中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཁུལ་ཨུའི་དམག་དོན་གླེང་བའི་གྲོས་ཚོགས་ཚོགས་པ།
དུས་ཚོད།2019-03-08 17:41:53     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
   (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 3པའི་ཚེས 6ཉིན་ལ། ཁུལ་ཨུའི་དམག་དོན་གླེང་བའི་གྲོས་ཚོགས་གཙོས་སུ་ཚོགས། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།
    ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར། ཁུལ་གྱི་འགོ་ཁྲིད་པ་ཧོ་མོའུ་པའོ་དང་སུང་ཅན། དབྱང་ཝུའུ། དབྱང་ཞུང་། དབྱང་སྒྲོལ་མ། ཧའོ་ཅུའེ་རྨིན། ཡོན་ཞིན་ཧོ། དབྱང་ཅུན། ལིའུ་ཧྥུན། ཧྲི་ཡོན་ཧྥུན་བཅས་གྲོས་ཚོགས་སུ་ཞུགས།
    གྲོས་ཚོགས་སུ་ཡིག་ཐོག་ནས་ཞིང་ཆེན་ཏང་ཨུའི་དམག་དོན་གླེང་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། ཁུལ་ཨུའི་རྒྱུན་ཨུའམ་ཀན་ལྷོའི་ཡན་ལག་དམག་ཁུལ་གྱི་དམག་སྤྱི་ཧྲི་ཡོན་ཧྥུན་གྱིས་བྱ་བའི་སྙན་ཞུ་ཕུལ་ཞིང་། ལིན་ཐན་དང་ཅོ་ནེ་རྫོང་གཉིས་ཀྱི་མི་དམངས་དྲག་སྤྲས་པུའུ་ཡི་ཏང་ཨུའི་ཧྲུའུ་ཅི་དང་པོ་ཡིས་ལས་འགན་སྒྲུབ་ཚུལ་གྱི་སྙན་ཞུ་ཕུལ།
    ཡུས་ཁྲིན་ཧུའེ་ཡིས 2018ལོ་ནས་བཟུང་། ཡན་ལག་དམག་ཁུལ་དམག་དཔུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་སྟོན་དུ་བཟུང་ནས། བསམ་བློ་དང་ཆབ་སྲིད་འཛུགས་སྐྱོང་བྱས་པ་གཏིང་ཟབ་ཅིང་ཏན་ཏིག་ཡིན་པ་དང་། འཕྲལ་བསྟུན་དམག་ལན་སློག་པའི་ནུས་པ་བརྟན་པོའི་ངང་མཐོར་འདེགས་བྱུང་བ། རྒྱལ་སྲུང་སྐུལ་སློང་གི་ཆུ་ཚད་མངོན་གསལ་གྱིས་ཡར་ཐོན་བྱུང་ཡོད་ལ། ས་གནས་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པར་ཕན་འབྲས་ལྡན་ཞིང་། དམག་དཔུང་དང་རྒྱལ་སྲུང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་གསར་བ་ཐོབ། གོམ་སྟབས་རྗེས་མར་ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་མཐོར་བཏང་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་འདི་རྣམ་ཤེས་སུ་སིམ་དགོས་པ་དང་། དངོས་འཐབ་རང་བཞིན་འབུར་ཐོན་བྱས་ཏེ་རྒྱལ་སྲུང་སྐུལ་སློང་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ཤིང་། ས་གནས་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པའི་ཐོག་དང་མཉམ་སྤྱོད་མཉམ་འདྲེས་སྐུལ་འདེད་གཏོང་བའི་ཐོག  རྐྱེན་སྲོལ་ཆ་ཚང་སྒྲིག་སྦྱོར་བྱེད་པའི་ཐོག་ནས་ཚད་བརྒལ་གསར་བ་མངོན་འགྱུར་འབྱུང་དགོས་ལ། བཅོས་སྒྱུར་ཟབ་སྤེལ་གྱི་ལོ་རྒྱུས་འགན་འཁྲི་ཁུར་ཕོད་པ་བྱས་ཏེ། ཕུལ་བྱུང་གྲུབ་འབྲས་ཀྱིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ 70འཁོར་བར་བསུ་དགོས་ཞེས་ནན་གྱིས་བསྟན།
    ཀྲའོ་ལིན་ཡུན་གྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་མཐོར་བཏང་ནས་མྱུར་མོར་ཆེད་དོན་གྲོས་ཚོགས་ཚོགས་རྒྱུ་རྩ་འཛུགས་བྱ་དགོས་ལ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དང་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་དམག་དོན་གླེང་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་སྟེང་དུ་གཅིག་གྱུར་ཡོང་བ་བྱ་དགོས་པའི་བླང་བྱ་བཏོན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།