中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གཉིས་པས་རང་ཁུལ་གྱི་བྱ་བར་སྐོར་ཞིབ་བྱེད་པའི་སྐུལ་སློང་གྲོས་ཚོགས་ཚོགས་པ།
དུས་ཚོད།2015-11-18 10:21:41     རྩོམ་གྱི་ཡོང་ཁུངས།མདོ་ལྷ་དྲ་བ།    ཆུང་། | འབྲིང་། | ཆེ།
རྩོམ་སྒྲིག་པ། དངོས་སྦྱོང་སློབ་མ་བཀྲ་ཤིས་ཚེ་རིང་། 
 
     (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 11པའི་ཚེས 13ཉིན་ལ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གཉིས་པས་རང་ཁུལ་གྱི་བྱ་བར་སྐོར་ཞིབ་བྱེད་པའི་སྐུལ་སློང་གྲོས་ཚོགས་ཚོགས་ཏེ། སྐོར་ཞིབ་བྱ་བ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གཉིས་པས་རང་ཁུལ་དུ་ཟླ་གཉིས་དང་ཕྱེད་ཀའི་རིང་ལ་སྐོར་ཞིབ་བྱ་རྒྱུ་རེད།
    ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ལི་སུའུ་ཧྥུན་དང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གཉིས་པའི་ཚན་གཙོ་ཀྲང་ཀྲིན་ཆན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད་གལ་ཆེན་བྱས། ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་བ་མ་ཟད་ཁུལ་ཨུའི་ཚབ་བྱས་ཏེ་གཏམ་བཤད། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གཉིས་པའི་སྐོར་ཞིབ་ཆེད་གཏོང་མི་སྣ་ལུའོ་ཅི་ཚུན་དང་ཚན་གཙོ་གཞོན་པ་ཀྲང་སེན་ཁྲོན། ཐིང་རིམ་པ་གཞོན་པའི་སྐོར་ཞིབ་པ་ཆང་མིང་ཞ། སྐོར་ཞིབ་པའི་ཁོངས་མི་སུན་གོ་ཆིན་དང་ཀྲོའུ་ཆང་། ཐང་ཧྥུ། ཝེ་ཧྲི་ཀྲུང་། ཁུལ་གྱི་ཚན་ཁག་ཆེན་པོ་བཞིའི་ཁོངས་མི། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་ཁྲིད་ཚན་ཁག་གི་ཁོངས་མི། དེ་མིན་ས་གནས་རིམ་པ་གཞོན་པ་ཡན་ཆད་ཀྱི་འགོ་ཁྲིད་ལས་བྱེད་པ་བཅས་གྲོས་ཚོགས་སུ་ཞུགས།
    ཀྲང་ཀྲིན་ཆན་གྱིས་སྐུལ་སློང་གཏམ་བཤད་ཁྲོད་དུ། ཕྱོགས་ཡོངས་ནས་ཏང་སྐྱོང་གཟབ་ནན་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་སྐོར་ཞིབ་བྱ་བའི་དོན་སྙིང་གལ་ཆེན་ངོས་ཟིན་གང་ལེགས་བྱ་དགོས། ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་ཤེས་རྟོགས་ཟབ་མོ་བྱས་ནས། བསམ་བློ་དངོས་གནས་ཀྲུང་དབྱང་གི་གནས་བབ་སྐོར་གྱི་དབྱེ་འབྱེད་སྟེང་དུ་གཅིག་གྱུར་བྱ་དགོས་ཤིང་། ཏང་གིས་ཏང་སྐྱོང་དང་ཏང་སྐྱོང་གཟབ་ནན་གྱི་འགན་འཁྲི་ཁུར་ནུས་ཇེ་དྲག་གཏོང་བ་དང་། བློ་རིག་གསལ་ཞིང་ལངས་ཕྱོགས་བརྟན་པོའི་སྒོ་ནས་སྐོར་ཞིབ་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། "ཕྱོགས་ཡོངས་བཞིའི"འཐབ་ཇུས་བཀོད་སྒྲིག་ལ་འགན་སྲུང་འདོན་སྤྲོད་བྱ་དགོས་པ་དང་། 《སྐོར་ཞིབ་བྱ་བའི་སྲོལ་ཡིག》དོན་འཁྱོལ་མཐར་ཕྱིན་བྱས་ཏེ། སྐོར་ཞིབ་བྱ་བ་བརྒྱུད་རིམ་ལྡན་པའི་ངང་སྤེལ་བ་དང་ཕན་འབྲས་འཐོབ་པར་ཁག་ཐེག་བྱ་དགོས་ཞེས་བསྟན།
    ལི་སུའུ་ཧྥུན་གྱིས་གཅིག་ཏུ《སྐོར་ཞིབ་བྱ་བའི་སྲོལ་ཡིག》སློབ་སྦྱོང་ཟབ་མོ་བྱ་དགོས་པ་དང་། གཉིས་སུ་ལྟ་སྐུལ་ལ་ངོས་ཟིན་ཡང་དག་དང་རང་རྟོགས་ཀྱིས་དང་ལེན་བྱ་དགོས་པ། གསུམ་དུ་ཧུར་བརྩོན་གྱིས་སྐོར་ཞིབ་ཚན་ཆུང་གིས་བྱ་བ་སྤེལ་བར་རྒྱབ་སྐྱོར་དང་གཞོགས་འདེགས་བྱ་དགོས་པ་བཅས་ཀྱི་བླང་བྱ་བཏོན།
    གྲོས་ཚོགས་སུ་ཁུལ་ཡོངས་ཀྱི་ཞིང་ཆེན་གྱིས་དོ་དམ་བྱེད་བཞིན་པའི་འགོ་ཁྲིད་ལས་བྱེད་པར་དམངས་གཙོའི་དཔྱད་བསྡུར་དང་འདྲི་ཤོག་རྟོག་ཞིབ་བྱས།
    ཁུལ་སྒྲིག་ཨུའི་ལྟ་ཞིབ་ཅུས་དང་ཁུལ་ཨུའི་རྩ་འཛུགས་པུའུ། ཁུལ་མི་དོན་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་རྫོང་རིམ་པ་གཞོན་པ་ཡན་ཆད་ཀྱི་ལས་བྱེད་པ་དང་། ཁུལ་ཐད་གཏོགས་སྡེ་ཁག་སོ་སོའི་འགན་ཁུར་བ། རྫོང་གྲོང་ཁྱེར་སོ་སོའི་ཚན་ཁག་ཆེན་པོ་བཞིའི་འགན་ཁུར་བ་གཙོ་བོ་དང་སྒྲིག་ཨུའི་ཧྲུའུ་ཅི། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཉེ་བའི་ལོ་གཉིས་ནང་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ཁུལ་ཡོངས་ཀྱི་རྫོང་རིམ་པ་ཡན་ཆད་ཀྱི་འགོ་ཁྲིད་པའི་འཐུས་མི་བཅས་བསྡོམས་པས་མི 150ལྷག་གྲོས་ཚོགས་སུ་ཞུགས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།