中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཀྲུང་གོ་གུང་ཁྲན་ཏང་ཀན་སུའུ་ཞིང་ཆེན་སྐབས་བཅུ་གསུམ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་པ།
དུས་ཚོད།2019-01-25 17:34:51     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་ཆར། ཀྲུང་གོ་གུང་ཁྲན་ཏང་ཀན་སུའུ་ཞིང་ཆེན་སྐབས་བཅུ་གསུམ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བརྙན་འཕྲིན་གྱི་རྣམ་པའི་སྟེང་ནས་ཚོགས།
    གྲོས་ཚོགས་ཀྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གི་གསུང་བཤད་གལ་ཆེན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་ཚུན་གྱི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གྲུབ་འབྲས་ཆེན་མོར་ཕྱིར་དྲན་བྱས་པ་དང་། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ 40རིང་གི་ང་ཚོའི་ཏང་གིས་རང་ངོས་ནས་གསར་བརྗེ་བྱས་པའི་ཉམས་མྱོང་རྩ་ཆེན་ཕྱོགས་བསྡུས་གཏིང་ཟབ་བྱས་ཤིང་། ད་ལོ་དང་རྗེས་ཕྱོགས་སུ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ལས་འགན་གཙོ་བོ་གསལ་བོར་བསྟན་ཏེ། ང་ཚོར་ཧུར་ཐག་བྱེད་སའི་ཁ་ཕྱོགས་བསྟན་ལ་གཞི་རྩའི་བརྩི་སྲུང་མཁོ་འདོན་བྱས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྐབས་བཅུ་དགུ་བའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ནན་འཛིན་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་མགྱོགས་མྱུར་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ནས་རང་ཞིང་གི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་མུ་མཐུད་དུ་ཟབ་སྤེལ་བྱ་དགོས་ཞེས་བསྟན།
     གྲོས་ཚོགས་ཀྱིས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གལ་ཆེན་རང་བཞིན་གྱི་འདུ་ཤེས་རྒྱུན་མཐུད་སྒོས་ཟབ་སྤེལ་བྱས་ནས་ཏང་བདག་དམ་དང་ཏང་ནན་སྐྱོང་གི་མྱུར་མཁོའི་རང་བཞིན་དམ་འཛིན་བྱ་དགོས་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱི་བྱ་བ་རྒྱུན་མཐུད་སྒོས་ལས་དོན་གཙོ་བོར་བཞག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་དངོས་ལ་མཛུབ་སྟོན། བྱ་བར་སྐུལ་སྤེལ། “འདུ་ཤེས་བཞི”ཇེ་དྲག་ཏུ་བཏང་ནས “ཡིད་ཆེས་བཞི”སྲ་བརྟན་དང “སྲུང་སྐྱོང་གཉིས”ལེགས་པོར་བསྒྲུབ་པར་རྒྱུན་འཁྱོངས་བྱ་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་རྒྱུན་མཐུད་སྒོས་སྒྲིག་བཅོས་བྱ་དགོས་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རྒྱུན་མཐུད་སྒོས་རྒྱུན་འཁྱོངས་བྱ་དགོས་ཤིང་། སྒྲིག་ལམ་ཞིབ་བཤེར་ལྟ་སྐུལ་ལམ་ལུགས་བཅོས་སྒྱུར་བྱེད་པ་རྒྱུན་མཐུད་སྒོས་སྐུལ་སྤེལ་བྱ་དགོས་ལ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་ལས་འགན་གཙོ་བོ་རྒྱུན་མཐུད་སྒོས་དམ་འཛིན་དང་དོན་འཁྱོལ་བྱ་དགོས་ཞེས་ནན་གྱིས་བསྟན།
     ཨན་ཅིན་ལུང་དང་ཀྲའོ་ལིན་ཡུན། ཞུས་ཆང་། བཀྲ་ཤིས་འཚོ། ཧོ་མོའུ་པའོ་སོགས་རང་ཁུལ་གྱི་ས་གནས་རིམ་པ་གཞོན་པ་ཡན་གྱི་ལས་གནས་སུ་ཡོད་པའི་འགོ་ཁྲིད་པ་དང་ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ། གཙོས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད་པ་གཙོ་བོ་དག་ཀན་ལྷོའི་ཡན་ལག་ཚོགས་ར་ནས་གྲོས་ཚོགས་སུ་ཞུགས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།