中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཏང་ཙུའུ་ཡིས 2019ལོའི་ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་ཆེད་དོན་སྐོར་ཞིབ་ཕྱིར་ལྡོག་སྒྲིག་བཅོས་ཀྱི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་པ།
དུས་ཚོད།2019-04-11 08:41:06     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཟླ 4བའི་ཚེས 2ཉིན་ལ། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཏང་ཙུའུ་ཡིས 2019ལོའི་ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་ཆེད་དོན་སྐོར་ཞིབ་ཕྱིར་ལྡོག་སྒྲིག་བཅོས་ཀྱི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས།

          ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཀྲུའུ་རེན་ཨན་ཅིན་ལུང་གིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་བ་མ་ཟད་ཕྱོགས་སྡོམ་གྱི་གཏམ་བཤད། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རེན་གཞོན་པ་ཚེ་རིང་དོན་གྲུབ་དང་། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཏང་ཙུའུ་ཡི་ཁོངས་མིའམ་ཀྲུའུ་རེན་གཞོན་པ་དབྱང་ཅན་གོ དབྱང་ཀྲི་ཚའེ། དབྱང་ཁྲང་ཏེ་དང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཏང་ཙུའུ་ཡི་ཁོངས་མིའམ། དྲུང་ཡིག་ཆེན་མོ་ཏུང་ཡན་ཆིན་གྲོས་ཚོགས་སུ་ཞུགས། ཁུལ་སྒྲིག་ཨུའི་རྟོག་ཞིབ་ཚན་ཁག་དང་བོ་དང་ཁུལ་སྒྲིག་ཨུའི་ལྟ་བཤེར་ཨུའི་བཅའ་སྡོད་བྱེད་པར་མངགས་པའི་སྒྲིག་བཤེར་ལྟ་ཞིབ་ཨུའི་ཚན་ཁག་དང་བོའི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་ཚོགས་འདུར་ཁྲིད་སྟོན་བྱས།

       ཚོགས་འདུའི་ཐོག་ཨན་ཅིན་ལུང་གིས་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཚན་ཁག་གི་ཚབ་བྱས་ཏེ་ལྟ་བསྡུར་ཞིབ་བཤེར་བྱས་པ་མ་ཟད་རང་ཉིད་ཀྱིས་འགོ་ཁྲིད་དེ་ལྟ་བསྡུར་ཞིབ་བཤེར་བྱས། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཏང་ཙུའུ་ཚན་ཁག་གིས་རེ་རེ་བཞིན་ལྟ་བསྡུར་ཞིབ་བཤེར་གྱི་གཏམ་བཤད་ལ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས།

         ཨན་ཅིན་ལུང་གིས་ཐེངས་འདིའི་དམངས་གཙོ་འཚོ་བའི་གྲོས་ཚོགས་གཟབ་ནན་ཡིན་དགོས་ལ་ཚོགས་འདུའི་བརྗོད་གཞིར་གཞིགས་ནས་གནད་དོན་གཏིང་ཟབ་སྒོས་དབྱེ་ཞིབ་བྱེད་པ་དང་སྒྲིག་བཅོས་གནད་ཁེལ་དོན་འཁྱོལ་བྱེད་པ། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་ཏང་ཙུའུ་ཡི་ཁོངས་མིས་ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་མཐོར་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་ཐད་ཀྱི་རྣམ་བཤད་གལ་ཆེན་སྤྱད་ནས་བསམ་བློའི་ངོས་ཟིན་མཛུབ་སྟོན་ལག་ལེན་དུ་བསྟར་བ། གླེང་ཕྱོགས་བརྟན་པོ་དང་རྣམ་འགྱུར་དྲང་མོ། ནུས་ལྡན་གྱི་བྱ་སྤྱོད། གཟབ་ནན་སྒོས་བླང་བྱ་སྤྱད་ནས་ཁུལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་སྐུལ་སྤེལ་གཏོང་དགོས་ཞེས་བསྟན།
          སྒྲིག་བཅོས་ཀྱི་ཆབ་སྲིད་འགན་འཁྲི་ལེགས་པར་བཟུང་ནས་ལས་ཁུངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་དངོས་གནས་ཇེ་ལེགས་སུ་གཏོང་བ་དང་། མི་སྒེར་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བའི་རྩ་འཛུགས་འགོ་ཁྲིད་ལ་འབྲེལ་བ་བྱས་ནས་རྩ་འཛུགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་སྒྲིག་བཅོས་དོན་འཁྱོལ་ཁྲོད་ཞུགས་ནས་དངོས་སྒྲུབ་ཀྱི་དགོངས་དོན་དར་སྤེལ་དང་ནུས་ལྡན་གྱི་ཐབས་ཤེས་སྤྱད་ནས་གནད་དོན་སྒྲིག་བཅོས་བྱེད་པ། དམིགས་ཚད་མཐོན་པོ་དང་བླང་བྱ་ནན་མོས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་འབད་པ་བྱ་དགོས་ཞེས་བསྟན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།