中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཅོ་ནེ་རྫོང་གི་དམངས་འཚོའི་ལས་གྲྭས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པ།
དུས་ཚོད།2015-11-18 10:26:17     རྩོམ་གྱི་ཡོང་ཁུངས།མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
                                       རྩོམ་སྒྲིག་པ། དངོས་སྦྱོང་སློབ་མ་བཀྲ་ཤིས་ཚེ་རིང་།
     (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ད་ལོར། ཅོ་ནེ་རྫོང་གིས་ཕྱོགས་མང་བོ་ནས་ལས་གཞིའི་མ་དངུལ་གྲབས་གསོག་བྱས་ནས་སློབ་གསོ་དང་འཕྲོད་བསྟེན། འཆར་ལྡན་བུ་སྐྱེའི་ཞབས་ཞུ་སོགས་དམངས་འཚོའི་ལས་གཞིའི་འཛུགས་སྐྲུན་ཤུགས་ཆེར་བཏང་སྟེ་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ཡོང་བར་སྐུལ་སྤེལ་བཏང་།
     2015ལོའི"ཕྱོགས་ཡོངས་ནས་ཞན་པ་ལེགས་སྒྱུར"གྱི་ལས་གཞི 8ཀྱི་དུས་འགོའི་བྱ་བ་གྲ་སྒྲིག་བྱེད་བཞིན་པའི་སྒང་ཡིན་ལ། སློབ་ཞུགས་སྔོན་གྱི་སྐད་གཉིས་བྱིས་སྙོར་ཁང 4འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། རོང་འབྲོག་སྡེའི་འོས་འགན་སློབ་གསོའི་སྤུས་ཚད་ལེགས་བཅོས་འཆར་གཞི་དང་ཞག་སྡོད་སློབ་མའི"མི་བསྡུ་བ་གཉིས་དང་ཁ་གསབ་གཅིག"ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་བ་དང་། སློབ་གསོའི་ལྟ་སྐུལ་སློབ་སྟོན་དང་དཔྱོད་འཇོག་བྱ་བ་བརྟན་པོའི་སྒོ་ནས་སྤེལ་བས་ཁུལ་གྱིས་ཞིབ་བཤེར་རྩིས་ལེན་ཐོབ། སྤྱི་བའི་འཕྲོད་བསྟེན་དང་གཞི་རྩའི་སྨན་བཅོས་ཞབས་ཞུའི་མ་ལག་གི་འཛུགས་སྐྲུན་བརྟན་པོའི་སྒོ་ནས་སྐུལ་འདེད་བཏང་བས། གཞི་རིམ་གྱི་ཤང་གྲོང་འཕྲོད་བསྟེན་ཁང་དང་སྡེ་བའི་འཕྲོད་བསྟེན་ཁང་འཛུགས་སྐྲུན་གྱི་ལས་གཞི་བདེ་བླག་ངང་ལེགས་གྲུབ་བྱུང་། ཞིང་སྡེའི་མཉམ་ལས་སྨན་བཅོས་གསར་བའི"བྱང་གཅིག་ཀུན་འཐུས"བྱ་བ་གཏིང་ཟབ་ཏུ་སྐུལ་འདེད་བཏང་བས་མཉམ་ཞུགས་མི་གྲངས་ཁྲི 8.4ཡོད་པ་དང་མཉམ་ཞུགས་ཚད 99.32% ཡིན། རྒྱལ་ཁབ་རིམ་པའི་འཆར་ལྡན་བུ་སྐྱེའི་ཞབས་ཞུ་ལེགས་པོ་བསྐྲུན་པའི་གྲུབ་འབྲས་སྔར་ལས་ལྷག་པར་སྲ་བརྟན་དུ་བཏང་ནས་འཆར་ལྡན་བུ་སྐྱེའི་ཁྱིམ་ཚང་དང"ཉུང་སྐྱེས་མྱུར་ཕྱུག"གི་བྱ་དགའི་མ་དངུལ་སོ་སོ་འདང་ངེས་དོན་འཁྱོལ་མཐར་ཕྱིན་བྱས་པ་དང་། རྒན་པའི་ཕྱོགས་བསྡུས་ཕན་བདེའི་ཞབས་ཞུའི་ལྟེ་གནས་འཛུགས་གྲུབ་བྱུང་།
     སྟོབས་ཤུགས་ཡོད་དགུས་བསམ་པའི་དཔལ་ཡོན་གསར་སྐྲུན་གྱི་བྱ་བ་དམ་འཛིན་བྱས་ཏེ་ཞིང་ཆེན་རིམ་པའི་དཔལ་ཡོན་རྫོང་དུ་བདམས་པ་དང་། ཅོ་ནེ་རྫོང་རྒྱལ་ཁྲལ་ཅུས་དང་ཅོ་ནེ་རྫོང་ཨ་ཚེ་ཐང་ཤང་སོགས་ལ་སྐོར་བཅུ་གཉིས་པའི་ཞིང་ཆེན་རིམ་པའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་སྔོན་ཐོན་ཐུན་མོང་གི་བྱ་དགའ་ཐོབ། ཕྱོགས་ཡོངས་ནས་དམངས་འཚོའི་འགན་སྲུང་བྱེད་ཐབས་དོན་འཁྱོལ་མཐར་ཕྱིན་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་གི་ཚད་གཞི་ཇེ་མཐོར་གཏོང་བའི་བྱ་བ་ལེགས་གྲུབ་བྱུང་ལ། ཤང་སྡེའི་དགེ་རྒན་གྱི་འཚོ་བའི་ཁ་གསབ་རོགས་རམ་དོན་འཁྱོལ་བྱས་ཤིང་ལས་ཁུངས་ཀྱི་གཞུང་ཞབས་པའི་ཕོགས་སྣོན་ཁ་གསབ་ཚད་གཞི་མཐོར་འདེགས་སུ་བཏང་།། 


  
\
    ཉེ་ཆར།ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་ལས་བྱེད་པ་དང་ལས་བཟོ་བ་ཀན་ལྷོ་ཁུལ་སྲིད་གཙང་སློབ་གསོའི་གཞི་སར་སོང་ནས་ལྟ་སྐོར་སློབ་སྦྱོང་བྱས་ཤིང་། སྲིད་གཙང་སློབ་གསོ་དང་ལེན་བྱས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།