中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། ཨ་རིའི་སྨན་པས་སྐྲན་ནད་ནི་བརྩེ་བ་ལ་སྐྲག་པ་བསྟན།
དུས་ཚོད།2016-08-24 16:31:46     རྩོམ་གྱི་ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།    ཆུང་། | འབྲིང་། | ཆེ།
    འབུམ་རམས་པ་ཏ་ཝེ་ཧོར་ཅིན་སི་ནི་ཨ་རིའི་སྨན་པ་ཞིག་ཡིན་ཞིང་ཨ་རིར་མིང་གྲགས་ཤིན་ཏུ་ཆེ་ལ། ཁོང་གིས་འཛམ་གླིང་ས་ཕྱོགས་སོ་སོ་ནས་ཕེབས་པའི་ནད་པ་མང་པོར་སྨན་བཅོས་བྱས་མྱོང་བ་དང་། ཁོང་གིས་ནད་པ་གང་དེ་མིག་གིས་མཐོང་མ་ཐག་ནད་ཕོག་པའི་རྒྱུ་རྐྱེན་ཤེས་རྟོགས་ཐུབ་པར་བཤད་ཅིང་། དེ་ཡང་ཁོང་གི་དགོངས་ཚུལ་ལྟར་ན། ནད་པ་མང་ཆེ་བའི་ལུས་སྟེང་ནས་བརྩེ་བ་དང་འབྲེལ་བའི་ཡིག་འབྲུ་གཅིག་ཀྱང་རྙེད་མི་ཐུབ་ཅིང་། ཡོད་ཚད་ནི་སྡུག་བསྔལ་དང་ཞེ་སྡང་། ཡིད་ཕམ་གྱིས་ཁེངས་ཡོད་པ་སྟེ། མི་ཕལ་མོ་ཆེ་ནད་ཀྱིས་མནར་བའི་རྒྱུ་རྐྱེན་ནི་སྡུག་བསྔལ་དང་ཡིད་ཕམ་ཁོ་ན་ལས་བརྩེ་བ་མེད་པའི་ཕྱིར་ཡིན་ཞིང་། འདར་འགུལ་ཚད200ལས་དམའ་བ་ཡིན་ན་ནད་འབྱུང་སླ་བ་བསྟན་པ་དང་། འདར་འགུལ་ཚད་ནི་མི་རྣམས་ཀྱིས་རྒྱུན་དུ་གླེང་བའི་སྡུད་ར་ཞེས་པ་དེ་རེད།
     ཧོར་ཅིན་སིས་བཤད་པ་ལྟར་ན། ནད་ཕོག་པའི་མི་ཐམས་ཅད་ལ་སེམས་སྡུག་པོ་ཡོད་པ་དང་། གལ་སྲིད་མིའི་འདར་འགུལ་ཚད་ནི200ལས་མཐོ་བ་ཡིན་ན་ནད་འབྱུང་མི་སྲིད་ཅིང་། ནད་ཕོག་ཡོད་པའི་མི་དེའི་རིགས་ཀྱི་འདར་འགུལ་ཚད་ནི་རྟག་ཏུ200ལས་དམའ་བ་ཡོད་པ་རེད། འོ་ན་བསམ་ཚུལ་རིགས་གང་དག་གི་འདར་འགུལ་ཚད་ནི200ལས་དམའ་བ་ཡོད་དམ་ཞེ་ན། འཁང་ར་དང་ལེ་བདའ་བྱེད་རྒྱུར་དགའ་བ་དང་ཞེ་སྡང་སྐྱེ་སླ་བའི་མི་དེ་རིགས་ཡིན་ཞིང་། དེ་དག་གི་འདར་འགུལ་ཚད་སུམ་ཅུ་བཞི་བཅུ་ཙམ་མ་གཏོགས་མེད་པ་དང་མི་གཞན་པར་སྡིག་དམོད་བྱེད་པའི་གོ་རིམ་ཁྲོད་དུ་རང་ཉིད་ཀྱི་ནུས་ཚད་མང་པོ་ཞིག་ཟད་གྲོན་བྱེད་བཞིན་ཡོད་པར་བརྟེན་འདར་འགུལ་ཚད200ལས་དམའ་བའི་མི་དེ་རིགས་ལ་ནད་རིགས་སྣ་ཚོགས་འགོ་སླ་བ་རེད།
     འདར་འགུལ་སྟོན་གྲངས་ཆེས་མཐོ་ཤོས་ནི1000དང་ཆེས་དམའ་བ་ནི1ཡིན་ལ། ཧོར་ཅིན་སི་ཡིས་བཤད་པ་ལྟར་ན། ཁོང་གིས་མཐོང་མྱོང་བའི་འཛམ་གླིང་གི་འདར་འགུལ་ཚད་ཆེས་མཐོ་ཤོས་ནི700ཡིན་ཞིང་དེའི་ནུས་ཚད་ཧ་ཅང་མང་པོ་འདུག་ཅེས་དང་། མི་དེའི་རིགས་སླེབས་ཡོང་དུས་ས་ཆ་ཞིག་གི་སྡུད་རར་ཤུགས་རྐྱེན་ཐོན་ཐུབ་ཀྱི་ཡོད། ནོ་པེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་བའི་དགེ་སྒྲུབ་མ་ཐི་རིས་སཱ་གཟེངས་བསྟོད་ཚོགས་རར་ཕེབས་ཡོང་དུས། ཚོགས་རའི་སྣང་ཚུལ་ཤིན་ཏུ་ལེགས་ཤིང་འདར་འགུལ་ཚད་ཤིན་ཏུ་མཐོ་ལ། ཁོང་གི་སྡུད་རས་ཚོགས་མི་ཡོངས་ལ་ཁོང་གི་ནུས་ཚད་མྱོང་དུ་བཅུག་སྟེ་ཡིད་འོང་དང་སེམས་འགུལ་གྱིས་ཁེངས་ཡོད་ཅེས་བརྗོད་ཀྱི་འདུག།
 
རྩོམ་སྒྲིག་པ། མཁའ་བྱམས་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།