中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། སྐབས་བཞི་བའི་ཏུན་ཧོང་རིག་གནས་དངོས་མང་བཤམས་སྟོན་ཚོགས་འདུ་དང་སྐབས་དགུ་བའི་དར་གོས་ཚོང་ལམ་རྒྱལ་སྤྱིའི་ཡུལ་སྐོར་དུས་ཆེན་ལག་བསྟར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་ཚོགས་པ།
དུས་ཚོད།2019-03-13 15:30:51     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 3པའི་ཚེས 9ཉིན་ལ། སྐབས་བཞི་བའི་ཏུན་ཧོང་རིག་གནས་དངོས་མང་བཤམས་སྟོན་ཚོགས་འདུ་དང་སྐབས་དགུ་བའི་དར་གོས་ཚོང་ལམ་རྒྱལ་སྤྱིའི་ཡུལ་སྐོར་དུས་ཆེན(གཤམ་དུ“ཚོགས་འདུ་གཅིག་དང་དུས་ཆེན་གཅིག”ཏུ་བསྡུས་འབྲི་བྱས་པ)ལག་བསྟར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་ལན་ཀྲོའུ་རུ་ཚོགས།
    ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ། ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་སུང་ལིའང་གིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་བ་མ་ཟད་གཏམ་བཤད། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི། ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཡུས་ཁྲིན་ཧུའེ་དང། ཧྲིན་ཀྲང་གཞོན་པའམ་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧོ་ཝེ། ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་། ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཡུས་ཅན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།
     གྲོས་ཚོགས་སུ་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གི་ཐིང་ཀྲང་ངམ་ཞིང་ཆེན་རིག་གནས་དངོས་མང་བཤམས་སྟོན་ཅུས་ཀྱི་ཅུས་ཀྲང་ཁྲིན་ཝེ་ཀྲུང་གིས“ཚོགས་འདུ་གཅིག་དང་དུས་ཆེན་གཅིག”གི《ཁྱོན་ཡོངས་ཐབས་ཇུས》དང་རྩ་འཛུགས་ལས་ཁུངས་ཀྱི་འགན་འཁྲིའི་ལས་བགོས་སྐོར་གྱི་སྙན་ཞུ་ཕུལ། ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ་ཡིས“ཚོགས་འདུ་གཅིག་དང་དུས་ཆེན་གཅིག”གི་འགོ་ཚུགས་པའི་མཛད་སྒོ་སྟེ་ཀན་ལྷོ་ཁུལ་གྱིས་བྱ་འགུལ་སྤེལ་ས་འཛུགས་སྐྲུན་བྱས་པའི་སྐོར་གྱི་གནས་ཚུལ་གྱི་སྙན་ཞུ་ཕུལ།
    ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་དང་ཀན་ལྷོ་ཁུལ་གྱི་བྱ་བའི་སྙན་ཞུ། ཚོགས་ཞུགས་མི་སྣའི་བསམ་འཆར་བཅས་ལ་ཉན་རྗེས་སུང་ལིའང་གིས“ཚོགས་འདུ་གཅིག་དང་དུས་ཆེན་གཅིག”གི་ནང་དོན་དང་རྣམ་པ། རྩ་འཛུགས་ཐབས་ལམ་བཅས་ལ་མཐོ་བརྒལ་གསར་བ་ཞིག་ཡོད་དགོས་པ་དང་ཕྱོགས་སོ་སོར་ཚོང་ར་ཅན་དང་རྒྱལ་སྤྱི་ཅན། མང་ཚོགས་ཅན་དུ་ནུས་པ་འདོན་དགོས་ལ། ཤུགས་ཆེན་སྒོས་བྱ་བ་སྣ་ཚོགས་ལེགས་པར་བསྒྲུབ་དགོས། གཅིག་ནས་འགན་འཁྲི་ཏན་ཏིག་བསྒྲུབ་པ། 《ཁྱོན་ཡོངས་ཐབས་ཇུས》དག་བཅོས་འཐུས་ཚང་དུ་བཏང་རྗེས་པར་འགྲེམ་བྱ་དགོས། ཚན་ཆུང་སོ་སོས་ལག་བསྟར་རང་བཞིན་ཡོད་པའི་བྱ་བའི་ཐབས་ཇུས་དང་བྱེད་སྒོ་གཙོ་བོའི་ལག་བསྟར་ཐབས་ཇུས་གཏན་འབེབས་བྱས་ནས་རྩ་འཛུགས་ལ་སྟོབས་ཤུགས་ཡོད་པ་དང་འགན་འཁྲི་དོན་འཁྱོལ་བྱེད་པར་ཁག་ཐེག་བྱ་དགོས། གཉིས་ནས་འགན་འཁྲི་ལས་བགོས་དོན་འཁྱོལ་བྱེད་པ་ལེགས་པར་འཛིན་པ་དང་བྱ་བ་སྣ་ཚོགས་བརྟན་པོའི་ངང་སྤེལ་བར་ཁག་ཐེག་བྱེད་པ། ཚོང་ར་ཅན་གྱི་ཚོགས་འདུ་བསྡུ་བའི་ཆུ་ཚད་ཇེ་མཐོར་གཏོང་བ། དུས་ཆེན་དང་ཚོགས་ཆེན་གྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་དགོས་པ་བཅས་ཀྱི་ཐད་བླང་བྱ་བཏོན།
    གྲོས་ཚོགས་སུ་ཡུས་ཁྲིན་ཧུའེ་དང་ཧོ་ཝེ། ཡུས་ཅན་བཅས་གྱིས《ཁྱོན་ཡོངས་ཐབས་ཇུས》དང་འགན་འཁྲི་ས་གནས་འཛུགས་སྐྲུན། བྱ་འགུལ་ཇུས་འགོད། བདེ་སྲུང་བྱ་བ་སོགས་ཀྱི་ཐད་ལ་བླང་བྱ་གསལ་བོ་བཏོན།
    ལག་བསྟར་ཨུ་ཡོན་ལྷན་ཁང་དྲུང་ཡིག་ཁྲུའུ་ཡི་འགན་ཁུར་མཁན་དང་ཆེད་དོན་བྱ་བྱེད་ཚན་ཆུང་སོ་སོའི་ཚན་གཙོ། ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན། ཀན་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ལིའུ་ཧྥུན། ཀན་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཧྲི་ཀྲན་ལིའང། ཀན་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པའམ་གཙོས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིའུ་ཡུང་ཀོ་བཅས་གྲོས་ཚོགས་སུ་ཞུགས།། 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།