中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཁུལ་ཨུའི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཚོགས་པ།
དུས་ཚོད།2019-03-13 15:29:34     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 3པའི་ཚེས 6ཉིན་ལ། ཁུལ་ཨུའི་དཔལ་འབྱོར་བྱ་བའི་གྲོས་ཚོགས་གཙོས་སུ་ཚོགས། གྲོས་ཚོགས་ཀྱིས 2018ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་བྱ་བ་ཕྱོགས་སྡོམ་དང་གཏིང་ཟབ་སྒོས་མིག་སྔར་ཁུལ་ཡོངས་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱས་ཤིང་། ད་ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་བྱ་བ་བཀོད་སྒྲིག་བྱས།
    ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།
    ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་བ་མ་ཟད་གཏམ་བཤད།
    ཁུལ་གྱི་འགོ་ཁྲིད་པ་ཨན་ཅིན་ལུང་དང་ཞུས་ཆང་། སུང་ཅན། དབྱང་ཝུའུ། དབྱང་ཞུང་། ཧའོ་ཅུའེ་རྨིན། ཡོན་ཞིན་ཧོ། ལིའུ་ཧྥུན་བཅས་གྲོས་ཚོགས་སུ་ཞུགས།
    གྲོས་ཚོགས་ཀྱིས་ཡིག་ཐོག་ནས་ཞིང་ཆེན་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ་ཡིས《2018ལོའི་ཁུལ་ཨུའི་སྡེ་ཁག་སོ་སོའི་བྱ་བའི་དམིགས་འབེན་དོ་དམ་འགན་འཁྲིའི་དཔྱད་ཞིབ་སྔོན་ཐོན་ལས་ཁུངས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས་སྒྲོག་སྦྱང་》དྲིལ་བསྒྲགས་བྱས།
    ཡུས་ཁྲིན་ཧུའེ་ཡིས 2018ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་གཙོ་བོར་ཚད་གཞི“བརྟན་པོའི་ངང་འཕེལ་བའི”རྣམ་པ་མངོན་པ་དང་། ས་ཁུལ་ཐོན་ལས་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར 155.73ལ་བསླེབས་ཏེ། དུས་མཚུངས་ལས 5%འཕར་བས། ལོ་འགོའི་སྔོན་རྩིས་དམིགས་འབེན་ལས་མཐོ། རང་ཁུལ་གྱི་དཔལ་འབྱོར་ནམ་ཡང་བབ་མཚམས་ལུགས་མཐུན་རྒྱུན་སྐྱོང་ཐུབ། དེ་ནི་གཙོ་བོ་དབུལ་ཐར་མཁྲེགས་གཏོར་གྱིས་ཀན་ལྷོར་གསོན་ཤུགས་བསྩལ་ལ། ཁོར་ཡུག་གསར་བརྗེ་ཡིས་ཀན་ལྷོར་བརྩོན་ཤུགས་བསྩལ། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་གྱིས་ཀན་ལྷོར་སྤོབས་ཤུགས་བསྩལ། རིག་གནས་ཡུལ་སྐོར་གྱིས་ཀན་ལྷོར་སྟོབས་ཤུགས་བསྩལ། བཅོས་སྒྱུར་སྒོ་འབྱེད་ཀྱིས་ཀན་ལྷོར་ཚོང་ཤུགས་བསྩལ་བ་རེད་ཅེས་བསྟན།
    ཀྲའོ་ལིན་ཡུན་གྱིས་གནས་བབ་ངོས་ཟིན་དང་དཔལ་འབྱོར་གཙོ་གཞི་དམ་དུ་བཟུང་ནས་དུས་རབས་འཕེལ་རྒྱས་ཀྱི་དུས་བབ་གསར་བ་དམ་པོར་འཛིན་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱད་གཞི་གསར་བ་དམ་པོར་འཛིན་པ། བཅོས་སྒྱུར་ཟབ་སྤེལ་གྱི་དམིགས་འབེན་གསར་བ་དམ་པོར་འཛིན་པ། དམངས་འཚོ་ལེགས་སྒྱུར་གྱི་ཕྱོགས་སྟོན་གསར་བ་དམ་པོར་འཛིན་པ། ཉེན་ཟོན་གྱི་བླང་བྱ་གསར་བ་དམ་པོར་འཛིན་པ། ནུས་ཤུགས་བརྟན་པོ་རྒྱུན་འཁྱོངས་བྱས་ནས་གཙོ་གནད་འགག་སྒྲོལ་མངོན་འགྱུར་བྱེད་པ། མཁྲེགས་གཏོར་ཆེན་མོ་གསུམ་ལ་རྒྱལ་ཁ་ཐོབ་པ། ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱེད་པ། ཕྱོགས་ཡོངས་ནས་ནོར་ཁྲལ་དངུལ་རྩའི་བྱ་བར་ཤུགས་སྣོན་པ། ཤུགས་ཆེན་སྒོས་དམངས་འཚོ་བཅོས་སྒྱུར་ཁག་ཐེག་བྱེད་པ། ཧུར་བརྩོན་སྒོས་ཀན་ལྷོ་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།
    ཁུལ་ཚན་ཁག་ཆེན་མོ་བཞིའི་ལས་ཁུངས་སུ་ཡོད་པའི་འགོ་ཁྲིད་དང་ཁུལ་ཁྲིམས་ཁང་གི་འགོ་གཙོ། ཁུལ་ལྟ་དཔྱོད་ཁང་གི་འགོ་གཙོ། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་འགོ་ཁྲིད། ཁུལ་དམངས་ཆེན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཁ་གཏད་དྲུང་ཡིག་ཆེན་མོ་གཞོན་པ། ཁུལ་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ། ཁུལ་དམངས་ཆེན་ནོར་སྲིད་དཔལ་འབྱོར་བྱ་བྱེད་ཨུ། ཁུལ་སྲིད་གྲོས་དཔལ་འབྱོར་ཚན་རྩལ་ཨུ། རྫོང་དང་གྲོང་ཁྱེར་སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན་སོགས་གྲོས་ཚོགས་སུ་ཞུགས།། 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།