中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། 2018ལོའི“ཅན་མོན་ཇུས་འགོད་རྟགས་མ”ཀན་ལྷོ་ཁུལ་གྱི་ངོ་མཚར་བའི་ལྕགས་རྟ་འགྲན་བསྡུར་ཆེན་མོ་འགོ་བརྩམ་པ།
དུས་ཚོད།2018-07-27 18:28:04     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     ཟླ7པའི་ཚེས26ཉིན་གྱི་ཕྱི་དྲོར།  2018ལོའི“ཅན་མོན་ཇུས་འགོད་རྟགས་མ”ཀན་ལྷོ་ཁུལ་གྱི་ངོ་མཚར་བའི་ལྕགས་རྟ་འགྲན་བསྡུར་ཆེན་མོ་གཙོས་གྲོང་ཁྱེར་ཤམ་བྷ་ལ་རིག་གནས་ཐང་ཆེན་ནས་འགོ་བརྩམས་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བཀྲ་ཤིས་འཚོ་ཡིས་འགྲན་བསྡུར་འགོ་རྩོམ་པ་ཁྱབ་བསྒྲགས་བྱས།
ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཧྥན་ཝུའུ་ཏི་ཡིས་ཤིས་ཚིག་ཕུལ།
ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཁྲང་ཏེ།  ཁུལ་དཔོན་གཞོན་པའམ་གཙོས་གྲོང་ཁྱེར་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིའུ་ཡུང་ཀོ།   ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཨན་ཞུས་ལིན་འགྲན་བསྡུར་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་དང་།  ཁུལ་དཔོན་གཞོན་པ་ཧྲི་ཀྲན་ལིའང་གིས་འགྲན་བསྡུར་འགོ་རྩོམ་པའི་གཙོ་འགན་ཁུར།
ཀན་སུའུ་ཞིང་ཆེན་ལྕགས་རྟའི་ལུས་རྩལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཞེ་ཁྲེང་ཅེ་ཡིས་ཞིང་ཆེན་ལྕགས་རྟའི་ལུས་རྩལ་ལྷན་ཚོགས་ཀྱིས་ཕུལ་བའི་སྨོན་ཚིག་བསྒྲགས་འདོན་བྱས།
ཧྥན་ཝུའུ་ཏེ་ཡིས་ཤིས་ཚིག་ཕུལ་སྐབས་སུ། 2018ལོའི་ཀན་ལྷོ་བོད་ཁུལ་གྱི་ངོ་མཚར་བའི་ལྕགས་རྟའི་འགྲན་བསྡུར་སྤེལ་བ་འདིས“བོད་ཁུལ་གསང་བས་མྱུལ་ཏེ། ཀན་ལྷོའི་མཛེས་སྡུག་ལོངས་སུ་སྤྱོད་པ”ཞེས་པ་བརྗོད་དོན་དུ་བྱས་ནས་མཛའ་བརྩེ་ཨང་དང་པོ་དང་འགྲན་བསྡུར་ཨང་གཉིས་པའི་བླང་བྱ་ལྟར་དུ་འགྲན་བསྡུར་སྤེལ་རྒྱུ་དང་། རྒྱལ་སྤྱིའི་ཅན་དང་ཆེད་ལས་ཅན། ཁྲོམ་ར་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཤུགས་ཆེན་པོས་རྒྱལ་ཡོངས་ལ་ཤུགས་རྐྱེན་ཐེབས་པའི་འགྲན་བསྡུར་གྱི་ལས་གཞི་ཞིག་ཏུ་བསྐྲུན་དགོས། ཐེངས་འདིའི་འགྲན་བསྡུར་གྱིས་སྔར་ལས་ལྷག་པར་ལུས་རྩལ་སྙིང་སྟོབས་དར་སྤེལ་དང་འགུལ་སྐྱོད་བདེ་ཐང་བརྒྱུད་བསྒྲགས། བདེ་འཇགས་ངང་འགྲོ་འོང་བྱེད་པའི་འཚོ་བའི་འདུ་ཤེས་ཇེ་ལེགས་སུ་གཏོང་བ་དང་།  ཀན་ལྷོའི་ཡིད་འོང་གི་རང་བྱུང་ཁོར་ཡུག་དང་མཚར་སྡུག་གི་རིག་གནས།  གཏིང་ཟབ་པའི་ཆོས་ལུགས་རིག་གནས། མཐུན་མོང་མ་ཡིན་པའི་མི་རིགས་གོམས་སྲོལ་བཅས་ཕྱིར་ངོམས་པས། རིག་གནས་ལྗོངས་རྒྱུ་དང་ལུས་རྩལ་འགྲན་བསྡུར་གཉིས་ཟུང་དུ་འབྲེལ་བར་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་ནུས་པ་བླ་མེད་ལྡན་དགོས་ཞེས་བསྟན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།