中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཁུལ་གྱི་སྐབས་བཅོ་ལྔ་བའི་དམངས་ཆེན་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཐེངས་ཉེར་བདུན་པ་ཚོགས་པ།
དུས་ཚོད།2015-11-12 11:41:16     རྩོམ་གྱི་ཡོང་ཁུངས།མདོ་ལྷོ་དྲ་བ།     ཆུང་། | འབྲིང་། | ཆེ།
                                                          རྩོམ་སྒྲིག་པ། དངོས་སྦྱོང་སློབ་མ་བཀྲ་ཤིས་ཚེ་རིང་། 
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅོ་ལྔ་བའི་དམངས་ཆེན་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཐེངས་ཉེར་བདུན་པ་གཙོས་སུ་ཚོགས།
    ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་གིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།
    ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ཀྲོའུ་ཏང་ཧྲིན་དང་ཨན་ཀྲི་དབྱིན། ཚེ་རིང་དོན་གྲུབ། ལི་རུའེ་ཕིན། དབྱང་ཅན་གོ་དང་དྲུང་ཡིག་ཆེན་མོ་ཏུའུ་ཀེན་ཚུན་བཅས་གྲོས་ཚོགས་སུ་ཞུགས།
    ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་དབྱང་སྒྲོལ་མ་དང་ཁུལ་དཔོན་གཞོན་པ་ནམ་མཁའ་སངས་རྒྱས། གསར་དུ་བསྐོ་འཐེན་བྱས་པའི་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་གྲོས་ཚོགས་སུ་ཟུར་ཞུགས་བྱས་ཤིང་གཏམ་བཤད།
ཚོགས་ཐོག་ཏུ། ཁུལ་མི་དམངས་སྲིད་གཞུང་གིས་མི་རིགས་ཀྱི་ཆེད་མཁོའི་ཅ་ལག་དང་ཡུལ་སྐོར་དྲན་རྟེན་གསར་སྤེལ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་རྟོག་ཞིབ་སྙན་ཞུ་ལ་ཉན་ཞིང་གྲོས་ཞིབ་བྱས་པ་དང་། ཁུལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་བྱུང་བའི་གནས་ཚུལ་སྙན་ཞུ་ལ་ཉན་ཞིང་གྲོས་ཞིབ་བྱས་ཏེ། རྩ་འཛུགས་བྱས་ནས་ཆེད་དོན་འདྲི་ཞིབ་དང་བློ་ཡིད་ཚིམས་ཚད་ཚད་ལེན་བྱས། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་འཐུས་མིའི་ལྟ་ཞིབ་ཚན་ཆུང་གིས་ཁུལ་གྱི་སྐབས་བཅོ་ལྔ་བའི་དམངས་ཆེན་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་འཐུས་མིའི་བསམ་འཆར་སྒྲུབ་གཉེར་དོན་འཁྱོལ་བྱས་པའི་གནས་ཚུལ་སྐོར་གྱི་ལྟ་ཞིབ་སྙན་ཞུ་ལ་ཉན་ཞིང་གྲོས་ཞིབ་བྱས། ཁུལ་མི་དམངས་སྲིད་གཞུང་གིས་ཁུལ་ཡོངས་ཀྱིས
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་ན་རྒན་པའི་མི་དབང་ཁེ་ཕན་འགན་སྲུང》དོན་འཁྱོལ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། 2014ལོའི་ཁུལ་ཡོངས་དང་ཁུལ་རིམ་པའི་ནོར་སྲིད་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གི་གནས་ཚུལ་གྱི་ཞིབ་བཤེར་རྩིས་ལེན་བྱས་པའི་བྱ་བའི་སྙན་ཞུ། 2014ལོའི་ཁུལ་ཡོངས་དང་ཁུལ་རིམ་པའི་ནོར་སྲིད་ངེས་རྩིས་འཆར་ཟིན་གྱི་སྙན་ཞུར་ཉན་ཞིང་དེ་དང་འབྲེལ་བའི་གྲོས་ཐག་བཅད། ཁུལ་མི་དམངས་སྲིད་གཞུང་གིས《བཟའ་ཆས་བདེ་འཇགས་བཅའ་ཁྲིམས》ཀྱི་གྲོས་ཞིབ་བསམ་འཆར་སྒྲུབ་གཉེར་དོན་འཁྱོལ་བྱས་པའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་ཞིང་བློ་ཡིད་ཚིམས་ཚད་ཚད་ལེན་བྱས། 《〈ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་རའི་བདེ་འཇགས་དོ་དམ་ཐབས་བཀོད〉ཀྱི་ཆོད་དོན》དང《རིན་ཆེན་དོན་གྲུབ་ཀྱིས་ཁུལ་གྱི་སྐབས་བཅོ་ལྔ་བའི་དམངས་ཆེན་རྒྱུན་ཨུ་ཁང་གི་ཨུ་ཡོན་གྱི་ལས་གནས་དགོངས་ཞུའི་རེ་འདུན་དང་ལེན་བྱས་པའི་ཐག་གཅོད》དང་། ཁུལ་གྱི་སྐབས་བཅོ་ལྔ་བའི་དམངས་ཆེན་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པའི་གྲོས་གཞིའི་གྲོས་རིམ་དང་དུས་ཚོད་སྔོན་བརྡ་བཅས་ལ་གྲོས་འཆམ་བྱུང་ཞིང་མི་དོན་བསྐོ་འཐེན་གྱི་ལས་དོན་སྤེལ།
    ཨན་ཅིན་ལུང་གིས་མི་རིགས་ཀྱི་ཆེད་མཁོའི་ཅ་ལག་དང་ཡུལ་སྐོར་དྲན་རྟེན་གྱི་གསར་སྤེལ་བྱ་བ། འཐུས་མིའི་བསམ་འཆར་དང་རེ་འདུན། བཟའ་ཆས་བདེ་འཇགས་ཀྱི་བྱ་བ་བཅས་ལེགས་པོར་སྒྲུབ་དགོས་པའི་ཐད་དུ་བླང་བྱ་ནན་མོ་བཏོན།།
 
 

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།