中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། རང་ཁུལ་གྱིས“བྱེད་ཐབས་གསུམ”ཤུགས་ཆེར་བཏང་ནས་ལས་ཞུགས་དབུལ་སྐྱོར་ལ་སྐུལ་འདེད་བཏང་བ།
དུས་ཚོད།2019-04-11 08:40:24     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
      (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) རང་ཁུལ་གྱིས་ལས་ཞུགས་དབུལ་ཐར་ལས་གྲྭ་ལག་བསྟར་ཁྲོད་ལེགས་པའི་ཞབས་ཞུ་དང་སྲིད་ཇུས་ལག་བསྟར། སྟེགས་བུ་བསྐྲུན་པ་བརྒྱུད་ནས་དབུལ་ཕོངས་ངལ་རྩོལ་བ་དག་གི་དངོས་པོའི་དབུལ་ཐར་དང་འདུ་ཤེས་ཀྱི་དབུལ་ཐར“མཉམ་དུ་བསྐྱོད་པར”སྐུལ་འདེད་བཏང་།
          དབུལ་ཐར་གསོ་སྦྱོང་བྱས་ནས་ནུས་རྩལ་བསྩལ་བ་དང་དབུལ་ཕོངས་ངལ་རྩོལ་བ་དག་ལ་ལག་རྩལ་མེད་པར་གཞིགས་ནས་རང་ཁུལ་གྱིས་ལས་རིགས་ནུས་རྩལ་གསོ་སྦྱོང་བྱ་བ་དེ་མི་རིགས་ས་ཁུལ་གྱི་ཁེ་ལས་དང་ལས་ཁུངས་ཀྱི་ལས་བྱེད་མི་སྣ། རོང་འབྲོག་སྡེའི་ངལ་རྩོལ་ནུས་རྩལ་མཐོར་འདེགས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་དུ་བཟུང་ནས་ཡིག་ཚགས་བསྐྲུན་པ་དང་། བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་དང་གསོ་སྦྱོང་ལ་ཞུགས་འདོད་ཡོད་པའི་རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་འགལ་བ་བསལ་ཆེད་སྔོན་ལ་གསོ་སྦྱོང་བྱས་ཏེ། རོང་འབྲོག་མང་ཚོགས་དང་ཤང་གྲོང་གི་ངལ་རྩོལ་བ་གཞན་དག་ལ་ཐབས་ལམ་མང་བ་དང་ནུས་ཤུགས་ལྡན་པའི་ལས་རིགས་ནུས་རྩལ་གྱི་གསོ་སྦྱོང་ཞབས་ཞུ་འདོན་སྤྲོད་བྱས། མིག་སྔར། ཁུལ་ཡོངས་ཀྱི་ལས་རིགས་ནུས་རྩལ་གསོ་སྦྱོང་བྱ་བ་གཙོ་བོ་ལིན་ཐན་དང་འབྲུག་ཆུ། ཅོ་ནེ། ཐེ་བོ་བཅས་རྫོང་རིམ་པ 4ཡི་ལས་རིགས་ལག་རྩལ་སློབ་གྲྭ་དང་ཁུལ་ཕྱི་ནང་གི་རྒྱུ་སྤུས་ཐོབ་ཐང་ལྡན་པའི་དམངས་སྒྲུབ་ལས་རིགས་གསོ་སྦྱོང་ལས་ཁུངས་སུ་འབྲེལ་ཡོད་གསོ་སྦྱོང་བྱ་བ་བསྒྲུབས། བྱ་བའི་ལས་ཁུངས་བཙུགས་རྗེས་ཁུལ་ཐོག་ཏུ་བྱ་བྱེད་ཚན་ཆུང་བརྒྱད་བཙུགས་ནས་ཤུགས་ཆེན་སྒོས་ངལ་རྩོལ་ནུས་ཤུགས་གསོ་སྦྱོང་དང་ངལ་རྩོལ་དང་ཞབས་ཞུའི་བྱ་བར་སྐུལ་འདེད་བཏང་། ན་ནིང་ལོར་ཁུལ་ཡོངས་སུ་རིགས་མི་འདྲ་བའི་གསབ་སྦྱོང་འཛིན་གྲྭ་ཐེངས 169བཙུགས་ཤིང་གནད་ཁེལ་དབུལ་སྐྱོར་གྱི་ངལ་རྩོལ་མི 17442ལེགས་གྲུབ་བྱུང་བ་དང་དེའི་ཁྲོད་དུ་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་མི 10116ཟིན།
        2018ལོར། ཁུལ་ཡོངས་ཀྱི་ངལ་ལས་ཕྱིར་གཏོང་ཚད་མི་ཁྲི 12ཀྱི་ལས་འགན་དང་དམིགས་འབེན་ལེགས་གྲུབ་བྱུང་། ངལ་ལས་ཡོང་འབབ་སྒོར་དུང་ཕྱུར 21.183མངོན་འགྱུར་བྱུང་བ་དང་། དེའི་ཁྲོད་དུ་ཕྱིར་གཏོང་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་ངལ་རྩོལ་ནུས་ཤུགས་ཀྱི་མི་ཁྲི 1.2824ཡོད་པ་དང་། ངལ་ལས་ཡོང་སྒོ་སྒོར་དུང་ཕྱུར 1.93ལ་བསླེབས། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་མཉམ་དུ་ཁེ་ལས་ཤེས་ཡོན་པ་གདན་ཞུ་ཐེངས 32བསྡུས་པ་དང་། ཚོགས་ཞུགས་ལས་ཁུངས 679ཡོད། ཤར་ནུབ་རྒྱུད་ལ་རོགས་སྐྱོར་གྲོང་ཁྱེར་དང་ཁེ་ལས 156ཡོད་ལ། ལས་གནས 4862འདོན་སྤྲོད་བྱས་པ་དང་། ལས་འཚོལ་མི་སྣ 5067ཡོད་ལ། མི 674ཡི་ཕུགས་འདུན་སྔོན་འགྱུར་བྱུང་ཞིང་། དེའི་ཁྲོད་དུ་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་ངལ་རྩོལ་ནུས་ཤུགས་མི 137ཡོད། སྲིད་གཞུང་ལ་བརྟེན་ནས་ངལ་ལས་འབྲེལ་མཐུད་ཕྱིར་གཏོང་བའི་མི 83ཡོད་ལ། དེའི་ཁྲོད་དུ་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་ངལ་རྩོལ་ནུས་ཤུགས་མི 48ཡོད་ལ་མི་རེའི་ཟླ་རེར་ཆ་སྙོམས་ཡོང་འབབ་སྒོར 3242ལ་བསླེབས།
        ཞིང་ཆེན་ཡོངས་ཀྱི“དབུལ་སྐྱོར་འཁོར་ཁང”འཛུགས་སྐྲུན་དང་ལས་ཞུགས་དབུལ་སྐྱོར་ཡུལ་དངོས་སྐུལ་སློང་ཚོགས་འདུ་ཚོགས་རྗེས། ཁུལ་ཡོངས་ཀྱི“དབུལ་སྐྱོར་འཁོར་ཁང”འཛུགས་སྐྲུན་བྱེད་ཤུགས་སྔར་ལས་ཇེ་ཆེར་བཏང་བ་དང་། ད་ལྟའི་བར་དུ་ཁུལ་ཡོངས་ཀྱི“དབུལ་སྐྱོར་འཁོར་ཁང”བསྡོམས་པས 62ལ་བསླེབས་པ་དང་། ངལ་རྩོལ་ནུས་ཤུགས་མི 3073ནང་འདྲེན་བྱས་ཤིང་། དེའི་ཁྲོད་དུ་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་ངལ་རྩོལ་ནུས་ཤུགས་མི 738ཡོད་ལ། ཟླ་རེའི་ཆ་སྙོམས་ཡོང་སྒོ་སྒོར 2620ལ་བསླེབས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།