中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཧོ་མོའུ་པའོ་ཡིས་གཙོ་འགན་ཁུར་ནས“ཚོགས་འདུ་གཅིག་དང་དུས་ཆེན་གཅིག”གི་ཚོགས་ར་འཛུགས་སྐྲུན་གྱི་སྐུལ་འདེད་གྲོས་ཚོགས་བསྡུས་པ།
དུས་ཚོད།2019-05-09 09:51:19     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
  (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 4བའི་ཚེས 29ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ་ཡིས་གཙོ་འགན་ཁུར་ནས“ཚོགས་འདུ་གཅིག་དང་དུས་ཆེན་གཅིག”གི་ཚོགས་ར་འཛུགས་སྐྲུན་གྱི་སྐུལ་འདེད་གྲོས་ཚོགས་བསྡུས་ཏེ། གྲོས་ཚོགས་ཀྱིས“ཚོགས་འདུ་གཅིག་དང་དུས་ཆེན་གཅིག”གི་ཚོགས་ར་འཛུགས་སྐྲུན་གྱི་བྱ་བ་བཀོད་སྒྲིག་བྱས།
   ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཧོའུ་ཞའོ་ཧྥུན་གྲོས་ཚོགས་སུ་ཞུགས་པ་མ་ཟད་བརྡ་སྐྱེལ་འགན་སྲུང་སོགས་ཀྱི་བྱ་བར་བླང་བྱ་བཏོན།
   “ཚོགས་འདུ་གཅིག་དང་དུས་ཆེན་གཅིག”གི་ཚོགས་ར་འཛུགས་སྐྲུན་ཚན་ཆུང་གི་ཚན་གཙོ། ཚན་གཙོ་གཞོན་པ། སྣེ་ཁྲིད་ལས་ཁུངས། འགན་ཁུར་ལས་ཁུངས། གཙོས་གྲོང་ཁྱེར་སྲིད་གཞུང་། ཁུལ་དང་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་ཁུར་བ། ལས་གཞི་ལག་བསྟར་སྡེ་ཚན། འབྲེལ་ཡོད་ཆེད་དམིགས་བྱ་བྱེད་ཚན་ཆུང་གི་འབྲེལ་གཏུག་བྱེད་མཁན་དག་གྲོས་ཚོགས་སུ་ཞུགས།
   ཚོགས་འདུས“ཚོགས་འདུ་གཅིག་དང་དུས་ཆེན་གཅིག”ལག་བསྟར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཆེད་དོན་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་ཤིང་། ཁུལ་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་འགན་ཁུར་བ་གཙོ་བོས་ཚོགས་ར་འཛུགས་སྐྲུན་གྱི་གནས་ཚུལ་ཡར་ཞུ་བྱས་པ་དང་འགན་ཁུར་སྡེ་ཁག་གིས་བརྗེ་རེས་ཀྱི་གཏམ་བཤད།
   ཧོ་མོའུ་པའོ་ཡིས“ཚོགས་འདུ་གཅིག་དང་དུས་ཆེན་གཅིག”སྒྲུབ་འགན་ཁུར་བ་དེ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པ་མ་ཟད་གཙོས་གྲོང་ཁྱེར་འཛུགས་སྐྲུན་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་ཞིག་ཀྱང་ཡིན། ལས་ཆོད་མཐོ་བ་དང་ཆེས་མགྱོགས་པའི་སྒོ་ནས་འཛུགས་སྐྲུན་བྱས་ནས་དུས་ལྟར་འཛུགས་སྐྲུན་གྱི་ལས་འགན་སོ་སོ་ལེགས་འགྲུབ་ཡོང་བ་ཁག་ཐེག་བྱ་དགོས་པ་དང་། ཚོགས་ར་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་སྐུལ་བ་དང་འཛུགས་སྐྲུན་ལམ་མཚམས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཁག་ཐེག་བྱ་དགོས་ལ། བདེ་འཇགས་དང་སྤུས་ཚད་ཀྱི་གནད་དོན་བཀག་འགོག་བྱས་ནས་ཏན་ཏིག་སྒོས་ཚད་གཞི་དང་བླང་བྱ་ལྟར་འབྲེལ་ཡོད་འཛུགས་སྐྲུན་འགྲོ་ལུགས་དང་མཐུན་དགོས། ཚོགས་རའི་ཉེ་འགྲམ་གྱི་ཁོར་ཡུག་ལེགས་བཅོས་བྱེད་པ་དང་མཉམ་དུ་ས་ཁོངས་འཛུགས་སྐྲུན་བསྒྱུར་བཀོད་སྐུལ་འདེད་གཏོང་བ། ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་བྱ་བའི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་སུ་བཏང་སྟེ། ཚོགས་འདུ་གཅིག་དང་དུས་ཆེན་གཅིག་གི་སྐབས་སུ་གཙོས་གྲོང་ཁྱེར་གྱི་རྣམ་པ་བཟང་བོ་ཞིག་དང་ཀན་ལྷོའི་རི་ཆུའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་དུ་འཇུག་དགོས་ཞེས་ནན་གྱིས་བསྟན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།