中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཁུལ་ཨུའི་རྒྱུན་ཨུའི་གྲོས་ཚོགས་བསྡུས་པ།
དུས་ཚོད།2019-01-25 17:28:34     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
      (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 1པའི་ཚེས 21ཉིན་ལ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཁུལ་ཨུའི་རྒྱུན་ཨུའི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི 2018ལོའི་དམངས་གཙོ་འཚོ་བའི་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་དང་། སྐབས་བཅུ་དགུ་བའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་ཚོགས་འདུ་དང 《ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་བྱ་བའི་ཁྲིམས་སྲོལ》 ད་དུང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། རིག་གནས་ཡུལ་སྐོར་སྟོན་ཚོགས་ཀྱི་སྒྲུབ་འགན་ཁུར་བ་སྒྲིག་གཞི་བཅོས་སྒྱུར་སོགས་ཀྱི་བྱ་བ་བཀོད་སྒྲིག་བྱས།
     ཁུལ་ཨུའི་རྒྱུན་ཨུ་ཀྲའོ་ལིན་ཡུན་དང་ཧོ་མོའུ་པའོ། སུང་ཅན། དབྱང་ཝུའུ། དབྱང་ཞུང་། དབྱང་སྒྲོལ་མ། ཞུས་ཆང་། ཧོ་ཅུའེ་རྨིན། ཡོན་ཞིན་ཧོ། ལིའུ་ཧྥུན་སོགས་ཚོགས་འདུར་ཞུགས། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་ཚོགས་འདུར་ཟུར་ཞུགས་བྱས། ཁུལ་དཔོན་གཞོན་པའམ་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུའི་ཀྲུའུ་རེན་ཝང་ཅན་ཅུན་འབྲེལ་ཡོད་བགྲོ་གླེང་ལ་ཟུར་ཞུགས་བྱས།
    གྲོས་ཚོགས་ཀྱིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ནན་ཏན་གྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་བྱ་བའི་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་སོ་སོ་ལག་བསྟར་དོན་འཁྱོལ་བྱ་དགོས་པ་དང་། གཏན་འཇགས་ཁྲོད་གོང་འཕེལ་འགྲོ་བའི་བྱ་བའི་སྤྱིའི་ལྟེ་བ་དང་འཕེལ་རྒྱས་གསར་བའི་ལྟ་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། ཚོང་ར་ཅན་བཅོས་སྒྱུར་གཏིང་ཟབ་བྱེད་པ་སོགས་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཐག་གཅོད་རང་བཞིན་གྱི་རྨང་གཞི་འཇོག་པར་འབད་པ་ཧུར་ཐག་བྱ་དགོས་ལ། ཁྱོན་ཡོངས་ནས་རིག་གནས་ཡུལ་སྐོར་སྟོན་ཚོགས་ལ་མཐོང་ཆེན་བྱས་ཏེ་རྒྱལ་ཁབ་རིམ་པའི་ཚོགས་ཆེན་འདི་རྒྱལ་སྤྱིའི་ཆུ་ཚད་དང་རྩྭ་ཐང་གི་ཁྱད་ཆོས་ལྡན་པ། བོད་ཁུལ་གྱི་རྣམ་པ་མངོན་པའི་རིག་གནས་ཡུལ་སྐོར་གྱི་དགྱེས་ཚོགས་ཞིག་ཏུ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།
    ཚོགས་འདུ་ཡི་ཐག་གཅོད་ལྟར། ཟླ 1པའི་ཚེས 24ཉིན་ལ། ཀྲུང་གུང་ཀན་ལྷོ་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཚོགས་ཏེ། ཏང་སྲིད་ཀྱི་སྒྲིག་གཞི་བཅོས་སྒྱུར་བྱ་བར་བཀོད་སྒྲིག་བྱ་རྒྱུ་རེད།།
              (བན་དེ་ཆེ་རིང་གིས་བསྒྱུར།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།