中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཀན་ལྷོ་ཁུལ་གྱི 2019ལོའི་གསར་འཛུགས་ལས་གཞི་སྐོར་དང་པོ་དང་འགོ་ནང་ཐང་དབུལ་སྐྱོར་འཁོར་ཁང་དང་ཡུལ་སྐོར་རྩལ་ནུས་དངོས་སྦྱོང་གཞི་ས་སྐྲུན་འགོ་བརྩམས་པ།
དུས་ཚོད།2019-04-03 11:10:54     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 3པའི་ཚེས 25ཉིན་ལ། ཀན་ལྷོ་ཁུལ་གྱི 2019ལོའི་གསར་འཛུགས་ལས་གཞི་སྐོར་དང་པོ་དང་འགོ་ནང་ཐང་དབུལ་སྐྱོར་འཁོར་ཁང་དང་ཡུལ་སྐོར་རྩལ་ནུས་དངོས་སྦྱོང་གཞི་ས་སྐྲུན་འགོ་རྩོམ་པའི་མཛད་སྒོ་གཙོས་གྲོང་ཁྱེར་དང་ལིན་ཐན་རྫོང་དུ་སྤེལ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ལས་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད་ལས་འགོ་ཚུགས་པ་ཁྱབ་བསྒྲགས་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་ལས་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད་གཏམ་བཤད།
    ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ལིའུ་ཧྥུན་དང་། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཁྲང་ཏེ། ཁུལ་དཔོན་གཞོན་པའམ་གཙོས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིའུ་ཡུང་ཀོ  ཁུལ་དཔོན་གཞོན་པ་ཝང་ཅན་ཅུན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཞའོ་ནན་བཅས་ལས་འགོ་རྩོམ་པའི་མཛད་སྒོར་ཞུགས།
    ལས་འགོ་རྩོམ་པའི་མཛད་སྒོ་མཇུག་སྒྲིལ་རྗེས། ཡུས་ཁྲིན་ཧུའེ་ཡིས་འབྲེལ་ཡོད་ཕྱོགས་ཀྱིས་འགོ་ནང་ཐང་དབུལ་སྐྱོར་འཁོར་ཁང་དང་ཡུལ་སྐོར་རྩལ་ནུས་དངོས་སྦྱོང་གཞི་ས་འཛུགས་སྐྲུན་བྱེད་པའི་སྐོར་གྱི་གནས་ཚུལ་ཡར་ཞུ་བྱས་པར་ཉན་རྗེས། འགོ་ནང་ཐང་དབུལ་སྐྱོར་འཁོར་ཁང་དང་ཡུལ་སྐོར་རྩལ་ནུས་དངོས་སྦྱོང་གཞི་ས་འཛུགས་སྐྲུན་བྱེད་འགོ་བརྩམས་པ་ཡིས། རང་ཁུལ་གྱི་ཐོན་ལས་དབུལ་སྐྱོར་གྱི་ལས་རྣམ་གསར་བ་འཕེལ་རྒྱས་བྱུང་བ་དང་། ནུས་ཤུགས་གཅིག་སྒྲིལ་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་མོར་རྒྱལ་ཁ་ལེན་པའི་དུས་རིམ་གསར་བར་བསླེབས་པ་མཚོན་པས། ལིན་ཐན་རྫོང་དང་འབྲེལ་ཡོད་ཕྱོགས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་མཐོར་བཏང་ནས། བྱ་བའི་འཕེལ་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཡུལ་སྐོར་ལ་བརྟེན་ནས་དབུལ་སྐྱོར་བྱ་རྒྱུར་སྐུལ་འདེད་བཏང་སྟེ། སྔར་ལས་ལྷག་པར་ཞིང་སྡེའི་ཡུལ་སྐོར་གྱིས་དབུལ་ཐར་མཁྲེགས་གཏོར་ལ་ཕན་སྐུལ་གྱི་ནུས་པ་འདོན་སྤེལ་བྱ་དགོས་ཞེས་བསྟན་པ་མ་ཟད། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་དབུལ་ཐར་གྱི་ལས་འགན་དང་དམིགས་འབེན་ལ་དམ་པོར་དམིགས་ནས། རྒྱལ་ཁ་ལེན་པའི་གདེང་ཚོད་སྔར་བས་ཇེ་བརྟན་དུ་གཏོང་དགོས་ལ། དངོས་གནས་མང་ཚོགས་ཀྱི་ཐོབ་སྣང་ཇེ་དྲག་ཏུ་གཏོང་བ་དང་། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས་པའི་བླང་བྱ་བཏོན།
    ཀྲའོ་ལིན་ཡུན་གྱིས 2019ལོའི་གསར་འཛུགས་ལས་གཞི་སྐོར་དང་པོ་གཅིག་བསྡུས་ཀྱིས་འཛུགས་སྐྲུན་བྱེད་འགོ་ཚུགས་པ་ཡིས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ལས་གཞི་འཛུགས་སྐྲུན་དམ་པོར་འཛིན་དགོས་པར་སྐུལ་མ་བཏང་བ་ཡིན་ལ། རང་ཁུལ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་འཕེལ་རྒྱས་སུ་འགྲོ་བའི་གནད་འགག་གི་དུས་རིམ་དུ་བསླེབས་པ་མཚོན་ཞེས་བསྟན།
    གཙོས་གྲོང་ཁྱེར་དང་ལིན་ཐན་རྫོང་གི་འབྲེལ་ཡོད་འགོ་ཁྲིད་དང་། ཁུལ་དང་རྫོང་། གྲོང་ཁྱེར་བཅས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣ་དང་མང་ཚོགས་ཀྱི་འཐུས་ཚབ་མི་སྣ་ཁ་ཤས་བཅས་ལས་འགོ་ཚུགས་པའི་མཛད་སྒོར་ཞུགས་ཤིང་། འཛུགས་སྐྲུན་ནང་ཞུགས་པའི་ལས་ཁུངས་དང་ལྟ་སྐུལ་དོ་དམ་སྡེ་ཚན་བཅས་ཀྱི་འཐུས་མིས་བསམ་ཚུལ་མཚོན་པའི་གཏམ་བཤད།།
      (མཁའ་བྱམས་ཚེ་རིང་གིས་བསྒྱུར།)

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།