中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཁུལ་ཨུའི་རྒྱུན་ཨུའི་ཚན་ཁག་གི 2018ལོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཚོགས་པ།
དུས་ཚོད།2019-01-25 17:30:00     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
        (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཅིག་གྱུར་གྱི་བཀོད་སྒྲིག་ལྟར། ཟླ 1པའི་ཚེས 22ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་རྒྱུན་ཨུའི་ཚན་ཁག་གི 2018ལོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཚོགས། གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་བྱས་ནས། “གཞུང་ལུགས་ཀྱི་དྲག་ཆས་ཇེ་དྲག་དང་གསར་གཏོད་བྱས་ཏེ‘འདུ་ཤེས་བཞི’སྲ་བརྟན་དང་འགན་འཁྲི་འཁུར་ཕོད་པ། དངོས་ཐོག་བདེན་འཚོལ་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་ལག་ལེན་དོན་འཁྱོལ་བྱ་དགོས”ཞེས་པའི་བརྗོད་དོན་དང་འབྲེལ་ནས། ཚན་ཁག་དང་མི་སྒེར་གྱི་དོན་དངོས་དང་དམ་སྦྲེལ་བྱས་ཏེ། བསམ་བློ་ཆབ་སྲིད་དང་བསམ་བློའི་འཁྱེར་ཕྱོགས། བྱ་བའི་སྤྱོད་སྟངས་སོགས་ཀྱི་ཕྱོགས་ནས་གནད་དོན་འཚོལ་ཞིབ་དང་རྒྱུ་རྐྱེན་དབྱེ་ཞིབ་བྱས་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་མོ་བྱས།
       ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་དྲུག་པའི་ཚན་གཙོ་མ་ཐིང་ལི་གྲོས་ཚོགས་སུ་ཞུགས་ནས་མཛུབ་སྟོན་བྱས།
         ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།
        ཁུལ་ཨུའི་རྒྱུན་ཨུ་ཀྲའོ་ལིན་ཡུན་དང་བཀྲ་ཤིས་འཚོ། ཧོ་མོའུ་པའོ། སུང་ཅན། དབྱང་ཝུའུ། དབྱང་ཞུང་། དབྱང་སྒྲོལ་མ། ཞི་ཆང་། ཧའོ་ཅུའེ་རྨིན། ཡོན་ཞུན་ཧོ་བཅས་གྲོས་ཚོགས་སུ་ཞུགས།
        ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞུས་ཆང་གྲོས་ཚོགས་སུ་ཟུར་ཞུགས་བྱས།
       གྲོས་ཚོགས་ཀྱིས་ཁུལ་ཨུའི་རྒྱུན་ཨུའི་སྡེ་ཚན་གྱི 2017ལོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་དང 2018ལོའི་སྐོར་ཞིབ་སྒྲིག་བཅོས་ཆེད་དོན་གྱི་དམངས་གཙོ་འཚོ་བའི་གྲོས་ཚོགས་སྒྲིག་བཅོས་དང་དོན་འཁྱོལ་བྱས་པའི་གནས་ཚུལ་དང་། ཐེངས་འདིའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་གྲ་སྒྲིག་གི་གནས་ཚུལ་སྤྱི་བསྒྲགས་བྱས།
       ཡུས་ཁྲིན་ཧུའེ་ཡིས་ཁུལ་ཨུའི་རྒྱུན་ཨུའི་ཚན་ཁག་གི་ཚབ་བྱས་ཏེ་ལྟ་བསྡུར་ཞིབ་བཤེར་དང་དེའི་རྗེས་མི་སྒེར་གྱི་ཐད་ནས་ལྟ་བསྡུར་ཞིབ་བཤེར་བྱས།
      མ་ཐིང་ལི་ཡིས་ཐེངས་འདིའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཤིང་། ཆབ་སྲིད་འཛུགས་སྐྲུན་ཐད་དང་བསམ་བློའི་འཁྱེར་ཕྱོགས། གཞི་རིམ་གྱི་རྨང་གཞི་བཅས་ཀྱི་བར་ཁྱད་ཤེས་རྟོགས་གསལ་བོ་བྱས་ནས་འབྲེལ་ཡོད་ཀྱི་བྱ་བ་སོ་སོ་དོན་འཁྱོལ་ནན་མོ་བྱ་དགོས་ཞེས་བསྟན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།