༄༅།། 《ཐང་སྟོང་རྒྱལ་པོའི》རྣམ་ཐར་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་གི་ཟློས་གར་ཁང་དུ་འཁྲབ་སྟོན་བྱས་པ། - རང་ཁུལ་གསར་འགྱུར། - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། 《ཐང་སྟོང་རྒྱལ་པོའི》རྣམ་ཐར་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་གི་ཟློས་གར་ཁང་དུ་འཁྲབ་སྟོན་བྱས་པ།
དུས་ཚོད།2015-11-12 11:30:43     རྩོམ་གྱི་ཡོང་ཁུངས།མདོ་ལྷོ་དྲ་བ།     ཆུང་། | འབྲིང་། | ཆེ།
                                                   རྩོམ་སྒྲིག་པ། དངོས་སྦྱོང་སློབ་མ་བཀྲ་ཤིས་ཚེ་རིང་།
      (རང་རེའི་གསར་འགྱུར་གྱི་པེ་ཅིན་ནས་སྤེལ་འཕྲིན།)ཟླ 10བའི་ཚེས 22ཉིན་གྱི་དགོང་མོར། རང་ཁུལ་གྱི་བོད་ཀྱི་གླུ་བྲོའི་ཟློས་གར་ཁང་གིས་གསར་རྩོམ་ནང་སྦྱོང་བྱས་པའི་བོད་ཀྱི་རྣམ་ཐར་ཟློར་གར་ཆེ་གྲས《ཐང་སྟོང་རྒྱལ་པོ》ཞེས་པས་བོད་ཁུལ་མི་དམངས་ཀྱི་འཚམས་འདྲི་དང་སྨོན་འདུན་ཁྱེར་ནས། རྒྱལ་ས་པེ་ཅིན་དུ་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཟློས་གར་མཉམ་འཛོམས་འཁྲབ་སྟོན་སྐབས་བཞི་བར་ཞུགས་ནས་ཐོག་དང་བོར་མི་རིགས་རིག་གནས་ཕོ་བྲང་གི་གླུ་གར་ཁང་དུ་འཁྲབ་སྟོན་བྱས་ཏེ། རྒྱལ་སའི་མི་དམངས་ལ་ངོ་མཚར་འགྲན་ཟླ་བྲལ་བའི་རིག་རྩལ་གསོལ་སྟོན་ཆེན་པོ་ཞིག་ཕུལ།
     རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་རྒྱལ་ཡོངས་སྲིད་གྲོས་ཅིང་ཁུན་ཁང་གི་ཀྲུའུ་རེན་ལུའུ་ཀྲན་ཀུང་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་སྲི་ཐར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཅིང་ཁུན་ཁང་གི་ཀྲུའུ་རེན་གཞོན་པ། ཀྲུང་གོའི་གྲངས་ཉུང་མི་རིགས་ཟློས་གར་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་རྒྱལ་ཁབ་ཀྱི་རིམ་པ་དང་བོའི་འཁྲབ་གཞུང་རྩོམ་མཁན་ཝུའུ་ཅང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཅིང་ཁུན་ཁང་གི་ཀྲུའུ་རེན་གཞོན་པའམ་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཁྲེང་ཀྲི  ཞིང་ཆེན་མི་རིགས་ལས་དོན་ཨུའི་ཀྲུའུ་རེན་གཞོན་པ་ཁྲའེ་ཧྲིན་ཞང་སོགས་འཁྲབ་སྟོན་བྱ་ཡུལ་དངོས་སུ་ཕེབས་ཏེ་འཁྲབ་སྟོན་ལ་གཟིགས།
     ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བཀྲ་ཤིས་འཚོ་དང་ཁུལ་དཔོན་གཞོན་པ་ཧྲི་ཀྲན་ལིའང་གིས་མཉམ་དུ་འཁྲབ་སྟོན་ལ་བལྟས།
\
   《ཐང་སྟོང་རྒྱལ་པོའི》རྣམ་ཐར་ནི་བོད་ཀྱི་ལོ་རྒྱུས་མི་སྣ་དངོས་དང་ལོ་རྒྱུས་ཀྱི་དོན་རྐྱེན་དངོས་དེ་དུས་རབས་ཀྱི་བརྗོད་བྱ་གཙོ་བོར་བྱས་ཏེ་བོད་ཀྱི་ལོ་རྒྱུས་ཐོག་གི་ལྕགས་ཟམ་སྐྲུན་པའི་མི་སྣ་གྲགས་ཅན་དང་། ལྷ་མོའི་སྲོལ་གཏོད་མཁན། བོད་ཀྱི་གསོ་རིག་མཁས་པ་གྲགས་ཅན་བཅས་ཡིན་པའི་ཐང་སྟོང་རྒྱལ་པོའི་མཛད་རྗེས་རླབས་པོ་ཆེ་འཁྲབ་སྟོན་བྱས་ཏེ་མདོ་དབུས་མཐོ་སྒང་དུ་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་དུ་འགྲོ་བའི་ལོ་རྒྱུས་དང་འཕེལ་རིམ་དང་། ལོ་ངོ 500ལྷག་གི་སྔོན་གྱི་བོད་རྒྱ་མི་རིགས་གཉིས་བར་རིག་གནས་སྤེལ་རེས་བྱས་པའི་ལོ་རྒྱུས་མཚོན་ཏེ་བོད་རྒྱ་མི་རིགས་གཉིས་ཀྱི་མཐུན་སྒྲིལ་དང་སྤྱི་ཚོགས་ལོ་རྒྱུས་ཀྱི་སྲོལ་རྒྱུན་བཟང་པོ་ཤུགས་ཀྱིས་གསལ་པོར་བསྟན།
   《ཐང་སྟོང་རྒྱལ་པོ》ཞེས་པའི་བོད་ཀྱི་རྣམ་ཐར་འདིའི་འཁྲབ་གཞུང་རྩོམ་འབྲི་དང་ནང་སྦྱོང་ལོ་གཅིག་ལྷག་བྱས་པ་དང་།  མ་དངུལ་སྒོར་ཁྲི 150ལྷག་བཏང་བ་དང་། ཀན་ལྷོ་ཁུལ་རིག་གནས་རླུང་འཕྲིན་གསར་འགྱུར་དཔེ་སྐྲུན་ཅུས་ཀྱི་མཛུབ་སྟོན་འོག  ཁུལ་བོད་ཀྱི་གླུ་བྲོའི་ཟློས་གར་ཁང་གིས་ཁུལ་ཕྱི་ནང་གི་བོད་ཀྱི་ཟློས་གར་མཁས་པ་དང་ཡོན་ཏན་ཅན་གདན་ཞུ་གནང་སྟེ་འཁྲབ་གཞུང་ལ་བཞུགས་མོལ་དང་། བགྲོ་གླེང་། ཞུ་དག་གཏན་འབེབས་ཐེངས་མང་བྱས་པ་བརྒྱུད་གཙོ་གནད་འཁྲབ་ཚན་འདི་གསར་རྩོམ་ནང་སྦྱོང་བྱས་ཏེ་དངོས་སུ་འཁྲབ་སྟོན་བྱས་པས།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ད་ལོའི་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་དང་རིག་གནས་ཐོན་ལས་ཚོགས་ཆེན་ཐོག་བཏོན་པའི་རིག་གནས་ཡུལ་སྐོར་གཏིང་ཟབ་ཏུ་མཉམ་འདྲེས་འཕེལ་རྒྱས་གཏོང་བ་མངོན་འགྱུར་འབྱུང་བར་ཆ་རྐྱེན་བཟང་བོ་བསྐྲུན་པ་དང་རྨང་གཞི་བརྟན་པོ་བཏིང་།།
   


Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།