中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅“ཚོགས་འདུ་གཅིག་དང་དུས་ཆེན་གཅིག”འགོ་ཚུགས་པའི་མཛད་སྒོའི་བྱ་འགུལ་རབ་དང་རིམ་པ་ཇུས་འགོད་དང་གཙོས་གྲོང་ཁྱེར་གྱི་མཚན་ལྗོངས་མཛེས་བཀོད་མཐོར་འདེགས་སུ་གཏོང་བའི་འཆར་གཞི་ཇུས་འགོད་ཀྱི་ཡར་ཞུ་གྲོས་ཚོགས་ལན་ཀྲོའུ་རུ་ཚ
དུས་ཚོད།2019-04-15 08:42:57     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
       
       (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 4བའི་ཚེས 8ཉིན་ལ། སྐབས་བཞི་བའི་དར་གོས་ཚོང་ལམ (ཏུན་ཧོང)རྒྱལ་སྤྱིའི་རིག་གནས་བཤམས་སྟོན་ཚོགས་འདུ་དང་སྐབས་དགུ་བའི་ཏུང་ཧོང་དུ་བསྐྱོད་པ་དར་གོས་ཚོང་ལམ་རྒྱལ་སྤྱིའི་ཡུལ་སྐོར་དུས་ཆེན་འགོ་ཚུགས་པའི་མཛད་སྒོའི་བྱ་འགུལ་རབ་དང་རིམ་པ་ཇུས་འགོད་དང་གཙོས་གྲོང་ཁྱེར་གྱི་མཚན་ལྗོངས་མཛེས་བཀོད་མཐོར་འདེགས་སུ་གཏོང་བའི་འཆར་གཞི་ཇུས་འགོད་ཀྱི་ཡར་ཞུ་ཚོགས་འདུ་ལན་ཀྲོའུ་རུ་ཚོགས།

         ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ “ཚོགས་འདུ་གཅིག་དང་དུས་ཆེན་གཅིག་”གི་ལག་བསྟར་ཨུའི་ཀྲུའུ་རེན་གཞོན་པ། ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་གྲོས་ཚོགས་སུ་ཞུགས་ཤིང་གཏམ་བཤད།
         ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞུས་ཆང་གྲོས་ཚོགས་སུ་ཞུགས།
         ཁུལ་དཔོན་གཞོན་པའམ་གཙོས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིའུ་ཡུང་ཀོ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།
         ཚོགས་ཐོག་ཏུ། འབྲེལ་ཡོད་འཆར་འགོད་ཚོགས་པས “ཚོགས་འདུ་གཅིག་དང་དུས་ཆེན་གཅིག”འགོ་ཚུགས་པའི་མཛད་སྒོའི་བྱ་འགུལ་རབ་དང་རིམ་པ་ཇུས་འགོད་དང་གཙོས་གྲོང་ཁྱེར་གྱི་མཚན་ལྗོངས་མཛེས་བཀོད་མཐོར་འདེགས་སུ་གཏོང་བའི་འཆར་གཞི་ཇུས་འགོད་ཡར་ཞུ་བྱས་པ་དང་། ཚོགས་ཞུགས་འགོ་ཁྲིད་པ་དང་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་བསམ་འཆར་བཏོན།
          ཡུས་ཁྲིན་ཧུའེ་ཡིས་ཕན་ཚུན་སློབ་སྦྱོང་དང་ཉམས་མྱོང་བརྗེ་རེས་བྱས་ནས། “བརྒྱུད་གཅིག་ལམ་གཅིག”དང “ལྗོངས་གསུམ་དང་ཁུལ་གསུམ”གྱི་རིག་གནས་ཁྱད་ཆོས་དང་མཉམ་འདྲེས་བྱ་དགོས་ལ། ལོ་རྒྱུས་རིག་གནས་དང་མི་རིགས་གོམས་སྲོལ། ཡུལ་སྲོལ་ཁྱད་ཆོས་བཅས་འབུར་ཐོན་བྱ་དགོས་པ་དང་། དུང་ཕྲུག་རྩྭ་ཐང་གི་བཤམས་སྟོན་ལྟེ་གནས་དང་མཚེར་ལུང་ཁོག ཀན་ལྷོའི་ཟློས་གར་ཚོམས་ཁང་བཅས་ཀྱི་འཛུགས་སྐྲུན་ལ་རིག་གནས་ཀྱི་ཁྱད་ཆོས་འབུར་ཐོན་བྱས་ནས “ཀན་ལྷོ་ཤམ་བྷ་ལའི”མཚན་སྙན་རྒྱལ་ཁབ་ཕྱི་ནང་དུ་གྲགས་སུ་འཇུག་དགོས་ཞེས་ནན་གྱིས་བསྟན།
         བཀྲ་ཤིས་འཚོ་དང་ཧོ་མུའུ་པའོ། དབྱང་ཝུའུ། ཞི་ཆང་། ཧུའོ་ཅུའེ་རྨིན། ཡོན་ཞིན་ཧོ། ཧོའུ་ཞའོ་ཧྥུན། དབྱང་ཅུན། ལིའུ་ཧྥུན། ཧྲི་ཀྲན་ལིའང་དང་། ཁུལ་སྡོད་ཁང་འཛུགས་སྐྲུན་ཅུས་དང་ཁུལ་རིག་གནས་ཡུལ་སྐོར་ཅུས། གཙོས་གྲོང་ཁྱེར་སྲིད་གཞུང་གི་འགན་ཁུར་བློ་མཐུན་བཅས་གྲོས་ཚོགས་སུ་ཞུགས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།