལས་ཀ་ཤོར་བ། གོ་ས་ཕབ་པ་སོགས་མི་འདོད་ཐོག་བབས་ཀྱི་སྡུག་བསྔལ་ཇེ་སྙིད་ཅིག་བྱུང་བའི་ཁར་སེམས་ཀྱི་འཁྱེར་སོ་ལེགས་པོ་མེད་པའི་དབང་གིས་སྐྲན་ནད་སློང་རྐྱེན་གྱི་གཤིས་ཀ་ཞིག་ཆགས་ཀྱི་ཡོད།
    ཧུ་པེ་ཞིང་ཆེན་སྐྲན་ནད་སྨན་ཁང་གི་འགོ་འཛིན། ཧུ་པེ་ཞིང་ཆེན་སྐྲན་ནད་སྔོན་འགོག་མཐུན་ཚོགས་ཀྱི་ལས་འཛིན་ཀྲུའུ་རེན་ཁྲེང་ཧོན་ཀྲའོ་ཡིས་“སྐྲན་ནད་སློང་རྐྱེན་གྱི་གཤིས་ཀའི་མངོན་ཚུལ་ནི། ཕྱི་ཚུལ་ལ་བལྟས་ན་སེམས་ཞི་དུལ་དུ་སྣང་ཞིང་འཁང་ར་གང་ཡང་མེད་པ་ལྟར་དུ་མངོན་ཡང་དོན་དངོས་ཐོག་ནང་སེམས་སུ་འཁང་ར་དང་སྡུག་བསྔལ་གྱིས་ཁེངས་ནས་སེམས་ལ་ཕོག་ཐུག་བྱུང་བ་དང་། ཡིད་མུག་པ་དང་རླུང་ལངས་རུང་ཁོང་ཁྲོ་ཕྱིར་མི་འདོན་པ། འཚོ་བའི་ནང་གི་གནས་ཚུལ་ཆུང་ཙག་ལའང་ཡིད་མི་བདེ་བ་བྱེད་པ་དང་རྟག་ཏུ་དངངས་སྐྲག་བྱེད་པ། ཕྱི་ཚུལ་དུ་བྱ་བ་གང་ལའང་རང་ཉིད་ཀྱི་ཁེ་ཕན་བློས་གཏོང་གིས་གཞན་གྱི་ཆེད་དུ་བསམ་བློ་གཏོང་བ་ལྟར་དུ་སྣང་རུང་ནང་སེམས་སུ་མི་འདོད་པ་ཆེན་པོ་བྱེད་པ། དཀའ་ངལ་འཕྲད་སྐབས་དང་ཐོག་ནས་གང་ཐུབ་ཅི་ཐུབ་ཀྱིས་ཁྱད་གསོད་མ་བྱས་པར་ཕྱིས་སུ་གཞི་ནས་འགྱོད་པ་བྱེད་པ། འགྲན་རྩོད་ལ་ཞེད་སྣང་དང་དཀའ་ངལ་ལས་གཡོལ་ཐབས་བྱེད་ཅིང་རང་ཉིད་གྱ་ཡན་དུ་བཏང་ནས་སེམས་ཁམས་དོ་མཉམ་ཡོང་རེ་བྱེད་པ་སོགས་ཀྱི་གཤིས་ཀ་ཡིན་”ཞེས་གསུངས་ཡོད། 
    གཞན་ཡང་ཁྲེང་ཧོན་ཀྲའོ་ཡིས་“མིའི་ལུས་པོའི་དབང་རྩའི་མ་ལག་གི་གསང་རྒྱུད་ཟགས་གཤེར་མ་ལག་དང་རིམས་འགོག་མ་ལག་གིས་ཐུན་མོང་ཐོག་བརྡ་འཕྲིན་གཅིག་བེད་སྤྱོད་ཀྱི་ཡོད་ཅིང་། སྐྲན་ནད་སློང་རྐྱེན་གྱི་གཤིས་ཀ་ཆགས་ཚེ་དབང་རྩའི་གསང་རྒྱུད་ཟགས་གཤེར་བྱེད་ལས་ཟང་ཟིང་དུ་འགྱུར་བ་དང་དོན་ལྔ་སྣོད་དྲུག་གི་ནུས་པ་ཉམས་པ་མ་ཟད། ལུས་པོའི་རིམས་འགོག་ནུས་པ་ཆུང་དུ་ཕྱིན་ཏེ་རིམས་འགོག་མ་ལག་གིས་སྐྲན་ནད་ཀྱི་ཕྲ་ཕུང་ངོས་བཟུང་བ་དང་མེད་པ་བཟོ་བའི་ལྟ་སྐུལ་ནུས་པར་ཤུགས་རྐྱེན་ངན་པ་ཐེབས་ནས་སྐྲན་ནད་ཀྱི་ཕྲ་ཕུང་གློ་བུར་དུ་འགྱུར་ལྡོག་འགྲོ་ཡི་ཡོད”ཅེས་གསུངས་ཡོད།
    ཁྲེང་ཧོན་ཀྲའོ་ཡིས་“སེམས་ཀྱི་འཁྱེར་སོ་ལེགས་པོ་ཞིག་ཡོད་ན་སྐྲན་ནད་སྔོན་འགོག་ཡག་པོ་བྱེད་ཐུབ་པ་མ་ཟད། སྐྲན་ནད་སྨན་བཅོས་བྱ་རྒྱུར་རང་ཕན་ཐོགས་ཡོད། དེ་ལས་ལྡོག་སྟེ་ཁོང་ཁྲོ་དང་། གཏི་ཐུག སེམས་སྡུག་རེ་ཟད་སོགས་རིམས་འགོག་གནོད་འཚེ་བཟོས་ཏེ་སྐྲན་ནད་སློང་གི་ཡོད། དེར་བརྟེན་ཡར་ཐོན་དང་། སྤྲོ་སྣང་། ཁོག་ཡངས་སོགས་ཀྱི་གཤིས་ཀ་འཇགས་པ་བྱས་ཏེ་སྐྲན་ནད་སློང་རྐྱེན་གྱི་གཤིས་ཀ་དག་དོར་དགོས་ཞེས་གསུངས་པ་རེད།
རྩོམ་སྒྲིག་པ། བཀྲ་ཤིས་གཡང་མཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།