中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཡུས་ཁྲིན་ཧུའེ་བསང་ཆུ་རྫོང་དུ་སོང་ནས་ཁོར་ཡུག་སྒྲིག་བཅོས་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས་པ།
དུས་ཚོད།2019-02-20 20:52:05     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
   (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་ཆར། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་བསང་ཆུ་རྫོང་དུ་སོང་ནས་ཁོར་ཡུག་སྒྲིག་བཅོས་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས། ཁོས་སྐབས་བཞི་བའི་དར་གོས་ཚོང་ལམ་རྒྱལ་སྤྱིའི་རིག་གནས་དངོས་མང་བཤམས་སྟོན་ཚོགས་འདུ་དང་སྐབས་དགུ་བའི་ཏུན་ཧོང་དུ་བསྐྱོད་པ་སྟེ་དར་གོས་ཚོང་ལམ་རྒྱལ་སྤྱིའི་ཡུལ་སྐོར་དུས་ཆེན་ལ་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཆེད་ས་གནས་ཀྱི་རྣམ་པ་ཇེ་ལེགས་དང་ཡུལ་ལྗོངས་ཇེ་ཡག་ཏུ་གཏོང་དགོས་ཞེས་བཤད།
   ཡུས་ཁྲིན་ཧུའེ་ཡིས་ཧོར་གཙང་ཤིང་སྒོ་ནས་མར་ཐང་བར་གྱི་རྒྱལ་ལམ་དང་མྱུར་བགྲོད་གཞུང་ལམ་ཕྱོགས་གཉིས་སུ་ཕྱོགས་བསྡུས་ཀྱིས་ཁོར་ཡུག་སྒྲིག་བཅོས་བྱ་འགུལ་སྤེལ་ཏེ། ཡུལ་ལྗོངས་ཇེ་ཡག་དང་རྨོངས་གནས་སེལ་བ། ཕན་འབྲས་མུ་མཐུད་དུ་སྲ་བརྟན་གཏོང་དགོས་ཞེས་ནན་གྱིས་བསྟན།
   རྟོག་ཞིབ་བྱེད་པའི་སྐབས་སུ། ཡུས་ཁྲིན་ཧུའེ་གཏེར་ལུང་དགོན་པར་སོང་ནས་བསེ་ཚང་བློ་བཟང་དཔལ་ལྡན་ལགས་ལ་ལོ་སར་གྱི་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས། ལོ་ངོ་མང་པོའི་རིང་དུ། བསེ་ཚང་བློ་བཟང་དཔལ་ལྡན་གྱིས་རྒྱལ་ཁབ་དང་ཆོས་ལུགས་ལ་གཅེས་པ་དང་། འཆམ་མཐུན་ལ་མོས་པ། ཞི་བདེ་བརྩོན་ལེན་བྱས་པའི་སྲོལ་རྒྱུན་ལེགས་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན་བཅས་ཀྱི་ཁྲོད་དུ་ནུས་པ་གལ་ཆེན་བཏོན་པས། དད་ལྡན་མང་ཚོགས་དང་སྤྱི་ཚོགས་ལས་རིགས་སོ་སོས་དད་གུས་བྱེད་པའི་མིག་དཔེ་ཡིན་ཞེས་བཤད།
   ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞུས་ཆང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དབྱང་སྒྲོལ་མ་དང་། ཁུལ་དཔོན་གཞོན་པའམ་གཙོས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིའུ་ཡུང་ཀོ་བཅས་ཀྱིས་རྟོག་ཞིབ་འཚམས་འདྲི་ལ་འགྲོ་རོགས་བྱས།།          (བན་དེ་ཚེ་རིང་གིས་བསྒྱུར།)

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།