中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཁོངས་ཡོངས་ཡུལ་སྐོར་གྱིས་རོང་འབྲོག་སྡེ་བ་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་དུ་བཅུག
དུས་ཚོད།2019-04-18 09:24:48     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
       (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་བའི་ལོ་འགར། རང་ཁུལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་གཏིང་ཟབ་བྱས་ཏེ། མིག་རྒྱང་གང་བོར་གད་སྙིགས་མི་མཐོང་བ་ཚད་གཞིར་བཟུང་ནས་གྲོང་ཁྱེར་དང་གྲོང་གསེབ། ཡུལ་ལྗོངས་བཅས་གཙོ་གནད་གསུམ་འབུར་དུ་ཐོན་པ་དང་། དེ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི“གཤིས་ངན”ལ་རྒོལ་བརྡ་བཏང་སྟེ། ཤུགས་ཆེན་པོས་ཁོངས་ཡོངས་ཡུལ་སྐོར་དུ་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་བྱས་པས། རོང་འབྲོག་མང་ཚོགས་རྣམས་ཡུལ་སྐོར་ཐོན་ལས་ཀྱི་ཕྱུག་འགྱུར་ལམ་བུར་བསྐྱོད་དུ་བཅུག
       མིག་སྔར། ཁུལ་ཡོངས་སུ་ཡུལ་སྐོར་ལས་ཞུགས་མི་སྣ་ཁྲི 1.73ཡན་ལ་བསླེབས་ཏེ། ཡུལ་སྐོར་ལས་རིགས་འཕེལ་རྒྱས་བྱུང་བར་བརྟེན་ནས་དབུལ་ཕོངས་མང་ཚོགས་སྐུལ་ཁྲིད་བྱས་ནས་ཁྱིམ་ཚང 9740ཡི་མི་ཁྲི 4.14དབུལ་ཕོངས་ལས་ཐར་བ་མངོན་འགྱུར་བྱུང་ཡོད་ལ། དབུལ་ཐར་ཁྱིམ་ཚང་གི་སྤྱིའི་མི་གྲངས་ཀྱི 48  ཟིན་པས། རང་ཁུལ་གྱི་ཡུལ་སྐོར་དབུལ་སྐྱོར་དབུལ་ཐར་བྱ་ཐབས་དེ 2018ལོའི་འཛམ་གླིང་ཡུལ་སྐོར་དབུལ་ཐར་གྱི་དཔེ་སྟོན་གཙོ་བོར་གྱུར།

         གནས་མཐོའི་འཆར་འགོད་དང་ཚད་མཐོའི་སྐུལ་འདེད། དོན་འཁྱོལ་ནན་མོ་བཅས་བྱས་པ། ས་ཁུལ་གྱི་ཁྲིམས་འཛུགས་རྣམ་པས《ཀན་ལྷོ་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲའི་ཕྱོགས་བསྡུས་སྒྲིག་བཅོས་སྲོལ་ཡིག》ལག་བསྟར་དང་། སྔ་རྗེས་སུ《ལྗང་མདོག་འཕེལ་རྒྱས་ཀྱི་བཙན་ས་མཐོན་པོ་དམ་དུ་བཟུང་སྟེ་ཁོར་ཡུག་གསར་བརྗེའི་རིམ་སྤར་གསར་འཛུགས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་སྐོར་གྱི་བསམ་འཆར》སོགས་ཀྱི་ལམ་ལུགས་དང་བྱེད་ཐབས་རབ་དང་རིམ་པ་གཏན་འབེབས་བྱས་པ་དང་འཐུས་ཚང་དུ་བཏང་།
        གནད་ཁེལ་ཇུས་འགོད་དང་ལས་མི་ཡོངས་རྫོགས་ཟབ་ཞུགས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་བྱས་པ། ཁུལ་གྱི་འགོ་ཁྲིད་པས་སྣེ་ཁྲིད་ཀྱི་མིག་དཔེ་བསྟན་ཏེ། རྟོག་ཞིབ་དང་ལྟ་བཤེར། གནད་དོན་ཐག་གཅོད་བཅས་བྱས་ནས་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། དམིགས་ཡུལ་ལྡན་པའི་སྒོ་ནས་ཆེད་དོན་སྒྲིག་བཅོས་ཀྱི་བྱ་འགུལ་སྤེལ་ཏེ། ཤུགས་ཆེན་པོས་ཁུལ་ཡོངས་ཀྱི་སྒྲིག་བཅོས་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།

       གཙོ་གནད་གཅིག་སྒྲིལ་དང་ཐོན་ལས་གསོ་སྤེལ། དབུལ་ཐར་ལ་རམ་འདེགས་བྱས་པ། རིག་གནས་ཡུལ་སྐོར་ནི་ཀན་ལྷོའི་ཐོན་ལས་ཆེན་པོ་གཉིས་ཀྱི་གྲས་ཤིག་ཡིན་པས། 2017ལོའི་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཡུལ་དངོས་སྐུལ་འདེད་ཚོགས་འདུ་གཉིས་རང་ཁུལ་དུ་ཚོགས་པ་དང་། 2018ལོའི་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་དང་ཡུལ་སྐོར་དབུལ་སྐྱོར་ཚོགས་འདུ། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་ཉེན་ཁང་བསྒྱུར་བཀོད་དང་ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཆེད་དོན་སྒྲིག་བཅོས་བྱ་བའི་ལྟ་སྦྱོང་ཚོགས་འདུ་སོགས་ཀྱང་སྔ་རྗེས་སུ་རང་ཁུལ་ནས་ཚོགས་ཤིང་། 2018ལོར་ཞིང་ཆེན་ཡོངས་ཀྱི་ཁོངས་ཡོངས་སུ་གད་སྙིགས་མེད་པ་དུས་ཚིགས་གཉིས་པའི་དཔྱད་ཞིབ་བྱ་བའི་ཁྲོད་དུ་རང་ཁུལ་ལ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་ཐོབ། ཀླུ་ཆུ་རྫོང་མཚོ་ཉིན་གྲོང་རྡལ་ཀ་ཤུལ་སྡེ་བ་ནི་རང་ཁུལ་གྱིས་སྐོར་དང་པོར་བསྐྲུན་པའི“ཁོངས་ཡོངས་ཡུལ་སྐོར་དུ་གད་སྙིགས་མེད་པའི་དཔེ་སྟོན་སྡེ་བ”ཡིན། མིག་སྔར་སྡེ་བ་ཡོངས་ཀྱི་ཁྱིམ་ཚང 391ལས་ཁྱིམ་ཚང 65ཡིས“འབྲོག་ཁྱིམ་སྤྲོ་ར”གཉེར་ཡོད་ལ། ལོའི་ཡོང་སྒོ་སྒོ་ཁྲི 10ལས་བརྒལ་བའི་འབྲོག་ཁྱིམ་མང་བོ་ཡོད།།    
(བན་དེ་ཚེ་རིང་གིས་བསྒྱུར།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།