རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ཀྱི་རྐྱེན་སྲོལ《ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞི(པར་ཐེངས་དགུ་བ)》ཡི་གཙོ་གནད་དྲི་བ་དྲིས་ལན་བདམས་བཀོད།
རང་རྒྱལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྤྱིའི་ཐབས་ཇུས་དང་སྤྱིའི་བྱེད་ཕྱོགས། རྩ་དོན་བཅས་ཅི་ཡིན།
ལན།“ཕྱི་ནས་ནང་དུ་འགོས་པ་སྔོན་འགོག་དང་ནང་ནས་བསྐྱར་ལོག་བྱུང་བ་སྔོན་འགོག”བྱེད་པའི་སྤྱིའི་ཐབས་ཇུས་དང“འགུལ་རྣམ་གཙང་མ”གཏོང་བའི་སྤྱིའི་བྱེད་ཕྱོགས། “སྔོན་འགོག་གཙོ་བོར་བྱེད་པ་དང་འགོག་བཅོས་ཟུང་འབྲེལ་བྱེད་པ།ཁྲིམས་ལྟར་ཚན་རིག་དང་མཐུན་པ།རིམ་བགོས་རིགས་དབྱེ”བཅས་ཀྱི་རྩ་དོན་ལག་བསྟར་དོན་འཁྱོལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།རྒྱུན་རྣམ་ཅན་གྱི་གནད་འཁེལ་རིམས་འགོག་དང་ཚོད་འཛིན་དང་ཆ་ཤས་འཕྲལ་བསྟུན་ཐག་གཅོད་ཟུང་འབྲེལ་བྱེད་པ་དེའོ།།
རང་རྒྱལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་བའི་བླང་བྱ་ནི་ཅི་ཞིག་ཡིན།
ལན། “དུས་ཐོག་ཤེས་རྟོགས་དང་མགྱོགས་མྱུར་ཐག་གཅོད།གནད་འཁེལ་དོ་དམ་དང་ཚོད་འཛིན།འབྲས་ཡོད་ཀྱིས་སྨན་བཅོས”བཅས་ཀྱི་བྱ་བའི་བླང་བྱ་གཞིར་བཟུང་ནས། ས་ཁོངས་ཕྱི་རོལ་གྱི་རིམས་ནད་འགོས་པ་དང་ས་ཁོངས་གཏོགས་ནང་ཁུལ་གྱི་རིམས་ནད་བསྐྱར་ལོག་བྱུང་བ་མཐའ་གཅིག་ཏུ་སྔོན་འགོག་བྱེད་པ་རྒྱུན་འཁྱོངས་བྱེད་རྒྱུ་དེའོ།
རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི“སྔ་མོ་ལྔ”ནི་ཅི་ཞིག་ཡིན།
ལན། སྔ་མོ་ནས་སྔོན་འགོག་བྱེད་པ་དང་།སྔ་མོ་ནས་ཤེས་རྟོགས་བྱེད་པ།སྔ་མོ་ནས་ཡར་ཞུ་བྱེད་པ།སྔ་མོ་ནས་ལོགས་བཀར་བྱེད་པ།སྔ་མོ་ནས་སྨན་བཅོས་བྱེད་པ་བཅས་སོ།
ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོས་ཁུངས་ནི་ཅི་ཞིག་ཡིན།
ལན། འགོས་ཁུངས་གཙོ་བོ་ནི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ་དང་ནད་རྟགས་མི་མངོན་པའི་ནད་པ་ཡིན་ལ།མི་ཚོགས་ཡོངས་ཁྱབ་ཏུ་འགོ་སླ་བ་ཞིག་ཡིན།
ཏོག་གསར་གློ་ཚད་རིམས་ནད་འགོ་ལམ་གང་དག་ཡོད།
ལན། འགོ་ལམ་གཙོ་བོ་ནི་དབུགས་ལམ་བརྒྱུད་པའི་མཆིལ་ཟེགས་དང་འབྲེལ་འདྲིས་དམ་ཟབ་བྱས་ནས་བགོ་བ་ཡིན་ལ།བཀག་སྡོམ་བྱས་པའི་ཁོར་ཡུག་ཁྲོད་དུ་དབུགས་ལམ་བརྒྱུད་ནས་འགོ་བའང་ཡོད་པ་མ་ཟད།ནད་དུག་གིས་སྦགས་བཙོག་བཟོས་པའི་དངོས་པོ་ལ་ཐུག་ནའང་འགོ།
ཨོ་སྨི་ཁུ་རོན་གཞན་འགྱུར་ནད་དུག་ལ་ཁྱད་ཆོས་ཅི་ཞིག་ཡོད།
ལན། ཨོ་སྨི་ཁུ་རོན་གཞན་འགྱུར་ནད་དུག་གི་ཆ་སྙོམས་ནད་རྟགས་མི་མངོན་པའི་དུས་ཡུན་ཇེ་ཐུང་དུ་ཕྱིན་ཡོད་པ་དང་།ཆེས་མང་ན་ཉིན2ནས4བར་ཡིན་ལ།འགོས་པའི་ནུས་པ་དེ་བས་དྲག་པ་དང་མྱུར་ཚད་དེ་ལས་མགྱོགས་པ།འགོས་ཚད་དེ་ལས་མཐོ་བ།ནད་སློང་ཤུགས་ཆུང་དུ་ཕྱིན་པ།རིམས་འགོག་དཀའ་ཁག་དེ་བས་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་ནོ།
ཏོག་གསར་ནད་དུག་གི་འགོག་ཁབ་རྒྱག་པའི་མི་ཚོགས་ཀྱི་ཁྱབ་ཁོངས་གང་དག་ཡོད།
ལན། ཏོག་གསར་ནད་དུག་གི་འགོག་ཁབ་རྒྱག་པའི་མི་ཚོགས་ཀྱི་ཁྱབ་ཁོངས་ལོ3ཡན་དུ་རྒྱ་ཆེར་བཏང་ནས།གནས་ཚུལ་ཤེས་རྟོགས་དང་མོས་མཐུན།རང་མོས་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ།ལོ3ཡན་གྱི་མི་ཚོགས་རྒྱག་འོས་པ་ཚང་མས་ངེས་པར་རྒྱག་དགོས་པར་སྐུལ་སློང་བྱ་དགོས།
སྤྱི་དམངས་ཀྱི་རིམས་འགོག“གཞི་རྩའི་བྱ་སྤྱོད་ཀྱི་ཚད་གཞི”དོན་ཚན12ནི་ཅི་ཞིག་ཡིན།
ལན། གཅིག་ནི་ལག་པ་བཀྲུ་བ།
གཉིས་ནི་ཚན་རིག་དང་མཐུན་པའི་སྒོ་ནས་ཁ་ཐུམ་རྒྱག་པ།
གསུམ་ནི་ལུད་པ་ལུ་བའི་གུས་ལུགས་ལ་དོ་སྣང་བྱེད་པ།
བཞི་ནི་འདུ་འཛོམས་ཉུང་ཏུ་གཏོང་བ།
ལྔ་ནི་ཡ་རབས་ཚུལ་ལྡན་གྱིས་ཟ་མ་ཟ་བ།
དྲུག་ནི་སྨི1གི་བར་ཐག་བརྩི་སྲུང་བྱེད་པ།
བདུན་ནི་རྒྱུན་དུ་རླུང་རྒྱུ་བ།
བརྒྱད་ནི་དུག་སེལ་གཙང་མ་བྱེད་པ།
དགུ་ནི་གསང་སྤྱོད་གཙང་སྦྲ་རྒྱུན་འཁྱོངས་བྱེད་པ།
བཅུ་ནི་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཆགས་པ།
བཅུ་གཅིག་ནི་ཉིང་སྐྱུར་བརྟག་དཔྱད་བྱེད་པ།
ཐབས་ལམ་གང་ཞིག་བརྒྱུད་ནས་ཏོག་གསར་གློ་ཚད་ཀྱི་སྔོན་འགོག་ཤེས་བྱའི་དྲིལ་བསྒྲགས་སློབ་གསོ་སྤེལ་དགོས།
དྲ་བ་དང་པོད་འཕྲིན། སྐད་འཕྲིན་སོགས་སྨྱན་སྦྱོར་གསར་བ་དང་རྒྱང་སྒྲོག བརྙན་འཕྲིན། ཚགས་པར། དྲིལ་བསྒྲགས་ཡིག་རིགས་སོགས་སྲོལ་རྒྱུན་སྨྱན་སྦྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཕྱོགས་ཡོངས་དང་ཐབས་ལམ་མང་བོས་ཏོག་གསར་གློ་ཚད་ཀྱི་སྔོན་འགོག་ཤེས་བྱའི་དྲིལ་བསྒྲགས་སློབ་གསོ་སྤེལ་དགོས།
ཏོག་གསར་འགོག་ཁབ་རྒྱག་སའི་མི་གཙོ་བོ་གང་དག་ཡིན།
གཙོ་བོ་ལོ60དང་དེའི་ཡན་གྱི་ལོ་ལོན་དང་ཉེན་ཁ་ཆེ་སའི་ས་ཁུལ་གྱི་མི་ཡོངས་ལ་འགོག་ཁབ་རྒྱབ་ནས་རིམས་འགོག་ནུས་པ་དང་སྔོན་འགོག་ནུས་ཤུགས་མཐོ་རུ་གཏོང་དགོས།
ཏོག་གསར་གློ་ཚད་རིམས་ནད་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་དམིགས་ཡུལ་ཅི་ཡིན།
༡.དུས་ཐོག་ཏུ་ཏོག་གསར་ནད་དུག་འགོས་མཁན་དང་འདུས་སྡོད་རང་བཞིན་གྱི་རིམས་ནད་ཤེས་རྟོགས་དང་ཡར་ཞུ་བྱེད་པ་དང་། དུས་ཐོག་ཏུ་སྔོན་འགོག་བྱ་ཐབས་སྤྱད་དེ་རིམས་ནད་མཆེད་པར་སྔོན་འགོག་བྱེད་པ་དེ་ཡིན།
༢.འགུལ་རྣམ་ལྟ་ཞིབ་ཚད་ལེན་གྱིས་ནད་དུག་གཞན་འགྱུར་གནས་ཚུལ་དང་། ནད་དུག་གཞན་འགྱུར་གྱིས་ཉིང་སྐྱུར་བརྟག་དཔྱད་ཚོད་ལྟའི་སྨན་རྫས་དང་འགོག་ཁབ་སྲུང་སྐྱོང་ཕན་འབྲས་ལ་ཤུགས་རྐྱེན་ཐེབས་ཚུལ་རྒྱུས་ལོན་བྱེད་པའི་ཆེད་དུ་ཡིན།
ཅི་ཞིག་ནི་འདུས་སྡོད་རང་བཞིན་གྱི་རིམས་ནད་ཡིན།
འདུས་སྡོད་རང་བཞིན་གྱི་རིམས་ནད་ནི་གཟའ་འཁོར་གཅིག་གི་ནང་སློབ་གྲྭ་དང་སྡོད་ཁུལ། བཟོ་གྲྭ་དང་རང་བྱུང་སྡེ་བ། སྨན་བཅོས་སྒྲིག་བཀོད་སོགས་ཀྱི་ཁྱབ་ཁོངས་ཁྲོད་ནད་པ་དང་ནད་རྟགས་མེད་པའི་ནད་པ2དང་དེའི་ཡན་རྙེད་པ་དེ་ལ་ཟེར།།
སྨན་བཅོས་ལས་ཁུངས་ཀྱིས་ནད་པ་ལ་ལྟ་ཞིབ་ཚད་ལེན་ཇི་ལྟར་བྱ་དགོས།
སྨན་བཅོས་ལས་ཁུངས་ཀྱིས་ཚ་བ་རྒྱག་བཞིན་པའི་ནད་པ་དང་ཚ་མེད་ཀྱང་དོགས་གཞི་ཅན་གྱི་ནད་པ། ད་དུང་ནད་ངོ་གསལ་བོ་མི་ཤེས་པའི་གློ་ནད་ཅན་དང་སྨན་ཁང་དུ་སྡོད་པའི་ནད་པའི་ཁྲོད་ཀྱི་འགོས་ནད་ཚབས་ཆེན་བྱུང་བའི་ནད་པ། དེ་མིན་སྨན་ཁང་ནང་གསར་དུ་ཡོང་བའི་ནད་པ་བ་དང་དེའི་ལྟ་སྐྱོང་མི་སྣ་ཐམས་ཅད་ལ་ཉིང་སྐྱུར་བརྟག་དཔྱད་བྱ་དགོས།
སྨན་བཅོས་ལས་ཁུངས་ཀྱི་དངོས་རྫས་དང་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་ཇི་ལྟར་བྱ་དགོས།
ཚ་བ་རྒྱས་པའི་སྒོ་བསྟེན་སྨན་ཁང་བཙུགས་ཡོད་པའི་སྨན་བཅོས་ལས་ཁུངས་ཀྱི་ཁོར་ཡུག་ལ་དུས་བཅད་ལྟར་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་བྱ་དགོས། ཚ་བ་རྒྱས་པའི་སྒོ་བསྟེན་སོགས་ཉེན་ཁ་ཆེ་བའི་ཁོར་ཡུག་གི་སྒོ་དང་། སྨན་བཅོས་སྣེ་ལེན་སྟེགས་བུ། ཞིབ་བཤེར་སྒྲིག་ཆས་བཅས་འབྲེལ་འདྲིས་ཅུང་མང་བའི་གནས་གཙོ་གནད་དུ་བཟུང་ནས་མ་དཔེ་བསྡུ་ལེན་བྱ་དགོས།
གཅིག་བསྡུས་ལོགས་བཀར་བྱེད་སྐབས་ཀྱི་ལྟ་ཞིབ་ཚད་ལེན་གྱི་ནང་དོན་ཅི་ཞིག་ཡིན།
གཅིག་བསྡུས་ལོགས་བཀར་བྱེད་སྐབས་དུས་བཅད་ལྟར་ཁོར་ཡུག་ལ་ཉིང་སྐྱུར་བརྟག་དཔྱད་བྱ་དགོས། འཚོ་སྡོད་ཁུལ་དང་ལས་བཟོ་མི་སྣའི་བགྲོད་ལམ། ལོགས་བཀར་མི་སྣའི་བགྲོད་ལམ་གྱི་སྒོ་དང་གད་སྙིགས། སྟེགས་བུའི་ངོས། གཙང་སྦྲའི་ཡོ་བྱད་སོགས་གཙོ་གནད་དུ་བཟུང་ནས་ཉིང་སྐྱུར་བརྟག་དཔྱད་བྱ་དགོས།
གཅིག་བསྡུས་ལོགས་བཀར་བྱེད་མཚམས་བཞག་རྗེས་གཅིག་བསྡུས་ལོགས་བཀར་མ་བྱས་གོང་གི་དངོས་རྫས་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ནང་དོན་ཅི་ཞིག་ཡིན།
གཅིག་བསྡུས་ལོགས་བཀར་བྱེད་མཚམས་བཞག་རྗེས་གཅིག་བསྡུས་ལོགས་བཀར་མ་བྱས་གོང་གི་ཁང་བའི་ནང་གི་དངོས་རྫས་དང་ཁོར་ཡུག(ལག་ཁྱེར་ཁ་པར་གྱི་ཕྱི་ངོས་དང་རང་གི་དངོས་རྫས། སྔས་མགོའི་ཕྱི་ངོས་དང་གསང་སྤྱོད་ཁང་གི་སྒོ་སོགས་ཚུད)གི་མ་དཔེ་འཚོལ་བསྡུ་བྱས་ནས་ཉིང་སྐྱུར་བརྟག་དཔྱད་བྱ་དགོས།
རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སློབ་སྒོ་ནན་པོ་སྲུང་དགོས།
སློབ་གསོ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོའི་རྒྱལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་བརྙན་འཕྲིན་བཀོད་གཏོང་ཚོགས་འདུ་ཐེངས་གསུམ་པ་འཚོགས་ནས་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བ་དང་ལྷོད་གཡེང་གཏན་ནས་གཏོང་མི་རུང་བའི་ཐོག་ནས་སློབ་གསོའི་ཁོངས་གཏོགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བ་ཡག་པོ་བསྒྲུབ་རྒྱུ་བཀོད་སྒྲིག་བྱས་པ་རེད། ཚོགས་འདུའི་ཐོག་མིག་སྔའི་སློབ་གསོའི་ཁོངས་གཏོགས་ཀྱི་རིམས་ནད་གནས་ཚུལ་ལ་དབྱེ་ཞིབ་བྱས་པ་དང་སྟོན་དུས་ཀྱི་སློབ་དུས་འགོ་ཚུགས་རྗེས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གཙོ་གནད་དང་ཟུང་འབྲེལ་བྱས་ནས་སློབ་གསོའི་ཁོངས་གཏོགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བ་བཀོད་སྒྲིག་བྱས་པ་རེད།
གཅིག རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་སློབ་གྲྭའི་སྒོ་མོ་ནན་སྲུང་བྱ་དགོས། དགེ་སློབ་དང་ལས་བཟོ་པ་རྣམས་སློབ་གྲྭར་སྐྱོད་སྐབས་ཐོབ་ཐང་ཞིབ་བཤེར་དང་། ལུས་པོའི་དྲོད་ཚད་ཞིབ་དཔྱད། བདེ་ཐང་ཨང་རྟགས་བཤེར་འཇལ། འགྲོ་སྐྱོད་བྱང་བུར་ལྟ་ཞིབ་ནན་པོ་བཅས་བྱ་དགོས།
གཉིས། བདེ་ཐང་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་དགོས། སློབ་གྲྭའི་གཙོ་གནད་ཚོགས་རའི་བྱ་བྱེད་མི་སྣའི་བདེ་ཐང་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། སློབ་མའི་ཞོགས་པའི་ཞིབ་བཤེར་ལམ་ལུགས་དོན་འཁྱོལ་བྱེད་པ། དགེ་སློབ་ཀྱི་བདེ་ཐང་གནས་ཚུལ་ལ་དོ་ཁུར་ནན་མོ་བྱེད་པ། ཞོགས་པ་བཞིའི་བླང་བྱ་དོན་འཁྱོལ་བཅས་བྱ་དགོས།
གསུམ། དགེ་སློབ་མི་སྒེར་གྱི་འགོག་སྲུང་ལ་ཤུགས་སྣོན་རྒྱག་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱ་དགོས། སློབ་རའི་ཕྱི་ནང་ཚང་མར་མི་སྒེར་གྱི་འགོག་སྲུང་ལ་ཤུགས་སྣོན་རྒྱག་པ་དང་། འགོག་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་བ། སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བཅས་བྱ་དགོས།
བཞི། ཁྱིམ་ཚང་དང་སློབ་གྲྭའི་མཐུན་སྦྱོར་སྔོན་འགོག་དང་ཚོད་འཛིན་མཐའ་འཁྱོངས་བྱ་དགོས། དགེ་སློབ་ལས་བཟོ་བ་དང་དེའི་ཐུན་མོང་གི་གནས་སྡོད་མི་སྣའི་བདེ་ཐང་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ་དང་ལྷག་པར་དུ་ཁྱིམ་ཚང་གི་ཁོངས་མི་ཕྱི་རྒྱལ་དང་ཉེན་ཁ་ཆེ་བའི་ས་ཁུལ་ནས་ཕྱིར་ལོག་པའི་གནས་ཚུལ་འཕྲལ་མར་སྙན་སེང་ཞུ་དགོས།།
སྡེ་ཁུལ་གྱིས་སྨན་ཁང་ལས་སྒོར་འབུད་པའི་མི་སྣར་ཅི་ལྟར་ལྟ་ཞིབ་ཚད་ལེན་བྱ་དགོས།
སྡེ་ཁུལ་དོ་དམ་གྱི་ཏོག་གསར་གློ་ཚད་ཀྱི་སྨན་ཁང་ལས་སྒོར་འབུད་པའི་ནད་པ་དང་མཉམ་དུ་བསྡད་པའི་མི་རྣམས་སྨན་ཁང་ལས་སྒོར་བུད་རྗེས་ཀྱི་ཉིན3དང7ལ་རང་སོ་སོ་ནས་ཉིང་སྐྱུར་བརྟག་དཔྱད་ཐེངས་གཅིག་ལས་དགོས།
རིམས་ནད་བྱུང་རྗེས་བཀོད་འདོམས་མ་ལག་ཇི་ལྟར་འཁོར་སྐྱོད་བྱ་དགོས།
རིམས་ནད་བྱུང་རྗེས་མྱུར་དུ་བཀོད་འདོམས་མ་ལག་སྐུལ་སློང་བྱས་ཏེ། མྱུར་དུ་རྒྱུན་རྣམ་དང་འཕྲལ་སྒྲུབ་རྐྱེན་སྲོལ་གྱི་འཕོ་འགྱུར་ལེགས་འགྲུབ་ཡོང་བར་བྱ་དགོས་པ་དང་། ས་ཁུལ་དེའི་གྲོང་ཁྱེར་གྱི་ལས་ཁུངས་གཡུལ་སའི་བཀོད་འདོམས་ལྟེ་གནས་བཙུགས་ཏེ། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཀྱི་མཉམ་འགོག་མཉམ་བཅོས་རྐྱེན་སྲོལ་མཉམ་སྒྲུབ་མཉམ་འགུལ་དང་། ཐོན་ཁུངས་གཅིག་གྱུར་གྱིས་བཀོད་གཏོང་བཅས་བྱས་ནས། འཕྲལ་ཐག་ཆོད་པོས་ཁ་གཏད་བྱེད་ཐབས་སྤྱོད་དགོས།
ཏོག་གསར་རིམས་ནད་ཀྱིས་འགོས་ཁུངས་གང་དག་སྔོན་འགོག་བྱ་དགོས།
1.ནད་རྟགས་གཏན་འཁེལ་བྱས་པའི་ནད་པ། 2.དོགས་ཡོད་ནད་པ། 3.ནད་རྟགསས་མེད་པའི་ནད་པ། 4.སྨན་ཁང་ལས་སྒོར་བུད་རྗེས་ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་ཡིན་པའི་མི།
ནད་རྟགས་མེད་པའི་ནད་པ་གཅིག་བསྡུས་ལོག་བཀར་ས་ཚིགས་ནས་ཕྱིར་འཐེན་པའི་ནད་པའི་ཆ་རྐྱེན་ཅི་ཡིན།
ནད་རྟགས་མེད་པའི་ནད་པ་ནད་ཡང་མོ་ཅན་ལ་ངོས་བཟུང་ནས་དོ་དམ་བྱ་དགོས་པ་དང་། སྨན་ཁང་གིས་ཉིན7ལ་གཅིག་བསྡུས་ལོག་བཀར་བྱས་ནས་གསོ་རིག་ལྟ་ཞིབ་བྱ་དགོས། དེའི་བར་སྐབས་ཀྱི་ཉིན6དང7ལ་སྣ་དང་མིད་པ་སོ་སོ་ནས་ཉིང་སྐྱུར་བརྟག་དཔྱད་ཐེངས་གཅིག་བྱ་དགོས། (མ་དཔེ་ཚད་ལེན་གྱི་དུས་ཚོད་དེ་དུས་ཚོད24བར་ལ་བཏོད་དགོས།)གལ་ཏེ་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་ཀྱི་གཞི་རྒྱུNདང་གཞི་རྒྱུORFཡི་ཆ་སྙོམས་ཐང་གྲངསCT ≥35ཡིན་དགོས། (ཡུན་ཀོང་གྲངས་ཚདPCRཡི་བརྟག་དཔྱད་ཐབས་ལམ་གྱི་མཚམས་ཚད་ནི40)ཡིན་དགོས། ཡང་ན་བརྟག་དཔྱད་སྲིབ་གཤིས་དེ(ཡུན་ཀོང་གྲངས་ཚདPCRཡི་བརྟག་དཔྱད་ཐབས་ལམ་གྱི་མཚམས་ཚད35ལས་དམའ)དགོས། དེ་ལྟར་ཡིན་ན་ད་གཟོད་སྒྲོམ་ཚང་སྨན་ཁང་གི་གཅིག་བསྡུས་ལོག་བཀར་གྱི་གསོ་རིག་ལྟ་ཞིབ་ལས་ཕྱིར་འཐེན་ཆོག།
རྩོམ་སྒྲིག་པ། པདྨ་འཚོ།
01ཡུལ་དངོས་ཀྱི་རིམས་དཔྱད་ཚན་ཆུང་ནི་སྡེ་ཁག་གང་དག་གིས་གྲུབ་པ་ཡིན། དེས་བྱེད་ཐབས་གང་ཞིག་སྤྱད་ནས་རིམས་ནད་རིག་པ་བརྟག་དཔྱད་བྱས་པ་ཡིན།
ལན། འཕྲོད་བསྟེན་བདེ་ཐང་དང་ནད་ཡམས་སྔོན་འགོག སྤྱི་བདེ་སོགས་སྡེ་ཚན་ལས་གྲུབ་པའི་ཡུལ་དངོས་ཀྱི་རིམས་དཔྱད་ཚན་ཆུང་གིས་ལས་དོན་གཞིར་བཟུང་ནས་བྱ་བ་སྒྲུབ་པ་དང་། རིམས་དཔྱད་ཚན་ཆུང་དང་ཁ་པར་རིམས་དཔྱད་གཉིས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ནས་རིམས་ནད་རིག་པའི་བརྟག་དཔྱད་བྱེད་བཞིན་ཡོད།།
02རིམས་ནད་རིག་པ་བརྟག་དཔྱད་བྱེད་པའི་དུས་ཚོད་ཀྱི་ཚད་བཀག་དང་བླང་བྱ་ནི་ཅི་ཞིག་ཡིན།
སྙིང་སྐྱུར་བརྟག་དཔྱད་ཀྱི་མཇུག་འབྲས་གདགས་གཤིས་ཅན་གྱི་ནད་པ་གཏན་འཁེལ་བྱས་རྗེས་ཀྱི་ཆུ་ཚོད2ཡི་ནང་ཚུན་དུ་ས་གནས་ས་ཐོག་ཏུ་འབྱོར་བ་དང་། ཆུ་ཚོད4ཡི་ནང་ཚུན་དུ་བརྟག་དཔྱད་ལེགས་གྲུབ་བྱ་དགོས། དུས་ཚོད24ཡི་ནང་ཚུན་དུ་རིམས་ནད་རིག་པའི་བརྟག་དཔྱད་ཀྱི་ཐོག་མའི་སྙན་ཞུ་ལེགས་གྲུབ་བྱུང་དགོས་པ་མ་ཟད། རིམས་ནད་འཕེལ་རིམ་གྱི་འགུལ་རྣམ་གསར་སྒྱུར་ལ་གཞིགས་ནས་རིམས་དཔྱད་སྙན་ཞུ་བྱ་དགོས།།
03རིམས་ནད་ཐོག་མར་མཆེད་དུས་ཇི་ལྟར་བྱས་ཏེ་མགྱོགས་མྱུར་ངང་གནད་ལ་འཁེལ་བའི་སྒོ་ནས་རིམས་དཔྱད་བྱེད་པར་ནང་དོན་གང་དག་ཚུད་ཡོད་དམ།
སྔ་མོ་ནས་ཤེས་རྟོགས་བྱུང་བ་དང་ནད་དཔེ་ཉུང་བ། སྡེ་ཁུལ་དུ་རིམས་ནད་རྒྱུན་མཐུད་ངང་མཆེད་མེད་པ་ཡིན་ན་མགྱོགས་མྱུར་ངང་གནད་འཁེལ་རིམས་དཔྱད་བྱས་ཏེ་ནད་དཔེ་དང་སྔོན་ལ་འབྲེལ་འདྲིས་བྱེད་མྱོང་མཁན་དང་འགུལ་སྐྱོད་རྗེས་ཤུལ་ལ་བརྟག་དཔྱད་ཞིབ་ཕྲ་བྱས་ནས་ནད་དཔེའི་འགོས་ནད་འབྱུང་ཁུངས་གསལ་བོ་བྱེད་པ། འབྲེལ་འདྲིས་དམ་ཟབ་པ་དང་འབྲེལ་འདྲིས་དམ་ཟབ་པའི་དམ་ཟབ་པ། རིམས་ནད་བྱུང་ས་དང་འབྲེལ་བ་ཡོད་པའི་མི་སྣ་སོགས་ཉེན་ཁ་ཡོད་པའི་མི་ལ་བརྟག་དཔྱད་བྱས་ནས་ཐག་གཅོད་པ། ཉེན་ཁའི་ས་ཁོངས་སོགས་དབྱེ་འབྱེད་གཏན་འབེབས་བྱ་དགོས།།
04རིམས་ནད་རིག་པའི་བརྟག་དཔྱད་ཁྲོད་སྔོན་ལ་ཐག་གཅོད་བྱེད་པའི་མི་སྣ་གང་དག་ཡོད།
སྔོན་ལ་ནད་དཔེ་དང་འབྲེལ་འདྲིས་མང་བ་དང་འབྲེལ་འདྲིས་བྱེད་པའི་དུས་ཡུན་རིང་བ་སོགས་ནད་འགོས་པའི་ཉེན་ཁ་ཅུང་ཆེ་བའི་འབྲེལ་འདྲིས་དམ་ཟབ་པ་ལ་གཏན་འཁེལ་དང་དོ་དམ་བྱ་དགོས། མི་ཚོགས་མང་སའི་ནད་དཔེ་འགུལ་སྐྱོད་བྱེད་ས(དཔེར་ན་ཟ་ཁང་དང་རོལ་རྩེད་ཁང་། རང་འདེམས་ཚོང་ཁང་སོགས)། འབྲེལ་འདྲིས་དམ་ཟབ་པ་ཐག་གཅོད་བྱེད་པའི་ཁྱབ་ཁོངས་འོས་འཚམ་ངང་ཆེ་རུ་གཏོང་ཆོག།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
01ཉེན་ཁ་མཐོ་ཤོས་ས་ཁོངས་ཀྱི་ཉེན་ཁའི་རིམ་པ་བསྒྱུར་བའི་ཚད་ཐིག་ནི་ཅི་ཞིག་ཡིན་པ་དང་། ཚོད་འཛིན་བྱ་ཐབས་ཅི་ཞིག་བཀོལ་དགོས།
བསྟུད་མར་ཉིན7ལ་ནད་པ་གཅིག་ཀྱང་གསར་དུ་བྱུང་མེད་པ་དང་།ཉིན7པའི་མི་ཚང་མའི་ཉིང་སྐྱུར་གྲལ་བཤེར་གྱི་མཇུག་འབྲས་སྲིབ་གཤིས་ཡིན་དགོས།དེ་ལྟར་ཡིན་ན་ཉེན་ཁ་འབྲིང་ཤོས་ས་ཁོངས་སུ་བསྒྱུར་ཆོག་ལ། དེ་ནས་བསྟུད་མར་ཉིན3ལ་ནད་པ་གཅིག་ཀྱང་གསར་དུ་བྱུང་མེད་ན་དེ་ཉེན་ཁ་ཆུང་ཤོས་ས་ཁོངས་སུ་བསྒྱུར་དགོས།
02ཉེན་ཁ་མཐོ་ཤོས་ས་ཁོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་ཀྱི་བླང་བྱ་ཅི་ཡིན།
བཀག་སྡོམ་ཚོད་འཛིན་ལག་བསྟར་བྱས་རྗེས་ཀྱི་ཐོག་མའི་ཉིན3ལ་བརྟག་དཔྱད་ཐེངས3བྱ་དགོས། ཉིན་དང་བོ་དང་གསུམ་པ་ལཚང་མས་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་ལེགས་འགྲུབ་ཡོང་དགོས། ཉིན2པའི་ནང་འགོག་རྫས་ཞིབ་དཔྱད་ཚད་ལེན་ཐེངས་གཅིག་སྤེལ་ནས། རྗེས་མཐུད་ལྟ་ཞིབ་ཚད་ལེན་གྱི་ཐེངས་གྲངས་དེ་ཞིབ་དཔྱད་བྱས་པའི་མཇུག་འབྲས་ལ་གཞིགས་ཏེ་གཏན་འཁེལ་བྱས་ཆོག དོ་དམ་ཚོད་འཛིན་མཚམས་འཇོག་པའི་སྔོན་གྱི་དུས་ཚོད24ནང་། མངའ་ཁོངས་ཁྲོད་དུ་མི་ཚང་མས་ཉིང་སྐྱུར་བརྟག་དཔྱད་ཐེངས་གཅིག་ལེགས་འགྲུབ་ཡོང་བར་བྱ་དགོས།
03ཉེན་ཁ་འབྲིང་ཤོས་ས་ཁོངས་བགོ་བའི་ཚད་ཐིག་ནི་ཅི་ཞིག་ཡིན་པ་དང་། དོ་དམ་ཚོད་འཛིན་བྱ་ཐབས་ཅི་ཞིག་བེད་སྤྱོད་བྱ་དགོས།
ནད་དཔེ་དང་ནད་རྟགས་མེད་པའི་ནད་པ་འདུག་ས་དང་འགུལ་སྐྱོད་བྱེད་པའི་དུས་ཚོད་ངེས་ཅན་དུ་རིམས་ནད་མཆེད་པའི་ཉེན་ཁ་ཡོད་སྲིད་པའི་བྱ་བའི་ལས་གནས་དང་འགུལ་སྐྱོད་གནས་སོགས་ཀྱི་མངའ་ཁོངས་དག་ཉེན་ཁ་འབྲིང་ཤོས་ས་ཁོངས་སུ་བགོས་ཆོག ཉེན་ཁའི་ས་ཁོངས་ཀྱི་ཁྱབ་ཁོངས་དེ་བརྟག་དཔྱད་ཞིབ་འཇུག་གི་མཇུག་འབྲས་གཞིར་བཟུང་ནས་བགོ་བཞིན་ཡོད། ཉེན་ཁ་འབྲིང་ཤོས་ས་ཁོངས་ཀྱིས་སྒོར་གཅིག་ཀྱང་འགྲོ་མི་ཆོག་པར་དུས་ཚོད་བགོས་ནས་དངོས་པོ་ལེན་པ་སོགས་ཀྱི་དོ་དམ་ཚོད་འཛིན་བྱ་ཐབས་བཀོལ་བཞིན་ཡོད།
04ཉེན་ཁ་འབྲིང་ཤོས་ས་ཁོངས་ཀྱི་ཉེན་ཁའི་རིམ་པ་བསྒྱུར་བའི་ཚད་ཐིག་ནི་ཅི་ཞིག་ཡིན།
བསྟུད་མར་ཉིན7ལ་གསར་དུ་བྱུང་བའི་ནད་པ་མེད་པ་དང་། ཉིན7པའི་མི་ཚང་མའི་ཉིང་སྐྱུར་བརྟག་དཔྱད་ཀྱི་མཇུག་འབྲས་སྲིབ་གཤིས་ཡིན་དགོས། དེ་ལྟར་ཡིན་ན་ཉེན་ཁ་ཆུང་ཤོས་ས་ཁོངས་སུ་བསྒྱུར་ཆོག
རྩོམ་སྒྲིག་པ། སངས་རྒྱས་འཚོ།
01 འབྲེལ་འདྲིས་དམ་ཟབ་པ་ལ་མཚོན་ན་བྱེད་ཐབས་གང་ཞིག་སྤྱད་ནས་དོ་དམ་ཚོད་འཛིན་བྱ་དགོས།
འབྲེལ་འདྲིས་དམ་ཟབ་པར“ཉིན7གྱི་རིང་ལ་གཅིག་བསྡུས་ལོགས་བཀར་བྱས་ནས་གསོ་རིག་ལྟ་ཞིབ་བྱེད་པ+ཉིན3གྱི་རིང་ལ་ཁྱིམ་ནས་བདེ་ཐང་བརྟག་དཔྱད་བྱེད་པ”ཡི་བྱ་ཐབས(གཤམ་དུ“7+3”གྱི་དོ་དམ་བྱེད་ཐབས་ཞེས་བསྡུས་ཡོད)སྤྱོད་དགོས་པ་དང་། ཁྱིམ་ནས་བདེ་ཐང་བརྟག་དཔྱད་བྱེད་པའི་རིང་ལ་ཕྱི་རུ་འགྲོ་མི་ཆོག་པ། གཅིག་བསྡུས་ལོགས་བཀར་བྱས་ནས་གསོ་རིག་ལྟ་ཞིབ་བྱེད་པའི་ཉིན1.2.3.4.5.7པ་བཅས་ལ་སོ་སོར་ཉིང་སྐྱུར་བརྟག་དཔྱད་ཐེངས་རེ་བྱེད་པ། ཁྱིམ་ནས་བདེ་ཐང་བརྟག་དཔྱད་བྱེད་པའི་ཉིན3པར་ཉིང་སྐྱུར་བརྟག་དཔྱད་ཐེངས་གཅིག་བྱ་དགོས།
02 འབྲེལ་འདྲིས་དམ་ཟབ་པ་དང་འབྲེལ་འདྲིས་དམ་ཟབ་པའི་དམ་ཟབ་པ་ཐག་གཅོད་པའི་རྩ་དོན་དང་མི་མཐུན་པར་རིམས་ནད་བྱུང་ས་ནས་ཕྱིར་མངོན་པའི་མི་སྣའི་དོ་དམ་ཚོད་འཛིན་གྱི་བླང་བྱ་ནི་ཅི་ཞིག་ཡིན།
འབྲེལ་འདྲིས་དམ་ཟབ་པ་དང་འབྲེལ་འདྲིས་དམ་ཟབ་པའི་དམ་ཟབ་པ་ཐག་གཅོད་པའི་རྩ་དོན་དང་མི་མཐུན་པར་རིམས་ནད་བྱུང་ས་ནས་ཕྱིར་མངོན་པའི་མི་སྣ་ཡིན་ན། ཉེན་ཁའི་ཚོད་དཔག་བྱས་པ་བརྒྱུད་འགོས་ཉེན་ཅུང་ཆེ་བའི་མི་སྣར་ཉིང་སྐྱུར་བརྟག་དཔྱད་ཀྱི་བྱ་ཐབས་སྤྱོད་དགོས།
03 ཉེན་ཁ་ཆེ་བའི་ས་ཁོངས་སུ་ཉིན7གྱི་ནང་ཚུན་དུ་གནས་སྐབས་སུ་བསྡད་མྱོང་བའི་མི་སྣ་ལ་དོ་དམ་ཚོད་འཛིན་བྱེད་ཐབས་དང་ཉིང་སྐྱུར་བརྟག་དཔྱད་ཀྱི་བླང་བྱ་ནི་ཅི་ཞིག་ཡིན།
ཉིན7གྱི་རིང་ལ་གཅིག་བསྡུས་ལོགས་བཀར་བྱས་ནས་གསོ་རིག་ལྟ་ཞིབ་ཀྱི་བྱེད་ཐབས་སྤྱད་ནས། གཅིག་བསྡུས་ལོགས་བཀར་བྱེད་སྐབས་ཀྱི་ཉིན1.2.3.5.7པ་བཅས་ལ་སོ་སོར་ཉིང་སྐྱུར་བརྟག་དཔྱད་ཐེངས་རེ་བྱ་དགོས། དོ་དམ་བྱེད་པའི་དུས་བཀག་ནི་ཉེན་ཁའི་ས་ཁོངས་དང་ཁ་བྲལ་བའི་ཉིན་ནས་བརྩི་དགོས།
04 ཉེན་ཁ་འབྲིང་བའི་ས་ཁོངས་སུ་ཉིན7གྱི་རིང་ལ་གནས་སྐབས་སུ་བསྡད་མྱོང་བའི་མི་སྣའི་དོ་དམ་ཚོད་འཛིན་བྱེད་ཐབས་དང་ཉིང་སྐྱུར་བརྟག་དཔྱད་ཀྱི་བླང་བྱ་ནི་ཅི་ཞིག་ཡིན།
ཉིན7གྱི་རིང་ལ་ཁྱིམ་དུ་ལོགས་བཀར་བྱས་ནས་གསོ་རིག་ལྟ་ཞིབ་ཀྱི་བྱ་ཐབས་སྤྱད་ནས། ཁྱིམ་དུ་ལོགས་བཀར་བྱས་ནས་གསོ་རིག་ལྟ་ཞིབ་བྱེད་པའི་ཉིན1.4.7པ་བཅས་ལ་སོ་སོར་ཉིང་སྐྱུར་བརྟག་དཔྱད་ཐེངས་རེ་བྱ་དགོས། གལ་ཏེ་ཁྱིམ་དུ་ལོགས་བཀར་བྱས་ནས་གསོ་རིག་ལྟ་ཞིབ་བྱེད་པའི་ཆ་རྐྱེན་མ་འདང་ན། གཅིག་བསྡུས་ལོགས་བཀར་བྱས་ནས་གསོ་རིག་ལྟ་ཞིབ་བྱེད་པའི་བྱ་ཐབས་སྤྱོད་དགོས་པ་དང་། དོ་དམ་བྱེད་པའི་དུས་བཀག་ནི་ཉེན་ཁའི་ས་ཁོངས་དང་ཁ་བྲལ་བའི་ཉིན་ནས་བརྩི་དགོས།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
1ཉེན་ཁ་ཆུང་ཤོས་ས་ཁོངས་སུ་ཉིན་བདུན་གྱི་རིང་ལ་ཡུལ་སྐོར་བཅའ་སྡོད་བྱས་མྱོང་བའི་མི་སྣའི་དོ་དམ་བྱ་ཐབས་དང་ཉིང་སྐྱུང་བརྟག་དཔྱད་ཀྱི་བླང་བྱ་ནི་ཅི་ཞིག་ཡིན།
ཉིན་གསུམ་གྱི་ནང་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་བྱ་དགོས་པ་མ་ཟད་བདེ་ཐང་བརྟག་དཔྱད་ལེགས་པོར་སྒྲུབ་དགོས།།
2མངའ་ཁོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་གོ་རིམ་གང་དག་ཡོད།
བརྟག་དཔྱད་མི་ཚོགས་ཀྱི་ཁྱབ་ཁོངས་དང་ཐེངས་གྲངས། སྔ་རྗེས་ཀྱི་གོ་རིམ་བཅས་གཏན་འཁེལ་བྱ་དགོས་པ་དང་། བཀོལ་སྤྱོད་ཐུབ་པའི་ཉིང་སྐྱུར་བརྟག་དཔྱད་ཇུས་གཞི་གཏན་འབེབས་བྱེད་པ། མྱུར་དུ་ཉིང་སྐྱུར་བརྟག་དཔྱད་ཀྱི་སྟོབས་ཤུགས་དང་དངོས་ཟོག་རྩ་འཛུགས་བཀོད་གཏོང་བྱེད་པ། ལུགས་མཐུན་སྒོས་མ་དཔེ་ཚད་ལེན་ས་ཚིགས་འཛུགས་པ། ཉེན་ཁའི་དཔྱད་འཇོག་མཇུག་འབྲས་ལ་གཞིགས་ནས་ཉིང་སྐྱུར་བརྟག་དཔྱད་ཀྱི་ཁྱབ་ཁོངས་དང་ཐེངས་གྲངས་ལེགས་སྒྲིག་བྱེད་པ། མངའ་ཁོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་ནུས་པ་མི་འདང་བའི་སྐབས་སུ་འགོག་རྫས་བརྟག་དཔྱད་བཀོལ་ནས་ཁ་གསབ་བྱས་ཆོག
3རང་ས་ཆར་རིམས་ནད་བྱུང་རྗེས། འབྲེལ་འདྲིས་དམ་ཟབ་པ་དུས་ཚོད་ག་ཚོད་ནང་གཅིག་བསྡུས་ལོག་བཀར་ས་ཚིགས་སུ་བསྐྱལ་དགོས་སམ།
འབྲེལ་འདྲིས་དམ་ཟབ་པ་ལ་ཆེད་སྤྱོད་རླངས་འཁོར་བཀོད་སྒྲིག་བྱས་ཏེ་དུས་ཚོད8ཀྱི་ནང་གཅིག་བསྡུས་ལོག་བཀར་ས་ཚིགས་སུ་བསྐྱལ་དགོས་ལ། ལོག་བཀར་བྱ་དགོས་ན་ངེས་པར་དུ་ལོག་བཀར་བྱེད་པ་དང་མྱུར་དུ་ལོག་བཀར་བྱ་དགོས།།
4འབྲེལ་འདྲིས་དམ་ཟབ་པ་གཅིག་བསྡུས་ལོག་བཀར་ས་ཚིགས་སུ་མ་བསྐྱལ་གོང་དོ་སྣང་བྱ་དགོས་པའི་དོན་དག་གང་དག་ཡོད་དམ།
ལོག་བཀར་ས་ཚིགས་སུ་མ་བསྐྱལ་གོང་མི་སྣའི་རྩ་འཛུགས་དོ་དམ་ཡག་པོ་བྱས་ཤིང་། ཐག་ཉེ་སའི་རྩ་དོན་གཞིར་བཟུང་ནས་ལུགས་མཐུན་སྒོས་གཅིག་བསྡུས་ལོག་བཀར་ས་ཚིགས་བགོ་བ་དང་རླངས་འཁོར་བཀོད་སྒྲིག་བྱེད་པ། དུས་ཐོག་ཏུ་ལོག་བཀར་ས་ཚིགས་སུ་བསྐྱལ་བའི་འཕེལ་རིམ་རྒྱུས་ལོན་བྱས་ནས། མཐའ་གཅིག་ཏུ་ནད་པ་དང་འབྲེལ་འདྲིས་དམ་ཟབ་པ་གཉིས་མཉམ་དུ་བསྐྱལ་བ་གཏན་འགོག་བྱ་དགོས།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
1 དཔང་རྟགས་ཡོད་པའི་དངོས་རྫས་དང་ཁོར་ཡུག་ནི་འགོས་ནད་ཀྱི་འབྱུང་ཁུངས་གཙོ་བོ་ཡིན་པ་དེར་བྱེད་ཐབས་ཅི་ཞིག་སྤྱད་ནས་བདེན་དཔང་བོར་བར་སྔོན་འགོག་བྱ་དགོས།
སྔོན་ལ་བཀག་སྡོམ་ཚོད་འཛིན་དང་། བསྐྱར་དུ་དཔེ་དབྱིབས་འཚོལ་བསྡུ། རྗེས་སུ་དུག་སེལ་བཅས་ཀྱི་བྱེད་ཐབས་སྤྱད་དེ་དཔང་རྟགས་བོར་བརླག་མི་ཡོང་བ་བྱ་དགོས།།
2 ཉེན་ཁ་ཆེ་འབྲིང་ས་ཁུལ་སོགས་བཀག་སྡོམ་དོ་དམ་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱེད་པའི་ས་ཁོངས་ནང་། ས་ཆ་གང་དག་ལ་སྔོན་འགོག་རང་བཞིན་གྱི་དུག་སེལ་བྱ་རྒྱུ་གཙོ་གནད་དུ་འཛིན་དགོས།
ཉེན་ཁ་ཆེ་འབྲིང་ས་ཁུལ་སོགས་བཀག་སྡོམ་དོ་དམ་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱེད་པའི་ས་ཁོངས་ནང་། གཙོ་བོ་ཁུལ་ཆུང་གི་ཐོག་ཁང་དང་། རིམས་འགོག་དངོས་ཟོག་འགན་སྲུང་བྱེད་གནས(ས་ཚིགས)གད་སྙིགས་གསོག་ཉར་བྱེད་གནས། མྱུར་སྐྱེལ་བསྡུ་འགྲེམ་བྱེད་གནས་སོགས་ས་ཁོངས་ཀྱི་ཁོར་ཡུག་ལ་སྔོན་འགོག་རང་བཞིན་གྱི་དུག་སེལ་བྱ་དགོས།།
3 ཏོག་གསར་གློ་ཚད་རིམས་ནད་ཀྱི་སེམས་ཁམས་བདེ་ཐང་ཞབས་ཞུའི་འགན་ལེན་གྱི་བླང་བྱ་གང་ཡིན་ནམ།།
རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། བྱ་བའི་མཐུན་སྦྱོར་ལམ་སྲོལ་འཛུགས་པ། སེམས་ཁམས་ཐེ་གཏོགས་དྲ་རྒྱ་འཛུགས་པ། ཆེད་ལས་བྱ་བྱེད་ཚོགས་པ་འཛུགས་པ་བཅས་བྱ་དགོས།།
4 ཏོག་གསར་གློ་ཚད་རིམས་ནད་ཀྱི་སེམས་ཁམས་བདེ་ཐང་ཞབས་ཞུ་བྱ་ཡུལ་གང་དག་ཡོད་དམ།
ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་དང་ཁྱིམ་མི། ལོགས་བཀར་མི་སྣ་དང་དེའི་ཁྱིམ་མི། ཤི་རྨས་བྱུང་བའི་ཁྱིམ་མི། སྨན་བཅོས་མི་སྣ་སོགས་འཐབ་ཕྱོགས་དང་པོའི་ལས་བྱེད་མི་སྣ། དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་དང་དཀའ་ངལ་ཡོད་པའི་བྱིས་པ་སོགས་འདུས།།
རྩོམ་སྒྲིག་པ། པདྨ་འཚོ།
|