中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། སྐད་འཕྲིན་གྱི“ཁུག་དམར”འཕྲོག་སྐབས་ཉེན་ཁ་ཆེ་བ།
དུས་ཚོད།2016-08-31 15:27:13     རྩོམ་གྱི་ཡོང་ཁུངས། སི་ཁྲོན་བོད་སྐད་རླུང་འཕྲིན།    ཆུང་། | འབྲིང་། | ཆེ།
     སྐད་འཕྲིན་ཚོགས་པ་གང་མང་ནས་ཁུག་དམར་འཕྲོག་པ་ནི་རྒྱུན་མཐོང་གི་སྣང་ཚུལ་ཞིག་ཡིན་མོད། འོན་ཀྱང་མ་རུངས་ཁོག་བཅུག་ཅན་རེ་འགས་ཁུག་དམར་བརྒྱུད་ནས་ཁྱེད་ཀྱི་དངུལ་བྱང་ལས་སྒོར་མོ་གཡོ་ལེན་བྱེད་པའི་ཉེན་ཁ་ཡོད་པས། དོན་དེར་ངེས་པར་དུ་ཐུགས་གཟབ་གནང་དགོས།
    ཉེ་ལམ། ཧི་པེ་ཞིང་ཆེན་ཧྲི་ཅཱ་ཀྲང་གྲོང་ཁྱེར་གྱི་སློབ་ཆེན་སློབ་མ་ཀྲང་ལགས་མི་རྒྱུས་མེད་ཅིག་གིས་སྐད་འཕྲིན་ཚོགས་པ་ཞིག་ཏུ་བཞག་རྗེས། དེ་མུར་ཁུག་དམར་སྒོར་མོ700ཅན་ཞིག་འཕྲོག་རྒྱུ་བྱུང་། ཁོ་རང་དགའ་སྤྲོ་རབ་ཏུ་འཕེལ་ཞིང་མགྱོགས་པོར་ཁུག་དམར་ལས་སྒོར་མོ་དངུལ་བྱང་དུ་ལེན་རྩིས་བྱས། ཡིན་ནའང་ཁུག་དམར་ནང་གི་སྒོར་མོ་དངུལ་བྱང་དུ་གཏན་ནས་ལེན་ཐུབ་ཀྱིན་མི་འདུག་པར་དེ་ལས་ལྡོག་སྟེ་རང་གི་དངུལ་བྱང་ལས་སྒོར་མོ700མེད་པར་གྱུར་འདུག
གནས་ཚུལ་དེར་ཉེན་རྟོག་ཕྱོགས་ཀྱིས་གསལ་བཤད་བྱས་པ་ལྟར་ན། ཁུག་དམར་དེ་ལྟ་བུ་ནི་དུག་ལྡན་ཨང་རྟགས་ཡིན་ཞིང་། གཡོ་འོག་ཏུ་ཚུད་མཁན་གང་གིས་དེ་མནན་ཚེ་དངུལ་བྱང་ཨང་གྲངས་དང་གསང་གྲངས་རྣམས་ཁྲིམས་འགལ་གྱི་སྦྱོར་བ་སྤེལ་མཁན་དེས་བརྐུ་འགྲོ་བ་དང་། དེ་རྗེས་དངུལ་བྱང་ལས་སྒོར་མོ་བརྐུ་འགྲོ་བ་རེད།
ཉེན་རྟོག་ཕྱོགས་ཀྱིས་གསལ་འདེབས་གནང་བ་སྟེ།
གཅིག  སྐད་འཕྲིན་གྱི་རིན་སྤྲོད་འཆར་ངོས(微信支付界面)ནས་གསང་གྲངས་འཇོག་དགོས།
གཉིས། སྐད་འཕྲིན་ནང་གི་གྲོགས་པོ་སོགས་ཀྱིས་ཁ་པར་ལས་སྒོར་མོ་སྤྲད་རོགས་ཞུ་སྐབས་ངེས་པར་དུ་དངོས་སུ་ཁ་པར་བཏང་ནས་བདེན་མིན་ཞིབ་དཔྱད་བྱ་དགོས།
གསུམ། གལ་སྲིད་སྐད་འཕྲིན་གྱི་ཐོ་གྲངས་བརྐུས་སོང་ཚེ། སྐད་འཕྲིན་གྱི་བདེ་འཇགས་ལྟེ་གནས་ནས་ཐོ་གྲངས་བཀག་འཇོག་བྱས་ཏེ། ཐོ་གྲངས་སོགས་ཕྱིར་མི་ཤོར་བ་བྱ་དགོས།
 བཞི། སྐད་འཕྲིན་གྱི་ཐོ་གྲངས་སྲུང་སྐྱོབ་ནུས་པ་ཕྱེ་སྟེ། ལག་འཁྱེར་ཁ་པར་ཨང་གྲངས་དང་སྦྲེལ་ནས་བདེ་འཇགས་ཀྱི་ཚད་རིམ་ཇེ་མཐོར་བཏང་ཆོག གལ་སྲིད་ཁྱེད་ལ་ཁ་པར་གྱི་ར་སྤྲོད་ཨང་གྲངས(验证码)དགོས་ཟེར་མཁན་ཡོད་ཚེ་གཏན་ནས་སྟེར་མི་རུང་ལ། དེས་ཁྱེད་ཀྱི་སྐད་འཕྲིན་ཐོ་གྲངས་སོགས་བརྐུས་ནས་ནང་འཇུག་བྱེད་ཀྱིན་པའང་ཡིན་ལས་ཆེའོ།།
རྩོམ་སྒྲིག་པ། མཁའ་བྱམས་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།