中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེཊ་གཏོར་གྱི་སྐུལ་འདེད་གྲོས་ཚོཊ་ཚོཊ་པ།
དུས་ཚོད།2019-04-18 09:27:02     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 4བའི་ཚེས 10ཉིན་ལ། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་གཙོ་གནད་ཁྱབ་ཁོངས་ཀྱི་ཞན་སར་ཁ་གསབ་དང་སྟོབས་ཆེར་སྤེལ་བའི་སྐུལ་འདེད་གྲོས་ཚོགས་ཝུའུ་ཏུའུ་ས་ཁུལ་དུ་ཚོགས།
         ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་གྲོས་ཚོགས་སུ་ཞུགས།
         ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་དང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ལིའུ་ཧྥུན་བཅས་ཀན་ལྷོའི་ལན་ལག་ཚོགས་རའི་གྲོས་ཚོགས་སུ་ཞུགས།
         གྲོས་ཚོགས་ཀྱིས་མིག་སྔར་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་དེ་མཐའ་མའི་གདོང་མཆོང་གི་དུས་སུ་བསླེབས་ཡོད་པས། ང་ཚོའི་མདུན་དུ་ལྷགས་པའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་ལ་ལྕི། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་གྱི་རྣམ་བཤད་གལ་ཆེན་མཛུབ་ཁྲིད་དུ་འཛིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀན་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཕེབས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཆབ་སྲིད་ཀྱི་མཐོ་ཚད་ནས་མཁྲེགས་གཏོར་དམ་འཛིན་དང་དབུལ་ཐར་ལ་སྐུལ་འདེད་གཏོང་བ། སྟོབས་ཤུགས་གཅིག་སྒྲིལ་གྱིས་ཐོན་ཁུངས་ཀྱི་ཞན་ཆ་གསབ་པ་དང་སྟོབས་ཤུགས་ཇེ་ཆེར་གཏོང་བ་བཅས་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་མཐའ་མའི་མཁར་རྫོང་མཐའ་གཅིག་ཏུ་གཏོར་དགོས། རང་ཞིང་གི་རྗེས་ཕྱོགས་ཀྱི་དབུལ་ཐར་གྱི་དཀའ་ཚེགས་རང་བཞིན་དང་རྙོག་འཛིང་ཆེ་བའི་རང་བཞིན་གསལ་བོ་ཤེས་པ་དང་། དབུལ་ཐར་མཁྲེགས་གཏོར་ལ་ཕྱིར་སྣུར་གྱི་ལམ་བུ་མེད་པའི་འགྱུར་མེད་ཀྱི་བླང་བྱར་ངོས་ཟིན་གང་ལེགས་བྱས་ཏེ། སྲོག་འབེན་ལ་འཇོག་པའི་སྙིང་སྟོབས་མུ་མཐུད་དུ་དར་སྤེལ་གཏོང་དགོས། “འགན་ལེན་གཉིས”ཀྱི་དམིགས་འབེན་དང“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་ཚད་གཞིར་དམིགས་ཏེ། འགན་འཁྲི་དང་སྲིད་ཇུས་བྱ་བ་སོགས་དོན་འཁྱོལ་ལེགས་པོ་བྱས་ཡོད་མེད་ལ་བལྟས་ནས་དམིགས་ཚད་མི་འགྱུར་བ་དང་སྲོག་ཤིང་མི་ཐོར་བ་བྱ་དགོས། བདེན་པ་བདེན་ཐུབ་ཀྱིས་མདུན་ཕྱོགས་སུ་མཛུབ་ཁྲིད་བྱེད་པ་དང་། སྤྱོད་ཚུལ་བཅོས་སྒྲིག་དང་སྤུས་ཚད་ཁག་ཐེག  དོ་དམ་དང་གཅེས་སྐྱོང་ཟབ་མོ་བཅས་བྱས་ནས། ངེས་པར་དུ་ནུས་ཤུགས་ཡོད་རྒུ་བཏོན་ནས་འཐབ་མོར་རྒྱལ་ཁ་ལེན་པ་དང་། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་གྱིས་དབུལ་ཐར་ལས་འགན་དོན་འཁྱོལ་ཐུབ་པ་འགན་སྲུང་བྱ་དགོས་ཞེས་བསྟན།
         བརྙན་བརྡའི་རྣམ་པས་གྲོས་ཚོགས་ཤང(གྲོང་རྡལ)རིམ་པར་ཁྱབ་པར་བྱས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།