中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཡུས་ཁྲིན་ཧུའེ་གཙོས་གྲོང་ཁྱེར་གྱི་འོས་འགན་སྡོང་འཛུགས་ཀྱི་བྱ་འགུལ་དུ་ཞུགས་པ།
དུས་ཚོད།2019-04-19 17:08:03     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 4བའི་ཚེས 15ཉིན་ལ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་གཙོས་གྲོང་ཁྱེར་ཀླུ་ཐོད་ནང་སྡེ་བའི་སྡོང་འཛུགས་ཡུལ་དུ་སོང་ནས་རང་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མཉམ་དུ་འོས་འགན་སྡོང་འཛུགས་བྱས།
      ཡུས་ཁྲིན་ཧུའེ་ཡིས་ལས་ཁུངས་ཀྱི་ལས་བྱེད་པ་དང་དམག་དཔུང་གི་དཔོན་དམག སློབ་མའི་བླངས་པ་བཅས་དང་མཉམ་དུ་སྡོང་འཛུགས་ཡུལ་གནས་ནས་སྡོང་བོ་བཙུགས་པ་དང་། ཉེ་འགྲམ་གྱི་དང་བླངས་པ་དང་མཉམ་དུ་ཁ་བརྡ་བྱས་པ་དང་། སྡོང་འཛུགས་ནགས་སྐྲུན་གྱི་འབྲེལ་ཡོད་གནས་ཚུལ་སྐོར་རྒྱུས་ལོན་ཞིབ་མོ་བྱས་པ་མ་ཟད། འོས་འགན་སྡོང་འཛུགས་ནགས་སྐྲུན་བྱ་འགུལ་སྤེལ་ནས། སྐྱེ་ཁམས་ཁོར་ཡུག་སྒྲིག་བཅོས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ཀྱི་བྱ་བར་བླང་བྱ་བཏོན། ཁོས་སྡོང་འཛུགས་ནགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་བྱ་རྒྱུ་ནི་ཡུན་རིང་གི་འགན་འཁྲི་ལྕི་མོ་ཞིག་ཡིན་པས་ང་ཚོས་ལྗང་མདོག་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། འོས་འགན་སྡོང་འཛུགས་བྱ་འགུལ་ཤུགས་ཆེན་སྒོས་སྤེལ་ཞིང་ས་བབ་དང་བསྟུན་པའི་སྡོང་བོ་འཛུགས་དགོས་པ་དང་། རྗེས་ཕྱོགས་ཀྱི་སྲུང་སྐྱོང་བྱ་བ་ལེགས་པར་བསྒྲུབས་ནས། རྒྱལ་སའི་ལྗང་འགྱུར་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས་ཞེས་བཤད།

    ཡུས་ཁྲིན་ཧུའེ་ཡིས་སྡོང་འཛུགས་ནགས་སྐྲུན་ནི་སྐྱེ་ཁམས་ཀྱི་ཕན་འབྲས་ཡིན་པ་དང་། སྤྱི་ཚོགས་ཀྱི་ཕན་འབྲས་ཡིན་ལ་དཔལ་འབྱོར་གྱི་ཕན་འབྲས་ཀྱང་ཡིན་པ་དང་རྒྱལ་ཕན་དམངས་ཕན་གྱི་བྱ་བ་ཆེན་པོ་ཞིག་ཡིན་པས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་བརྩོན་དགོས། སྡོང་འཛུགས་ནགས་སྐྲུན་ནི་ཀྲུང་ཧྭ་མི་རིགས་ཀྱི་སྔར་ཡོད་སྤྱོད་བཟང་ཡིན་པས་ང་ཚོས་ལོ་རྒྱུས་ལ་འགན་ཁུར་བ་དང་རྗེས་རབས་པ་ལ་འགན་ཁུར་བའི་རྣམ་འགྱུར་གྱིས་ཁྱིམ་གཞིས་ལྗང་འགྱུར་དང་མཛེས་སྡུག་ལྡན་པའི་ཀན་ལྷོ་གསར་བ་འཛུགས་སྐྲུན་བྱེད་པར་དུས་ཡུན་རིང་བོ་ཞིག་གི་དམིགས་འབེན་དུ་བཟུང་ནས་འབད་པ་བྱ་དགོས་ལ། སྡོང་འཛུགས་ནགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་མཛེས་འགྱུར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། ནན་ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་མཐའ་འཁྱོངས་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྒྲིག་བཅོས་བྱེད་ཤུགས་ཇེ་ཆེར་བཏང་ནས་ལྗང་མདོག་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་མཛེས་སྡུག་ལྡན་པའི་ཀན་ལྷོ་གསར་བ་འཛུགས་སྐྲུན་བྱ་དགོས་ཞེས་བཤད།
        ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྒྲིག་ཨུའི་ཧྲུའུ་ཅི་ཧའོ་ཅུའེ་རྨིན་དང་ཁུལ་དཔོན་གཞོན་པའམ་གཙོས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིའུ་ཡུང་ཀོ་སོགས་ཀྱིས་མཉམ་དུ་སྡོང་བོ་བཙུགས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།