中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཧོ་ལི་ཧྥུན་གྱིས་རྟོག་ཞིབ་དང་མཛུབ་སྟོན་བྱེད་སྐབས་ནན་གྱིས་བསྟན་པ།
དུས་ཚོད།2019-04-11 08:43:21     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་ཆར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་རྒྱལ་ཁབ་བཅོས་སྒྱུར་འཕེལ་རྒྱས་ཨུའི་ཀྲུའུ་རེན་ཧོ་ལི་ཧྥུན་གྱིས་ཀན་ལྷོ་ཁུལ་དུ་རྟོག་ཞིབ་བྱེད་སྐབས་དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བྱེད་པ་དང་། དབུལ་སྐྱོར་གནས་སྤོར་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། སློབ་གསོ་དབུལ་སྐྱོར་གྱི་སྤུས་ཚད་མ་ལག་འཐུས་ཚང་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།
      ཧོ་ལི་ཧྥུན་འཁོར་དང་བཅས་པ་ལིན་ཐན་རྫོང་བསྒྲུབ་རྒྱོ་གྲོང་རྡལ་ཡར་བཀྲ་སྡེ་བར་སོང་ནས་ས་དེ་གའི་དབུལ་ཐར་མཁྲེགས་གཏོར་ཐོན་ལས་གསོ་སྐྱོང་བྱེད་པ་དང་ཞིང་སྡེའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པར་ཉན་པ་དང་། དབུལ་སྐྱོར་གནས་སྤོར་དང་སྲིད་ཇུས་ཁག་དོན་འཁྱོལ་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་མ་ཟད། དབུལ་སྐྱོར་གནས་སྤོར་བཀོད་སྒྲིག་གནས་སུ་དབུལ་ཕོངས་ཁྱིམ་ཚང་གི་ཁང་བ་གསར་བའི་ནང་སོང་ནས་དབུལ་ཕོངས་མང་ཚོགས་ལ་དབུལ་ཐར་ཕྱུག་འགྱུར་གྱི་བརྩོན་སེམས་བསྩལ་བ་དང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་དང་རོགས་སྐྱོར་འོག་སྔ་མོ་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་དགོས་ཞེས་བཤད།
      ཧོ་ལི་ཧྥུན་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་སོ་སོ་བརྟན་པོའི་ངང་དོན་འཁྱོལ་བྱེད་པ་དང་། དབུལ་ཕོངས་མང་ཚོགས་ཀྱི་མྱོང་ཆོག་པའི་སྲིད་ཇུས་གཅིག་ཀྱང་མི་ཆད་པ་དང་མི་གཅིག་ཀྱང་མི་བསྐྱུར་བ། ཐོན་ལས་དང་ལས་ཞུགས་ཀྱིས་དབུལ་ཐར་མཁྲེགས་གཏོར་བརྟན་པོ་ངང་སྐུལ་འདེད་བཏང་ནས། ཐབས་བརྒྱ་ཇུས་སྟོང་གིས་དབུལ་བོའི་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་རྒྱུན་མཐུད་ངང་དབུལ་ཐར་ཁག་ཐེག་བྱ་དགོས་ཞེས་བསྟན།
      བསང་ཆུ་རྫོང་བསང་ཁོག་གྲོང་རྡལ་གནས་སྤོར་བཀོད་སྒྲིག་གནས་དང་བསང་ཆུ་རྫོང་བསང་ཁོག་ཞག་སྡོད་ལམ་ལུགས་སློབ་ཆུང་དུ་ཧོ་ལི་ཧྥུན་དབུལ་ཕོངས་རོང་འབྲོག་མང་ཚོགས་ཀྱི་ཁྱིམ་ཚང་དང་སློབ་གྲྭའི་སློབ་ཁང་དུ་སོང་ནས་ནན་ཏན་སྒོས“ཁྱིམ་གཅིག་ལ་ཁུག་མ་གཅིག”གི་ཡིག་ཚགས་དང་བསླབ་གཞི་སོགས་འབྲེལ་ཡོད་ཡིག་ཆར་བལྟས་ནས་ཁོས་ནམ་ཡང་དབུལ་ཐར་འདུ་ཤེས་དེ་དབུལ་སྐྱོར་གནས་སྤོར་བཀོད་སྒྲིག་བྱ་བའི་ཁྲོད་དོན་འཁྱོལ་བྱེད་པ་དང་། དབུལ་སྐྱོར་གནས་སྤོར་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་པ་དང་། བྱ་བའི་འགན་འཁྲི་སོ་སོ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། དུས་ལྟར་མང་ཚོགས་གནས་སྤོར་རྗེས་སུ་འཕྲད་པའི་དཀའ་ཁག་དང་གནད་དོན་ཐག་བཅད་ནས་གནས་སྤོར་ཐུབ་པ་དང་བརྟན་པོའི་ངང་སྡོད་ཐུབ་པ། འཕེལ་རྒྱས་ཐུབ་པ། ཕྱུག་འགྱུར་ལམ་དུ་བསྐྱོད་ཐུབ་པ་བཅས་ཁག་ཐེག་བྱ་དགོས་ཞེས་བསྟན།
       ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ལིན་ཏུའོ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཨོའུ་དབྱང་ཅན་གྱིས་ལན་ཀྲུའུ་ནས་ཧོ་ལི་ཧྥུན་ལ་རང་ཞིང་གི་དབུལ་ཐར་མཁྲེགས་གཏོར་སྐོར་གྱི་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་སུང་ལིའང་། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་བཅས་ཀྱིས་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།