中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཚོགས་འདུ་གཅིག་དང་དུས་ཆེན་གཅིག་གི་འགོ་ཚུགས་མཛད་སྒོའི་ཇུས་འགོད་འཆར་གཞིའི་སྙན་ཞུ་གྲོས་ཚོགས་ཚོགས་པ།
དུས་ཚོད།2019-04-18 09:25:43     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
       (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 4བའི་ཚེས 10ཉིན་ལ། “ཚོགས་འདུ་གཅིག་དང་དུས་ཆེན་གཅིག”གི་འགོ་ཚུགས་མཛད་སྒོའི་ཇུས་འགོད་འཆར་གཞིའི་སྙན་ཞུ་གྲོས་ཚོགས་གཙོས་སུ་ཚོགས།
         ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བཀྲ་ཤིས་འཚོ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།
         ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གི་ཐིང་ཀྲང་ཧུའོ་ཡུས་ལུང་དང་། ཞིང་ཆེན་རིག་གནས་དངོས་མང་བཤམས་སྟོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལུའི་ཞིན་ལའེ་གྲོས་ཚོགས་སུ་ཞུགས།
          ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མུའུ་པའོ་དང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཁུལ་དཔོན་གཞོན་པ་ཧྲི་ཀྲན་ལིའང་གྲོས་ཚོགས་སུ་ཞུགས།
          གྲོས་ཚོགས་སུ་ཀན་སུའུ་པའོ་ཨའེ་སྨྱན་སྦྱོར་ཀུང་སི་དང་ཀན་སུའུ་ཧྥེ་ཐེན་སི་མན་གློག་བརྙན་བརྙན་འཕྲིན་རིག་གནས་སྨྱན་སྦྱོར་ཀུང་སིའི“ཚོགས་འདུ་གཅིག་དང་དུས་ཆེན་གཅིག”གི་འགོ་ཚུགས་མཛད་སྒོའི་ཇུས་འགོད་འཆར་གཞིའི་གྲུབ་འབྲས་སྙན་ཞུ་ཕུལ་བར་ཉན། ཞིང་ཆེན་ལག་བསྟར་ཨུ་ཡོན་ལྷན་ཁང་དང་ཀན་ལྷོ་ཁུལ་གྲ་སྒྲིག་འགོ་ཁྲིད་ཚན་ཆུང་གི་ཚོགས་ཞུགས་མི་སྣས་ཇུས་འགོད་འཆར་གཞིར་བསམ་འཆར་དང་གྲོས་གཞི་བཏོན།
          གྲོས་ཚོགས་ཀྱིས་དར་གོས་ཚོང་ལམ(ཏུན་ཧོང)རྒྱལ་སྤྱིའི་རིག་གནས་དངོས་མང་བཤམས་སྟོན་ཚོགས་འདུ་དང་དར་གོས་ཚོང་ལམ་རྒྱལ་སྤྱིའི་ཡུལ་སྐོར་དུས་ཆེན་ནི་རྒྱལ་སྤྱིའི་རང་བཞིན་གྱི་དུས་ཆེན་ཞིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི“གསེར་ཡིག་མིང་བྱང”ལྟ་བུ་ཞིག་ཀྱང་ཡིན་པས། ཇུས་འགོད་བྱེད་སྐབས་རྒྱལ་སྤྱིའི་རང་བཞིན་དང་དུས་རབས་རང་བཞིན། རྒྱང་ལྟའི་རང་བཞིན་བཅས་འབུར་དུ་ཐོན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་དམ་པོར་དམིགས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་སྤྱོད་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱིས་མཆོང་སྐྱོད་འཕེལ་རྒྱས་འབྱུང་བ། “ས་ཁུལ་གསུམ་དང་ཁུལ་གསུམ”གྱི་དབུལ་ཕོངས་ཉུང་འཕྲི་དང་དབུལ་ཐར་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་བཅས་འབུར་དུ་ཐོན་དགོས་ཞེས་བསྟན་པ་མ་ཟད། ཇུས་འགོད་སྡེ་ཚན་གྱིས་འགོ་ཚུགས་ས་མཐོན་པོ་དང་ཚད་གཞི་མཐོ་བའི་བླང་བྱ། ཆུ་ཚད་མཐོ་བའི་ཇུས་འགོད་བཅས་ཀྱིས“ཚོགས་འདུ་གཅིག་དང་དུས་ཆེན་གཅིག”གི་འགོ་ཚུགས་མཛད་སྒོར་རྒྱལ་སྤྱིའི་ཆུ་ཚད་ལྡན་པ་མ་ཟད་རྩྭ་ཐང་གི་ཁྱད་ཆོས་ལྡན་ལ། ཀན་ལྷོའི་སྙིང་སྟོབས་དང་བོད་ཁུལ་གྱི་ཉམས་འགྱུར་མཚོན་པའི་རིག་གནས་ཡུལ་སྐོར་གྱི་ཚོགས་འདུ་གཟབ་རྒྱས་ཤིག་ཧུར་ཐག་གིས་གཉེར་དགོས་ཞེས་ནན་གྱིས་བསྟན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།