中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀན་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་ཀན་ལྷོའི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚད་མཐོའི་དོ་སྣང་དང་གྲོས་བསྡུར་གང་ལེགས་བྱས་པ།
དུས་ཚོད།2019-03-13 15:27:37     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཟླ 3པའི་ཚེས 7ཉིན་ལ། ཀན་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་གདེང་ཆོད་ནན་པོ་བཅངས་ནས་དམིགས་འབེན་དམ་པོར་བཟུང་སྟེ། གནད་དོན་དག་ཐེར་བྱེད་པར་གུ་ཡངས་མི་བྱེད་པ་དང་།  ལས་འགན་མི་ལྷོད་པར་སྤྱོད་ཚུལ་བཅོས་སྒྱུར་ལ་འབད་པ་ཧུར་ཐག་བྱ་དགོས་ཞེས་ནན་གྱིས་བསྟན། རང་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བརྙན་འཕྲིན་དང་དྲ་རྒྱ། ཁ་པར་སོགས་བརྒྱུད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཀན་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གནས་ཚུལ་དང་ཆ་འཕྲིན་ལ་བལྟས་ཏེ། ཚང་མའི་ཚད་མཐོའི་དོ་སྣང་དང་གྲོས་བསྡུར་གང་ལེགས་བྱས།
    ཚང་མས་གཏིང་ཟབ་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་བྱས་ཏེ། འབད་པ་ཧུར་ཐག་དང་ཐབས་ཇུས་ཡང་དག་སྤྱད་དེ་དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་དུས་ལྟར་ལེགས་འགྲུབ་ཡོང་བར་ཁག་ཐེག་དང་། རང་ཁུལ་གྱི་ཕྱོགས་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་དང་འབྱོར་འབྲིང་སྤྱི་ཚོགས་ལ་རྒྱལ་ཁ་ལེན་པར་ནུས་ཤུགས་འདོན་དགོས་པར་བསམས།
    ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ལི་རྨིན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་སུ། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀན་སུའུ་འཐུས་མི་ཚོགས་པར་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱིས་ཀན་ལྷོའི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་གདེང་ཆོད་དང་སེམས་ཐག་ཇེ་བརྟན་དུ་བཏང་བ་དང་། ང་ཚོས་ཀྱང་སྤྱི་ཁྱབ་ཧྲུའུ་ཅི་ཡི་རེ་བ་སྟོང་ཟད་དུ་མི་གཏོང་བར་ཀན་ལྷོའི་སང་ཉིན་དང་མི་དམངས་སྔར་ལས་ལྷག་པར་མཛེས་སྡུག་དང་བདེ་སྐྱིད་ལྡན་པར་བྱ་དགོས་ཞེས་བཤད།
    ཁུལ་དག་ཐེར་སྒྲིག་བཅོས་ཁང་གི་ལས་བྱེད་མི་སྣ་དབྱང་དབྱི་རྨིན་གྱིས་གཏིང་ཟབ་སྒོས་ཞི་ཅིན་ཕིང་གི་དབུལ་སྐྱོར་བྱ་བའི་རྒྱས་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྔྱོང་དང་ངོས་ཟིན་གང་ལེགས་བྱས་ཏེ། ཀྲུང་དབྱང་དབུལ་ཐར་མཁྲེགས་གཏོར་གྱི་ཆེད་དོན་ཕྱིར་ལྡོག་བསམ་འཆར་དག་ཐེར་བྱེད་པའི་བྱ་བ་རེ་རེ་ལེགས་པར་བསྒྲུབས་པ་དང་། མི་དམངས་ལ་འགན་ཁུར་བའི་ཆོད་སེམས་བརྟན་པོར་བཅངས་ནས་ཁུལ་ཡོངས 2019ལོར་སྤྱིའི་ཆ་ནས་དབུལ་ཐར་བྱེད་པའི་དམིགས་འབེན་ལ་ནུས་ཤུགས་གང་ཡོད་འདོན་དགོས་ཞེས་བཤད།
    གཙོས་གྲོང་ཁྱེར་སྣ་སྦུག་གྲོང་རྡལ་ཤོ་མང་སྡེ་བའི་མང་ཚོགས་ཐར་ལོས་སྤྱི་ཁྱབ་ཧྲུའུ་ཅི་ཡིས་གསུང་བཤད་ལ་ཉན་རྗེས“སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཀན་སུའུ་འཕེལ་རྒྱས་ལ་ཐུགས་ཁུར་བྱེད་པ་མཐོང་རྗེས་སེམས་བདེ་སོང་། ད་ལྟ་ང་ཚོ་དབུལ་ཐར་བྱུང་ཡང་སྔར་བཞིན་རང་ཉིད་ཀྱི་བརྩོན་པར་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་དགོས”ཞེས་བཤད།།
                        (བན་དེ་ཚེ་རིང་གིས་བསྒྱུར།) 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།