༄༅།། རིམས་འགོག་རྒྱུན་ཤེས། - ཚན་རྩལ་ཤེས་བྱ། - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། རིམས་འགོག་རྒྱུན་ཤེས།
དུས་ཚོད།2022-11-04 15:50:42     རྩོམ་གྱི་ཡོང་ཁུངས། 《ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞི(པར་ཐེངས་དགུ་བ)》ལས།    ཆུང་། | འབྲིང་། | ཆེ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ཀྱི་རྐྱེན་སྲོལ《ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞི(པར་ཐེངས་དགུ་བ)》ཡི་གཙོ་གནད་དྲི་བ་དྲིས་ལན་བདམས་བཀོད།
 དྲི་བ།
68.ཚོད་ལྟ་ཁང་གི་བརྟག་དཔྱད་མཇུག་འབྲས་ཕྱིར་ལྡོག་པའི་དུས་བཀག་ནི་ཅི་ཞིག་ཡིན།
ལན།
    སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་བརྟག་དཔྱད་ཚད་ལེན་ལས་ཁུངས་ཕྱོགས་གསུམ་པ་སོགས་ཀྱིས་ཆུ་ཚོད12ནང་ཚུན་དུ་ཚོད་ལྟ་ཁང་གི་བརྟག་དཔྱད་ཚད་ལེན་མཇུག་འབྲས་ཕྱིར་ལྡོག་བྱ་དགོས།།
དྲི་བ།
69.སྔོན་ལ་དངོས་དཔེ་གང་དག་བདམས་ནས་ནད་དུག་གི་གཞི་རྒྱུའི་ཚོགས་པའི་གོ་རིམ་ཚད་འཇལ་གཏན་འཁེལ་བྱ་དགོས།
ལན།
    ཉིང་སྐྱུར་བརྟག་དཔྱདCtཐང≦32ཀྱི་རང་ས་གནས་ཀྱི་རིམས་ནད་ཁྲོད་ཐོག་མའམ་ཡང་ན་སྔ་མའི་ནད་དཔེ། སྔ་མའི་ནད་དང་མཆེད་ཁུངས་མི་གསལ་བའི་རང་སའི་ནད་དཔེ། མངའ་ཁོངས་ཕྱི་ནས་ཐོན་པའི་ནད་དཔེ། རྒྱལ་ཁོངས་ནང་འཛུལ་བའི་དངོས་རྫས། འབྲེལ་ཡོད་ཁོར་ཡུག་གི་ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་ཅན་གྱི་དངོས་དཔེ། རིམས་འགོག་སྨན་ཁབ་བརྒྱབ་རྗེས་ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་ཅན་གྱི་མ་དཔེ་སོགས་ཡིན།།
དྲི་བ།
70.ནད་དུག་ལོགས་སུ་འབྱེད་པའི་གསོ་སྐྱོང་བྱ་ཡུལ་ནི་ཅི་ཞིག་ཡིན་ནམ།
ལན།
   ཉིང་སྐྱུར་བརྟག་དཔྱདCtཐང≤30ཕྱི་ནས་ཐོན་པའི་ནད་དཔེ་ཡོད་ཚད་ཀྱི་མ་དཔེ་དང་རང་ས་གནས་ཀྱི་རིམས་ནད་ཁྲོད་ཀྱི་ཐེངས་དང་པོའམ་ཡང་ན་སྔ་དུས་ཀྱི་ནད་དཔེ། སྔ་དུས་ཀྱི་ནད་པར་མཆེད་ཁྱབ་རིག་པ་དང་འབྲེལ་བའི་གནད་ཆེའི་ནད་དཔེ། འགོས་ནད་ཀྱི་ཡོང་ཁུངས་མི་གསལ་བའི་རང་སའི་ནད་དཔེ། དེ་མིན་འགོག་སྨན་བརྒྱབ་རྗེས་ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་ཅན་གྱི་ནད་དཔེ་སོགས་ཡིན།།
དྲི་བ།
 71.འགོག་ཟུངས་བརྟག་དཔྱད་བྱ་ཡུལ་ནི་ཅི་ཞིག་ཡིན།
ལན།
   ཉིང་སྐྱུར་བརྟག་དཔྱད་ཚད་ལེན་བྱེད་པའི་ཆ་རྐྱེན་མི་འཛོམས་པའི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་། ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་བཞིན་པའི་མི། གདོད་འགོག་རང་ཉིད་ལ་བརྟག་དཔྱད་ཚད་ལེན་བྱེད་པའི་དགོས་མཁོ་ཡོད་པའི་སྡེ་ཁུལ་གྱི་ཡུལ་མི་བཅས་ཀྱིས་བྱ་ཐབས་འདི་སྤྱད་ནས་བརྟག་དཔྱད་ཚད་ལེན་བྱས་ཆོག།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
 
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།