中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་ལིན་ཐན་རྫོང་དུ་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་གནང་བ།
དུས་ཚོད།2015-11-18 10:16:39     རྩོམ་གྱི་ཡོང་ཁུངས།མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
                                                                        རྩོམ་སྒྲིག་པ། དངོས་སྦྱོང་སློབ་མ་བཀྲ་ཤིས་ཚེ་རིང་། 
     (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 11པའི་ཚེས 10ཉིན་ནས་ཚེས 11ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་མི་རིགས་ཕྱིར་སྡོད་རང་མིའི་ལས་དོན་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་དབྱི་ཧྥུ་ཧྲན་དང་། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གཞུང་སྒྲུབ་ཐིང་གི་ཀྲུའུ་རེན་གཞོན་པ་ཡུས་ཁྲའོ། ཞིང་ཆེན་འགྲིམ་འགྲུལ་ཐིང་གི་སྒྲིག་བཤེར་ཚན་གཙོ་ཨའེ་ཡུས་ཏེ་སོགས་ཀྱི་སྣེ་ཁྲིད་དེ། ལིན་ཐན་རྫོང་དུ་སོང་ནས་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་གནང་།
    ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཞུས་ཆང་། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ཚེ་རིང་དོན་གྲུབ་བཅས་ཀྱིས་རྟོག་ཞིབ་གནང་བར་འགྲོ་རོགས་བྱས།
    ཚེས 10ཉིན་གྱི་ཕྱི་དྲོར། འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་སྔ་གཞུག་ཏུ་ལིན་ཐན་རྫོང་མིང་ཞིན་ཚོང་དོན་ཚད་ཡོད་འགན་འཁྲི་ཀུང་སི་ཞིང་ལས་དར་སྤེལ་ཆེད་ལས་མཉམ་ལས་ཁང་དང་རྫོང་ལས་རིགས་ལག་རྩལ་ལྟེ་བར་ཕེབས་ནས། ནོར་ལུག་གསོ་སྤེལ་གྱི་གནས་ཚུལ་རྒྱུས་ལོན་མཛད་པ་མ་ཟད་མཉམ་ལས་ཁང་གི་ཐོན་སྐྱེད་བདག་གཉེར་གྱི་གནས་ཚུལ་སྙན་ཞུ་ཕུལ་བར་གསན། འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་ཁེ་ལས་གོང་འཕེལ་གྱི་རིག་ལམ་ཡང་དག་ཡིན་མོད། ཁེ་ལས་འགན་ཁུར་བས་སྔར་ལས་ལྷག་པར་བསམ་བློ་བཅིངས་འགྲོལ་དང་འདུ་ཤེས་ལེགས་སྒྱུར་གྱིས་ཐོན་སྐྱེད་བདག་གཉེར་གྱི་མ་གནས་ཇེ་དམའ་རུ་གཏོང་བ་དང་། ནོར་ལུག་བྲིན་ཚོང་ཚོང་ར་རྒྱ་བསྐྱེད་དེ་ཚན་རིག་གི་གསོ་སྤེལ་རྒྱུན་འཁྱོངས་བྱེད་པ་དང་། ནོར་ལུག་གི་རིམས་ནད་འགོག་བཅོས་ཀྱི་བྱ་བ་བཟང་བོ་བསྒྲུབ་དགོས་ཞེས་གསུངས།
    ཚེས 11ཉིན་ལ་སྔ་གཞུག་ཏུ་ལིན་ཐན་རྫོང་གི་གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་ཐར་བྱ་བའི་བཞུགས་མོལ་གྲོས་ཚོགས་དང་ཆོས་ལུགས་ལས་རིགས་མི་སྣའི་བཞུགས་མོལ་གྲོས་ཚོགས། དབང་བོ་སྐྱོན་ཅན་གྱི་རོགས་སྐྱོར་བྱ་བའི་བཞུགས་མོལ་གྲོས་ཚོགས་བཅས་སུ་ཞུགས།
    འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་ལིན་ཐན་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྫོང་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་སྡུག་རུས་ཀྱིས"1236"དབུལ་སྐྱོར་མཁྲེགས་གཏོར་གྱི་བྱ་འགུལ་ལ་དམ་པོར་དམིགས་ནས། ལིན་ཐན་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་ལ། དབུལ་སྐྱོར་གསར་སྤེལ་དེ་ལས་འགན་ཆེས་གལ་ཆེན་ཞིག་ཏུ་བརྩིས་ནས། དབུལ་སྐྱོར་ངོ་མ་བྱེད་པ་དང་དབུལ་བོ་ངོ་མར་རོགས་སྐྱོར་བྱེད་པར་འབད་པ་བྱས་ཏེ། དབུལ་ཕོངས་མང་ཚོགས་ལ་དངོས་ཕན་ཐོབ་ཏུ་བཅུག་ནས་དབུལ་ཐར་ཕྱུག་འགྱུར་གྱིས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ཞེས་གསུངས་པ་མ་ཟད། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ནི་ལིན་ཐན་རྫོང་དབུལ་ཐར་ཕྱུག་འགྱུར་གྱི་མཛུབ་སྟོན་བསམ་བློ་དང་མཐུན་རྐྱེན་ཡག་པོ་ཡིན་པས། ཆོས་ལུགས་ལས་རིགས་ཀྱི་མི་སྣས་གྲོས་ཚོགས་ཀྱི་དགོངས་དོན་མཛུབ་སྟོན་དུ་བརྩིས་ནས་ཆོས་ལུགས་བྱ་བ་བཟང་བོ་བསྒྲུབ་པར་འབད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གཏམ་བཤད་གལ་ཆེན་ཁྲོད་བཏོན་པའི"ངེས་པར་དུ་དྲུག"ནི་ཀྲུང་དབྱང་གི་བོད་སྐྱོང་ཐབས་ཇུས་ཡིན་ལ། ང་ཚོས་སློབ་སྦྱོང་བྱེད་སའི་གཙོ་གནད་དང་ལྟེ་བ་ཡིན་པས། ངེས་པར་དུ་སློབ་སྦྱོང་དང་ཤེས་རྟོགས་ཟབ་མོ་དང་མཐའ་གཅིག་ཏུ་ལག་ལེན་དུ་བསྟར་དགོས། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་སྤྱི་ཚོགས་གཏན་འཇགས་སྲུང་སྐྱོང་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་མི་རིགས་ཁ་བྲལ་ལ་ངོ་རྒོལ་བྱས་ཏེ། དངོས་ཡོད་བྱ་སྤྱོད་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སྙིང་སྟོབས་མངོན་པར་མཚོན་དགོས་ཞེས་གསུངས་ཤིང་། ཏང་དང་སྲིད་གཞུང་གིས་སྔར་ནས་ད་བར་དབང་བོ་སྐྱོན་ཅན་གྱི་བྱ་བར་མཐོང་ཆེན་བྱས་པས་དབང་བོ་སྐྱོན་ཅན་ལ་མིའི་ཐོབ་ཐང་དང་ལ་རྒྱ་ཐོབ་ཅིང་། སྤྱི་དམངས་ཀྱི་ཁེ་དབང་དང་ཐུགས་ཁུར་ཐོབ། རྒྱ་ཆེའི་དབང་བོ་སྐྱོན་ཅན་གྱི་ལུས་པོར་སྐྱོན་ཡོད་ཀྱང་སྙིང་སྟོབས་མི་དབེན་པས་མེས་རྒྱལ་དང་མི་དམངས་ཀྱི་ཆེད་དུ་བྱས་རྗེས་བཞག་ཅིང་སྤྱི་ཚོགས་ཀྱི་བརྩི་བཀུར་ཐོབ། འབྲེལ་གཉིས་སྡེ་ཚན་གྱིས་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་གི་དབུལ་སྐྱོར་བྱ་བར་མཐོང་ཆེན་བྱས་ནས། བློ་རྩེ་གཅིག་སྒྲིམ་གྱིས་གནད་ཁེལ་དབུལ་སྐྱོར་བྱས་ཏེ་ལིན་ཐན་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འབྱུང་བར་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་གསུངས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།