中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཁུལ་ཡོངས་ཀྱི་དངུལ་རྩས་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་ཚོགས་པ།
དུས་ཚོད།2018-11-14 17:46:04     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 11པའི་ཚེས 8ཉིན་ལ། ཁུལ་ཡོངས་ཀྱི་དངུལ་རྩས་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོས་སུ་ཚོགས།
       ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྲོས་ཚོགས་སུ་ཞུགས་ཤིང་གཏམ་བཤད།
       ཁུལ་དཔོན་གཞོན་པ་ནམ་མཁའ་སངས་རྒྱས་དང་ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀའོ་ཞའོ་ཏུང་གཉིས་གྲོས་ཚོགས་སུ་ཞུགས།
       ཚོགས་ཐོག་ཏུ། ནམ་མཁའ་སངས་རྒྱས་ཀྱིས་ནོར་སྲིད་ཀྱིས་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཐད་ལ་བསམ་འཆར་བཏོན་པ་དང་། ཅིན་ཁོན་ཚོགས་པ་ཀན་ལྷོའི་དངུལ་རྩ་འགན་སྲུང་ཀུང་སིའི་འགན་ཁུར་མི་སྣས་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ལས་གྲྭར་དངུལ་བུན་གཏོང་བའི་བྱ་བའི་གནས་ཚུལ་ཡར་ཞུ་བྱས་ཤིང་། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་ཡིས་རང་སྟེང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཏམ་བཤད་པ་དང་། མི་དམངས་དངུལ་ཁང་དང་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཅུས་ཀྱིས་དངུལ་རྩས་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་བྱ་བར་དངུལ་བུན་གཏོང་བའི་བྱ་བར་སྐུལ་འདེད་གཏོང་བའི་ཐད་མཛུབ་ཁྲིད་ཀྱི་ངོ་བོ་ལྡན་པའི་བསམ་འཆར་བཏོན།
       ཀྲའོ་ལིན་ཡུན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གི 《རྨང་གཞིའི་སྒྲིག་ཆས་ཁྱབ་ཁོངས་ཀྱི་དགེ་ལེན་སྐྱོན་སེལ་གྱི་ཚད་ཆེ་རུ་གཏོང་བ་རྒྱུན་འཁྱོངས་བྱེད་པ་སྐོར་གྱི་མཛུབ་སྟོན་བསམ་འཆར》 དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིང་གི 《ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ལས་གྲྭར་དངུལ་བུན་གཏོང་བའི་འབྲེལ་ཡོད་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་བརྡ་ཁྱབ》ཀྱི་དགོངས་དོན་དང་ཧྲིན་ཀྲང་ཐང་རེན་ཅན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གི་ཡིག་ཆའི་སྟེང་བཀོད་པའི་མཆན་བཀོད་མཛུབ་སྟོན་དང་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བཀོད་གཏོང་གི་བརྙན་འཕྲིན་གྲོས་ཚོགས་སྟེང་གི་གཏམ་བཤད་ཀྱི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས།
       ཀྲའོ་ལིན་ཡུན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཔལ་འབྱོར་འཕར་སྣོན་གྱི་ཆེད་དུ 《རྨང་གཞིའི་སྒྲིག་ཆས་ཁྱབ་ཁོངས་ཀྱི་དགེ་ལེན་སྐྱོན་སེལ་གྱི་ཚད་ཆེ་རུ་གཏོང་བ་རྒྱུན་འཁྱོངས་བྱེད་པ་སྐོར་གྱི་མཛུབ་སྟོན་བསམ་འཆར》 ཞེས་པ་བཏོན་ནས་འབྲེལ་ཡོད་སྡེ་ཁག་སོ་སོས་འགོ་ཁྲིད་སྡེ་ཚན་རྩ་འཛུགས་བྱས་ནས་ནན་ཏན་གྱིས་སློབ་སྦྱོང་དང་ཞིབ་འཇུག་བྱ་དགོས་ལ། གནད་ས་དམ་འཛིན་དང་ཡིག་ཆའི་དགོངས་དོན་ཁོང་དུ་ཆུད་པ་བྱ་དགོས་བ་མ་ཟད་སྲིད་
ཇུས་བཟང་བོ་བཀོལ་སྤྱོད་ལེགས་པོ་བྱ་དགོས། རྫོང་སོ་སོ་དང་གྲོང་ཁྱེར། སྡེ་ཁག་སོ་སོ། དངུལ་རྩའི་སྒྲིག་གཞི་བཅས་ཀྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་ཞིབ་འཇུག་བྱས་ནས་གསར་གཏོད་འཕེལ་རྒྱས་ཀྱི་ལམ་བུ་འབྱེད་དགོས་ཞེས་ནན་གྱིས་བསྟན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།