2022ལོའི་ཟླ8པའི་ཚེས11ཉིན་གྱི་དུས་ཚོད0ནས24ཡི་བར་དུ། ཀན་ལྷོ་ཁུལ་དུ་གདགས་གཤིས་ཅན་གྱི་ནད་པ་གཅིག་ཀྱང་གསར་དུ་བྱུང་མེད་པ་དང་། བསྟུད་མར་ཉིན་བདུན་གྱི་རིང་ལ་གདགས་གཤིས་ཅན་གྱི་ནད་པ་གཅིག་ཀྱང་གསར་དུ་བྱུང་མེད།
ཟླ8པའི་ཚེས11ཉིན་གྱི་དུས་ཚོད24ཐུག་བར་དུ། ཁུལ་ཡོངས་སུ་བསྡོམས་རྩིས་བྱས་ན་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་འགོས་པའི་ནད་པ522(41+481)ཡོད་པ་དང་། ནད་རྟགས་གཏན་འཁེལ་བྱས་པའི་ནད་པ41(བསང་ཆུ་རྫོང་དུ32དང་རྨ་ཆུ་རྫོང་དུ9)ཡོད་ལ། ནད་རྟགས་མི་མངོན་པའི་ནད་པ481(བསང་ཆུ་རྫོང་དུ469དང་རྨ་ཆུ་རྫོང་དུ12)ཡོད།
གཅིག་བསྡུས་ལོགས་བཀར་ས་ཚིགས་ནས་ཕྱིར་འཐེན་པའི་ནད་པ6ཇེ་མང་དུ་སོང་བ་སྟེ། བསང་ཆུ་རྫོང་གི་ནད་པ6(ནད་རྟགས་གཏན་འཁེལ་བྱས་པའི་ནད་པ1དང་ནད་རྟགས་མི་མངོན་པའི་ནད་པ5)ཡོད། མིག་སྔར་གཅིག་བསྡུས་ལོགས་བཀར་ས་ཚིགས་ནས་གསོ་རིག་ལྟ་ཞིབ་བྱེད་བཞིན་པའི་ནད་པ་ལས་བསྡོམས་པས་མི493ཕྱིར་འཐེན་པ་དང་། རྨ་ཆུ་རྫོང་གི་ནད་པ21(ནད་རྟགས་གཏན་འཁེལ་བྱས་པའི་ནད་པ9དང་ནད་རྟགས་མི་མངོན་པའི་ནད་པ12)དང་། བསང་ཆུ་རྫོང་གི་ནད་པ472(ནད་རྟགས་གཏན་འཁེལ་བྱས་པའི་ནད་པ30དང་ནད་རྟགས་མི་མངོན་པའི་ནད་པ442)ཡོད། ད་ལྟ་བསྡོམས་པས་སྨན་ཁང་དུ་ཡོད་པའི་ནད་པ29(བསང་ཆུ་རྫོང་གི29དང་རྨ་ཆུ་རྫོང་གི0)ཡོད།།
ཀན་ལྷོ་ཁུལ་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་བཅོས་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་།
2022ལོའི་ཟླ8པའི་ཚེས12ཉིན།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
|