中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།།དབུལ་ཐར་མཁྲེཊ་གཏོར་གྱི་འབུར་ཐོན་གནད་དོན་སྒྲིག་བཅོས་བྱེད་པའི་བྱ་བ
དུས་ཚོད།2019-05-14 10:15:32     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
          (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 5བའི་ཚེས 6ཉིན་གྱི་སྔ་དྲོར། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཁུལ་ཨུའི་རྒྱུན་ཨུའི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྔ་བཞི་ལས་འགུལ་སྤེལ་ནས་ལོ་འཁོར 100ལོན་པར་དྲན་གསོ་བྱེད་པའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་དང་ཟླ 5བའི་ཚེས 5ཉིན་གྱི་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ལྷན་ཁང་གི (རྒྱ་སྐྱེད)གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། དབུལ་ཐར་མཁྲེགས་གཏོར་གྱི་འབུར་ཐོན་གནད་དོན་སྒྲིག་བཅོས་བྱེད་པའི་བྱ་བ་བཀོད་སྒྲིག་བྱས།
        གྲོས་ཚོགས་ཀྱིས་སྡེ་བ་རིམ་པའི་འཕྲོད་བསྟེན་ཁང་གི་འཛུགས་སྐྲུན་དང་གྲོང་རྡལ་འཕྲོད་བསྟེན་ཁང་འཛུགས་སྐྲུན། གསོ་རིག་ལྟེ་གནས་བཟོ་སྐྲུན། མཁོ་ཆོད་སྨན་པ་བཀོད་སྒྲིག་སོགས་ཀྱི་བྱ་བ་ནུས་ཤུགས་ཡོད་རྒུས་དམ་འཇིན་བྱ་དགོས་ལ། དབུལ་ཕོངས་མི་འབོར “ལས་ཚུགས་གཅིག་ཅན”གྱི་སྡོམ་རྩིས་མ་ལག་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱ་དགོས་པ་དང་། མང་ཚོགས་ཀྱི་སྡོད་ཁང་ལ་ཡུལ་དངོས་ནས་རྟོག་ཞིབ་བྱས་ནས་ཁྱིམ་ཚང་རེ་རེ་བཞིན་གསལ་འབྱེད་དང་ཁྱིམ་ཚང་རེ་རེ་བཞིན་བསྒྱུར་བཀོད་བྱས་ཏེ་གཏན་ལ་ཕབ་པའི་དུས་ཚོད་ནང་ཉེན་ཁ་ཆེ་བའི་ཁང་བ་བསྒྱུར་བཀོད་ཀྱི་ལས་འགན་ལེགས་གྲུབ་ཡོང་བ་ཁག་ཐེག་བྱ་དགོས། འཐུང་ཆུའི་བདེ་འཇགས་སྲ་བརྟན་དང་མཐོར་འདེགས་གཏོང་བའི་བྱ་བ་དང་དགུན་དུས་འཁྱག་སྦུག་བསྒྱུར་བཀོད་ཨར་ལས་ཀྱི་སྤེལ་ཚད་ཇེ་མགྱོགས་སུ་བཏང་ནས་དུས་ཚིགས་རང་བཞིན་གྱི་འཐུང་ཆུ་དཀོན་པའི་གནད་དོན་ཐག་གཅོད་བྱ་དགོས། དབུལ་སྐྱོར་གནས་སྤོ་བཀོད་སྒྲིག་ས་ཁུལ་གྱི་ཆུ་དང་གློག ལམ། དྲ་སོགས་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དང་། སློབ་གསོ་དང་འཕྲོད་བསྟེན། རིག་གནས། ལུས་རྩལ་སོགས་ཀྱི་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་བྱས་ནས། ངེས་པ་དོན་གྱིས་གནས་སྤོར་མང་ཚོགས་ཀྱི་སྨན་བཅོས་དང་སློབ་ཞུགས། ལས་ཞུགས་སོགས་ཀྱི་རྗེས་མཐུད་གནད་དོན་ཐག་གཅོད་དགོས། ཁྱིམ་ཚང་ཐོན་ལས་ཐད་ཀྱི་དབུལ་སྐྱོར་མ་དངུལ་གྱི་བཀོལ་སྤྱོད་དོ་དམ་དང་གཙོ་གཞིའི་འགན་འཁྲི་གསལ་བོ། དམངས་གཙོ་ལྟ་རྟོག་ལ་ཤུགས་སྣོན་བྱེད་ཅིང་ཞིབ་བཤེར་ལྟ་སྐུལ་ཇེ་དྲག་ཏུ་གཏོང་དགོས་ཞེས་ནན་གྱིས་བསྟན།
         ཁུལ་ཨུའི་རྒྱུན་ཨུ་ཀྲའོ་ལིན་ཡུན་དང་ཧོ་མོའུ་པའོ། དབྱང་ཞུང་། ཡོན་ཞིན་ཧོ། དབྱང་ཅུན། ལིའུ་ཧྥུན། ཧྲི་ཀྲན་ལིའང་བཅས་གྲོས་ཚོགས་སུ་ཞུགས་པ་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞུས་ཆང་དང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་རྨ་ཆུ་རྫོང་ཨུའི་འགན་ཁུར་བློ་མཐུན་རྣམས་གྲོས་ཚོགས་སུ་ཟུར་ཞུགས་བྱས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།