中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།།ཕྱོཊ་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོཊ་ཐེངས1པོ།
དུས་ཚོད།2019-05-14 10:10:01     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།     ཆུང་། | འབྲིང་། | ཆེ།

           
           (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 5བའི་ཚེས 6ཉིན་གྱི་སྔ་དྲོར། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི། ཁུལ་ཨུའི་ཕྱོགས་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་ཕྱོགས་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས།
           
           ཁུལ་གྱི་འགོ་ཁྲིད་པ་ཀྲའོ་ལིན་ཡུན་དང་ཞུས་ཆང་། ཧོ་མོའུ་པའོ། དབྱང་ཞུང་། ཡོན་ཞིན་ཧོ། དབྱང་ཅུན། ལིའུ་ཧྥུན། ཧྲི་ཀྲན་ལིའང་། ཝང་ཧྥང་བཅས་གྲོས་ཚོགས་སུ་ཞུགས་ཤིང་། ཁུལ་ཨུའི་བཅོས་སྒྱུར་ཟབ་སྤེལ་ཨུའི་ཁོངས་མི་སྡེ་ཚན་གྱི་འགན་ཁུར་མི་སྣ་གྲོས་ཚོགས་སུ་ཞུགས།
             
         གྲོས་ཚོགས་ཀྱིས་ཀྲུང་དབྱང་བཅོས་སྒྱུར་ཟབ་སྤེལ་ཨུའི་གྲོས་ཚོགས་ཐེངས་དྲུག་པ་དང་བདུན་པ། ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཟབ་སྤེལ་ཨུའི་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པའི་དགོངས་དོན་རྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 《ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་ཕྱོགས་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྒྲིག་སྲོལ》དང 《ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་ཕྱོགས་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་ཆེད་དོན་ཚན་ཆུང་གི་བྱ་བའི་སྒྲིག་སྲོལ》 《ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་ཕྱོགས་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གཞུང་སྒྲུབ་ཁང་གི་བྱ་བའི་སྒྲིག་སྲོལ་ཕྲ་ཞིབ》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ལ། 《ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་ཕྱོགས་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི 2019ལོའི་བྱ་བའི་གནད་ས》དང 《ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་ཕྱོགས་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི 2019ལོའི་བྱ་བའི་རྩིས་ཐོ》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

        ཡུས་ཁྲིན་ཧུའེ་ཡིས་ད་ལོ་ནི་ཀྲུང་གོ་གསར་བ་བཙུགས་ནས་ལོ་འཁོར 70ལོན་པའི་ལོ་ཡིན་ལ་བོད་ཁུལ་གྱི་དབུལ་ཐར་མངོན་འགྱུར་ཡོང་བར་གདོང་མཆོང་བྱེད་པའི་ལོ་ཞིག་ཡིན། དབུལ་ཐར་མཁྲེགས་གཏོར་དང “ཚོགས་འདུ་གཅིག་དང་དུས་ཆེན་གཅིག”འགོ་རྩོམ་པའི་མཛད་སྒོ་ཐོན་ལ་ཉེ་བའི་ཁྱད་པར་ཅན་གྱི་དུས་རིམ་འདིར་བཅོས་སྒྱུར་ཟབ་སྤེལ་གྱི་བྱ་བ་སོ་སོ་ལེགས་པོར་བསྒྲུབ་དགོས་ཤིང་། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་གསར་གཏོད་རང་བཞིན་གྱི་རིག་ལམ་ལྡན་པའི་སྡེ་ཚན་དང་མི་སྒེར་གྱིས་ཀན་ལྷོར་བྱས་རྗེས་འཇོག་པར་སྲིད་ཇུས་ཐད་ནས་རྒྱབ་སྐྱོར་བྱ་དགོས་ལ། སྤོབས་པ་ཆེར་བསྐྱེད་དང་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་པོས་དཀའ་ངལ་སེལ་བ་དང་གསར་གཏོད་སྲོལ་འབྱེད་བྱས་ནས་ཧུར་ཐག་གིས་ལོ་རྒྱུས་རང་བཞིན་གྱི་ཁྱད་ཆོས་ལྡན་པ་དང་དུས་རབས་ཀྱི་ཁྱད་ཆོས་ལྡན་པ། ཀན་ལྷོའི་ཁྱད་ཆོས་ལྡན་པའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་ཞུགས་དགོས་ཞེས་ནན་གྱིས་བསྟན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།