中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། རང་ཁུལ་གྱིས་ཞིང་ཆེན་ཏང་ཨུའི་ཞིང་སྡེ་བྱ་བའི་གྲོས་ཚོགས་ལ་ཉན་ཞིང་བལྟས་པ།
དུས་ཚོད།2019-01-23 17:07:20     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 1པའི་ཚེས 15ཉིན་ལ། ཞིང་ཆེན་ཏང་ཨུའི་ཞིང་སྡེ་བྱ་བའི་ཚོགས་འདུ་དང་ཀྲེ་ཅང་གི“སྟོང་སྡེའི་བཟོ་སྐྲུན”ཉམས་མྱོང་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ། ཁྱོན་ཡོངས་ནས་ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་བྱེད་པའི་བྱ་བར་སྐུལ་འདེད་གཏོང་བའི་གྲོས་ཚོགས་ལན་ཀྲོའུ་རུ་ཚོགས།
    ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ། ཁུལ་ཨུའི་རྒྱུན་ཨུའམ་ལིན་ཐན་རྫོང་ཨུའི་ཧྲུའུ་ཅི་སུང་ཅན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲུང་ཡིག་ཆེན་མོ། ཅོ་ནེ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཝུའུ། ཁུལ་ཨུའི་རྒྱུན་ཨུའམ་བསང་ཆུ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཞུང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དབྱང་སྒྲོལ་མ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྒྲིག་ཨུའི་ཧྲུའུ་ཅི། ཁུལ་ལྟ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧའོ་ཅུའེ་རྨིན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཡོན་ཞིན་ཧོ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་དབྱང་ཅུན། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ལི་ཞའོ་ཉིང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་མ་ལུང་ཆོན་བཅས་ཀན་ལྷོའི་ཡན་ལག་ཚོགས་རར་ཞུགས།
    གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”བྱ་བའི་ཐད་གནང་བའི་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་དང་བཏོན་པའི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་རབ་དང་རིམ་པ་ནི་དུས་རབས་གསར་བའི“ཞིང་གསུམ”བྱ་བ་ལེགས་པོ་སྒྲུབ་པའི་ཚན་རིག་གི་མཛུབ་སྟོན་དང་བྱ་སྤྱོད་ཀྱི་རྩ་འཛིན་ཡིན་པས། རིམ་པ་སོ་སོས་ཕྱོགས་སོ་སོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་ཐད་ཀྱི་རྒྱས་བཤད་གལ་ཆེན་ཁག་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། རང་ཁུལ་གྱིཞིང་གསུམ”བྱ་བ་དེ་ཉིད་སྤྱི་ཁྱབ་ཧྲུའུ་ཅི་ཡི་མཛུབ་སྟོན་གྱི་ཁ་ཕྱོགས་ལྟར་མདུན་དུ་བསྐྱོད་པར་ཁག་ཐེག་བྱ་དགོས་ཞེས་བསྟན།
    གྲོས་ཚོགས་ཀྱིས“ཞིང་གསུམ”བྱ་བ་ལེགས་པོ་སྒྲུབ་པར་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་འཇལ་བ་དང་། རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་བར་དོན་སྙིང་ཆེན་པོ་ལྡན་པས། རིམ་པ་སོ་སོ་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དེ་མཛུབ་སྟོན་དུ་བཟུང་སྟེ། ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། བློ་བརྟན་འགྱུར་མེད་དང་དུས་བསྟུན་འཕེལ་རྒྱས། འབད་འབུངས་ཡར་བརྩོན་གྱིས“ཞིང་གསུམ”བྱ་བའི་རྣམ་པ་གསར་བ་ཞིག་གཏོད་དགོས་པ་དང་། “གལ་ཆེན་ནང་གི་འགངས་ཆེན”གྱི་འཐབ་ཇུས་གོ་གནས་ཁོང་དུ་ཆུད་པར་བྱས་ནས། “དམིགས་སུ་བཀར་ནས་སྔོན་ལ་འཕེལ་རྒྱས་གཏོང་བའི”སྤྱིའི་བྱེད་ཕྱོགས་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། “སྟོབས་ཕྱུག་མཛེས”གསུམ་གྱི་འབད་བརྩོན་དམིགས་འབེན་ལ་དམ་པོར་དམིགས་ནས། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་བེད་སྤྱོད་ཡག་པོ་བྱས་ཏེ“ཞིང་གསུམ”བྱ་བ་ནན་འཛིན་བྱེད་པ། “ཞིང་གསུམ”བྱ་བར་འགན་ལེན་བྱེད་པའི་ཆུ་ཚད་ཤུགས་ཆེན་པོས་རིམ་སྤར་བྱེད་པ། ཏང་གིས“ཞིང་གསུམ”བྱ་བའི་འགོ་ཁྲིད་ལ་ཤུགས་བསྣན་ཏེ། ཞིང་ལས་དང་གྲོང་གསེབ་གཏན་འཇགས་དང་བདེ་བླག་ངང་གོང་དུ་འཕེལ་བའི་ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ 70 འཁོར་བ་བསུ་དགོས་ཞེས་ནན་གྱིས་བསྟན།། 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།