中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་རྒྱུན་ཨུའིརྒྱ་སྐྱེད་གྲོས་ཚོགས་བསྡུས་ཏེ།
དུས་ཚོད།2019-03-08 17:43:23     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀན་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།
   (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 3པའི་ཚེས 8ཉིན་ལ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་རྒྱུན་ཨུའིརྒྱ་སྐྱེདགྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀན་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། དུས་ཐོག་ཏུ་རང་ཁུལ་གྱིས་དོན་འཁྱོལ་མཐར་ཕྱིན་བྱེད་པའི་བྱ་བ་བཀོད་སྒྲིག་བྱས།
    ཁུལ་གྱི་འགོ་ཁྲིད་པ་ཨན་ཅིན་ལུང་དང་ཀྲའོ་ལིན་ཡུན། ཞུས་ཆང་། ཧའོ་ཅུའེ་རྨིན། ཡོན་ཞིན་ཧོ། ཚེ་རིང་དོན་གྲུབ། དབྱང་ཅན་གོ  དབྱང་ཁྲང་ཏེ། ནམ་མཁའ་སངས་རྒྱས། ཧྲི་ཀྲན་ལིའང་། ལིའུ་ཡུང་ཀོ  ཝང་ཡ་ནན། ཀྲའོ་ཧུང་ཚའེ། དབྱང་ཞའོ་ནན། ཨན་ཞུས་ལིན། ཏུང་ཀྲིན་གོ  རྨིན་ཀྲན་པིའོ་བཅས་གྲོས་ཚོགས་སུ་ཞུགས།
    གྲོས་ཚོགས་སུ། ཡུས་ཁྲིན་ཧུའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀན་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས།
    ཡུས་ཁྲིན་ཧུའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་ཚད་མཐོ་ཞིང་གཏིང་ཟབ་པ་དང་། ལྷག་བསམ་རྣམ་དག་ཡིན་ལ་དངོས་ཡོད་ནས་རྐང་བཙུགས་ཤིང་དངོས་ཡོད་ལ་དམིགས་པ་དང་། མདོར་བསྡུས་ཚིག་ཉུང་དང་དོན་ཟབ་ཀྱང་རྟོགས་སླ་ལ། མིའི་བློ་སྒོ་འབྱེད་ཅིང་རེ་སྒུག་བསྩལ་བ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅིས་དབུལ་སྐྱོར་བྱ་བར་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་ཀྱིས་མཚོན་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་དབུལ་ཕོངས་མང་ཚོགས་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་བཞིན་པ་མངོན་ཡོད། འདི་ནི་ཀན་སུའུ་ཡི་བྱ་བར་བཏོན་པའི་བླང་བྱ་ཡིན་ཡང་། ང་ཚོ་ཀན་ལྷོ་བོད་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་དབུལ་ཐར་མཁྲེགས་གཏོར་གྱི་མཐའ་མའི་གདོང་མཆོང་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱིས་མདུན་དུ་བསྐྱོད་པར་སྐུལ་འདེད་གཏོང་ཐུབ་ལ། ང་ཚོའི་རྒྱལ་ཁ་འཐོབ་ངེས་ཀྱི་གདེང་ཚོད་ཇེ་བརྟན་དུ་བཏང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱིས་ཕྱོགས་སྟོན་མཛད་དེ་ང་ཚོའི་མདུན་སྐྱོད་ཀྱི་སྒུལ་ཤུགས་སྐུལ་སློང་བྱས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ལ་བརྩེ་བས་ཕྱུག་པས་ང་ཚོའི་འབད་འཐབ་ཀྱི་སེམས་པར་སྐུལ་ལྕག་ཐེབས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ལས་གཏམ་སྙན་ལྷུག་པོར་གླེང་བས་ང་ཚོར་རེ་བ་བསྩལ། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱིས་བསམ་གཞིགས་ཟབ་མོ་འདྲེན་ཐུབ་པས་ང་ཚོར་སྐུལ་ལྕག་ནུས་ལྡན་བསྩལ་ཞེས་བསྟན།
     ཡུས་ཁྲིན་ཧུའེ་ཡིས་གདེང་ཚོད་བརྟན་པོ་གཡོ་འགུལ་མི་བྱེད་པར། “ཤི་གསོན་ཐག་གཅོད་ཀྱི་དམག་འཐབ”ཀྱི་སྙིང་སྟོབས་ཀྱིས་ཤིན་ཏུ་དབུལ་བའི་བཙན་རྫོང་གཏོར་དགོས་པ་དང་། དམིགས་ཚད་དམ་པོར་བཟུང་ནས་ལྷོད་གཡེང་དུ་མི་གཏོང་བར“རང་སྲོག་བློས་གཏོང”ཐུབ་པའི་དཔའ་ངར་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་མཐའ་མའི་གདོང་མཆོང་བྱ་དགོས་ལ། གནད་དོན་དག་ཐེར་བྱེད་པར་ལྷོད་གཡེང་མི་བྱེད་པར“གཏིང་དང་ཕན་འབྲས་རིག་པའི”དོན་འཁྱོལ་གྱིས་ཞན་ས་དང་ཁག་ས་མགྱོགས་པོར་ཁ་གསབ་བྱ་དགོས། འགན་འཁྲི་དོན་འཁྱོལ་བྱེད་པར་ལྷོད་གཡེང་མི་བྱེད་པར“རང་ལས་གཞན་གཅེས”ཀྱི་འགན་འཁྲི་ཁུར་སེམས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་འབེན་ལག་ལེན་དུ་བསྟར་བ་དང་། སྤྱོད་ཚུལ་ལེགས་སྒྱུར་བྱེད་པར་ལྷོད་གཡེང་མི་བྱེད་པར“བདེན་འཚོལ་དངོས་སྒྲུབ”ཀྱི་ངར་ཤུགས་ཀྱིས་དབུལ་ཐར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་དགོས། ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་“འདུ་ཤེས་བཞི”བརྟན་པོ་འཛུགས་པ། “གདེང་ཚོད་བཞི”ཇེ་བརྟན་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པར་བསྒྲུབས་ཏེ། ནན་ཏན་གྱིས་དབུལ་སྐྱོར་བྱ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱ་དགོས་ལ། 2019ལོར་བོད་ཁུལ་དབུལ་ཐར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པའི་ལས་འགན་ལ་དམ་པོར་དམིགས་ཏེ། མཐའ་གཅིག་དང་ཕྱོགས་ཡོངས་ནས་ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་ཆེད་དོན་སྐོར་ཞིབ་ཀྱི་ཕྱིར་ལྡོག་གནད་དོན་དག་ཐེར་དོན་འཁྱོལ་ལེགས་འགྲུབ་བྱ་དགོས་པ་དང་། ཁོར་ཡུག་གི་གསར་བརྗེ་དང་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་གྱི་གས་འགྱུར་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱས་ནས། ནུས་ཤུགས་ཡོད་རྒུས་དབུལ་ཕོངས་ཀྱི་བཙན་རྫོང་གཏོར་དགོས་པ་དང་། ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་སྤྲོད་དགོས་ཞེས་ནན་གྱིས་བསྟན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།