中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཀྲའོ་ལིན་ཡུན་གྱིས་གཙོ་འགན་ཁུར་ནས་ཁུལ་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས 45བ་བསྡུས་པ།
དུས་ཚོད།2019-05-09 09:52:32     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
  (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་གཙོ་འགན་ཁུར་ནས་ཁུལ་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས 45བ་བསྡུས།
   ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཧོའུ་ཞའོ་ཧྥུན་དང་ལིའུ་ཧྥུན། ཁུལ་དཔོན་གཞོན་པ་ལིའུ་ཡུང་ཀོ  ཕུའུ་ཁྲོན་ཧུང་། ཝང་ཅན་ཅུན། ཝང་ཧྥུང་བཅས་གྲོས་ཚོགས་སུ་ཞུགས།
   ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་དང་ཁུལ་སྲིད་གཞུང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག སྡེ་ཚན། འབྲེལ་ཡོད་རྫོང་དང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན་དག་གྲོས་ཚོགས་ལ་ཟུར་ཞུགས་བྱས།
   གྲོས་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ཀན་སུའུ་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས། གྲོས་ཚོགས་ཀྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པར་ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་གཉིས་པའི་ཀན་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་སྟེང་ཕེབས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐའ་འཁྱོངས་བྱས་པ་དང་། མིག་སྔར་དང་རྗེས་ཕྱོགས་དུས་སྐབས་ཤིག་གི་བྱ་བ་བཀོད་སྒྲིག་བྱས་པས། ང་ཚོར་བྱ་བ་སོ་སོ་ལེགས་པར་འགྲུབ་པར་ཁ་ཕྱོགས་གསལ་བོ་བསྟན། རྫོང་དང་གྲོང་ཁྱེར་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་བླང་བྱ་ལྟར་དབུལ་ཐར་མཁྲེགས་གཏོར་དང་སྐྱེ་ཁམས་སྲུང་སྐྱོང་། ཚོང་འགུག་དངུལ་འདྲེན། ལས་གཞི་དོན་འཁྱོལ། དམངས་འཚོ་ལེགས་བཅོས་སོགས་ཀྱི་གཙོ་གནད་བྱ་བ་དམ་དུ་བཟུང་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་འབད་པ་བྱ་དགོས་ཞེས་བསྟན།
   གྲོས་ཚོགས་སུ་ཐུན་མོང་གིསཞི་ཅིན་ཕིང་གི་དབུལ་སྐྱོར་སྐོར་གྱི་རྒྱས་བཤད་བཤུས་སྒྲིགལེའུ་གསུམ་པའི“གནད་ཁེལ་ཐབས་ཇུས་རྒྱུན་འཁྱོངས་བྱས་ནས་དབུལ་ཐར་གྱི་གྲུབ་འབྲས་མཐོར་འདེགས་སུ་གཏོང་དགོས་པ”དང《ཞི་ཅིན་ཕིང་གི་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐོར་གྱི་རྒྱས་བཤད་བཤུས་སྒྲིག》ལེའུ་གཉིས་པའི“འཕེལ་རྒྱས་གསར་བའི་འདུ་ཤེས་དོན་འཁྱོལ་བྱས་ནས་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་རོལ་སྟངས་སྐུལ་འདེད་བྱ་དགོས”ཞེས་པའི་ནང་དོན་སློབ་སྦྱོང་བྱས་ཤིང་། གྲོས་ཚོགས་ཀྱིས་ད་དུང་ཡིག་ཆ་གལ་ཆེན་དང་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་གཞན་དག་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས། གྲོས་ཚོགས་སུ་ད་དུང་ཁུལ་མི་ཤུགས་ཐོན་ཁང་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་འགན་ཁུར་བས་ཕུལ་བའི《2016ལོ་ནས 2018ལོའི་ཁུལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་གནས་ཚུལ་སྐོར་གྱི་སྙན་ཞུ》ལ་ཉན་པ་དང་། ཕྱོགས་ཡོངས་ནས་ཁུལ་ཡོངས་ཀྱི་ལས་ཞུགས་གནས་ཚུལ་དང་སྤོབས་པ་ཆེན་པོས་གསར་གཏོད་བྱེད་པ། དུས་ལྟར་རང་ཁུལ་གྱི་དོན་དངོས་ལ་འཚམ་པའི་ལས་ཞུགས་སྲིད་ཇུས་གཏན་ཁེལ་བྱ་དགོས་ཞེས་བསྟན།
   གྲོས་ཚོགས་སུ《ཀན་ལྷོ་ཁུལ་གྱིས་ཤང་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་ཉེན་འགོག་འཚོ་བའི་ཐོབ་ཐང་གཏན་ཁེལ་དང་རྨང་གཞིའི་རྒན་གསོའི་འཚོ་དངུལ་རྒྱུན་ལྡན་ལེགས་སྒྲིག་རྐྱེན་སྲོལ་གྱི་ལག་བསྟར་བྱ་ཐབས》སོགས་གྲོས་གཞི 13ཞིབ་འཇུག་བྱས་ནས་གྲོས་འཆམ་བྱུང་ལ། གྲོས་ཚོགས་སུ་ད་དུང་བྱ་བ་གཞན་དག་ཞིབ་འཇུག་བྱས།།  
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།