中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་གྲོས་ཚོགས་བསྡུས་ཏེ། ཀ་ཤུལ་རིག་གནས་སྐྱེ་ཁམས་ཡུལ་སྐོར་ཁུལ་གཏོད་པ་དང་རིམ་སྤར་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ།
དུས་ཚོད།2019-01-23 17:05:17     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 1པའི་ཚེས 18ཉིན་ལ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་གྲོས་ཚོགས་བསྡུས་ཏེ། ཀ་ཤུལ་རིག་གནས་སྐྱེ་ཁམས་ཡུལ་སྐོར་ཁུལ་གཏོད་པ་དང་རིམ་སྤར་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
    ཡུས་ཁྲིན་ཧུའེ་ཡིས་ཉེ་བའི་ལོ་གཉིས་ཀྱི་རིང་དུ། ཁུལ་དང་རྫོང་། ཤང་དང་སྡེ་བ། ཡུལ་དེའི་མང་ཚོགས་ཐུན་མོང་གིས་འབད་བརྩོན་བྱས་པ་བརྒྱུད། ཀླུ་ཆུ་རྫོང་ཀ་ཤུལ་སྡེ་བ་དེ་ས་བབ་ཀྱི་མཐོ་ཚད་སྨི 3500ཡིན་པའི་ཀན་ལྷོའི་ས་གཞི་ཆེན་པོའི་སྟེང་དུ་གྲོང་ངེར་འགྱིང་སྟེ། ས་མཐོའི་སྐྱེ་ཁམས་དང་རྩྭ་ཐང་གི་མཛེས་ལྗོངས་ཟུང་འབྲེལ་གང་ལེགས་བྱས་པའི་གཅེས་ནོར་ཞིག་དང་། ཕྱུགས་རིགས་སྤོ་འཚོའི་རིག་གནས་དང་དེང་རབས་དཔལ་ཡོན་ཕན་ཚུན་འདྲེས་པའི་རྡོ་རིང་ཞིག་ཏུ་གྱུར། དེ་མ་ཟད་ད་ལོར་མི་དམངས་དྲ་བས་དཔྱད་འདེམས་བྱས་པའི་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ 40འཁོར་བའི་རིང་གི་རྒྱལ་ཡོངས་ཀྱི“མཛེས་པའི་གྲོང་གསེབ”49ཁྲོད་ཀྱི་དཔེ་མཚོན་གྲོང་ཚོའི་གྲས་ཤིག་ཡིན་ལ། ཀ་ཤུལ་གྲོང་ཚོ་འདི་ཉིད་ད་ལྟ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་བ་ཞིག་ཏུ་ལངས་ཡོད། རྫོང་དང་ཤང་ཏང་ཨུས་ཧུར་ཐག་གིས“གྲོང་ཚོ་མཛེས་ཤིང་སྡུག་པ”“ཐོན་ལས་དར་ཞིང་རྒྱས་པ”“འབྲོག་པ་འབྱོར་ཕྱུག་ལྡན་པ”“ཁོར་ཡུག་མཛེས་ཤིང་ལེགས་པ”བཅས་ཀྱི་དམིགས་འབེན་ལ་དམ་པོར་དམིགས་ནས། བྱེད་སྟངས་གསར་གཏོད་དང་བཀོད་པ་ལེགས་བསྒྱུར། བཅོས་སྒྱུར་རིམ་སྤར་བྱས་ཏེ་སྐྱེ་ཁམས་ཀྱི་བརྩེ་སེམས་མངོན་ཞིང་ས་ཆེན་པོའི་སྒྱུ་རྩལ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་བརྩམས་ཆོས་ཡག་ཤོས་ཤིག་ཏུ་འགྱུར་བར་འབད་བརྩོན་བྱ་དགོས་ཞེས་བསྟན།
    ཡུས་ཁྲིན་ཧུའེ་ཡིས་རིག་གནས་ཡུལ་སྐོར་སྟོན་ཚོགས་སྤེལ་བ་འདི་ནི་རྒྱལ་ཁབ་རིམ་པ་དང་རྒྱལ་སྤྱིའི་རང་བཞིན་གྱི་དགྱེས་ཚོགས་ཤིག་ཡིན་ལ། དེ་ནི་ཀན་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བའི་གོ་སྐབས་བཟང་བོ་ཞིག་ཡིན་པ་མ་ཟད། ཀླུ་ཆུ་རྫོང་དང་ཀ་ཤུལ་སྡེ་བའི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་དང་། ཕྱི་ཕྱོགས་ལ་སྣང་བརྙན་ངོམ་པའི་གོ་སྐབས་ལེགས་པོ་ཞིག་ཀྱང་ཡིན་པས། ས་བབ་ཀྱི་ཁྱད་ཆོས་དང་ཡུལ་སྲོལ་གོམས་གཤིས། རང་བྱུང་མཛེས་ལྗོངས། རིག་གནས་གཞི་རྒྱུ་སོགས་དམ་པོར་བཟུང་སྟེ། ཚན་རིག་དང་མཐུན་པའི་ཡུལ་སྐོར་ཐོན་ཁུངས་སྙོམ་སྒྲིག་བྱེད་པ་དང་། ལྟ་སྐོར་ཡུལ་ལྗོངས་ཁུལ་མཛེས་པར་བཟོས་ཏེ། 213རྒྱལ་ལམ་འགྲམ་རྒྱུད་དེ་ལྗང་མདོག་གི་མཛེས་ལྗོངས་རིང་མོ་ཞིག་ཏུ་བསྒྱུར་བ་དང་། ཀླུ་ཆུའི་བཞུར་རྒྱུད་ཀྱི་སྡེ་བ་དེ་དག་བོད་ཁུལ་གྱི་ཁྱད་ཆོས་འཛོམས་ཤིང་། སྤྱི་ཚོགས་རིག་གནས་ཀྱི་ཁྱད་ཆོས་ལྡན་པ། དུས་རབས་ཀྱི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་པའི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་དང་རིག་གནས་ཡུལ་སྐོར་གྱི་ཆེད་ལས་སྡེ་བར་འཛུགས་སྐྲུན་བྱས་ནས། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ཡང་རྩེར་སྙེག་ཆེད་འབད་པ་ཧུར་ཐག་བྱ་དགོས་ཞེས་ནན་གྱིས་བསྟན།
  ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཀླུ་ཆུ་རྫོང་ཨུའི་ཧྲུའུ་ཅི་ལིའང་མིང་ཀོང་བཅས་ཚོགས་འདུར་ཞུགས།།
         (སྒྲོལ་མ་འཚོ་དང་བན་དེ་ཚེ་རིང་གིས་བསྒྱུར།) 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།