中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། དམངས་ཕན་ཞིང་ཕན་གྱི་གཅིག་ཆོད་བྱང་བུ་ཆེད་དམིགས་བཅོས་སྐྱོང་སྤེལ་ཡུན་གྱི་དུས་བཅད་ནང་དུ་རང་འགུལ་གྱིས་གནད་དོན་གསལ་བཤད་བྱ་དགོས་པའི་སྐོར་གྱི་སྤྱི་བསྒྲགས།
དུས་ཚོད།2019-05-15 15:35:11     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཀན་སུའུ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཆེད་དམིགས་བཅོས་སྐྱོང་མུ་མཐུད་དུ་གཏིང་ཟབ་གཏོང་བ། ཏང་གི་དམངས་ཕན་སྲིད་ཇུས་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བ་བཅས་བྱ་ཆེད། ཞིང་ཆེན་སྒྲིག་བཤེར་ཨུ་དང་ལྟ་ཞིབ་ཨུ་དང་ཁུལ་ཨུས་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་པ་ལྟར། ཟླ 4ཚེས 1ཉིན་ནས་བཟུང་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་མ་དངུལ་གྱི“གཅིག་ཆོད་བྱང་བུ”དོ་དམ་གནད་དོན་ལ་ཆེད་དམིགས་བཅོས་སྐྱོང་བྱ་རྒྱུ་ཡིན་པས་ད་ལྟ་སྤྱི་བསྒྲགས་བྱས་པ་གཤམ་གསལ་ལྟར།
    དམངས་ཕན་ཞིང་ཕན་ཁྱབ་ཁོངས་སུ་མང་ཚོགས་ཀྱི“གཅིག་ཆོད་བྱང་བུ”རང་འདོད་ལྟར་དོ་དམ་ཚབ་ཉར་བྱེད་པ་དང་།  སྒྲིག་འགལ་བཀག་ཉར་བྱེད་པའི་གནད་དོན་ཡོད་པ་དང་།  དེ་མིན་དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་མ་དངུལ་དཔྱད་བསྡུར་གཏན་འབེབས་ཡིག་ཐོག་སྙན་ཞུ་དང་དོ་དམ་གཏོང་སྤྲོད་བྱེད་པ་བཅས་ཀྱི་ཁྲོད་དུ་གཅིག་མཐོང་བརྒྱ་འགེབས་དང་། གཉེན་ཉེ་དང་གྲོགས་པོར་དམིགས་བསལ་བྱིན་པ། “སྤྱོད་ངན་ཧམ་ལེན”དང་བཟའ་ཁྱེར་བཀག་ལེན།  དབང་བརྟེན་གླ་འཚོལ།  ལྐོག་རྔན་སློང་ལེན།  འཕྲི་འཐེན་བཀག་ཉར། བཙན་བཟུང་སྒེར་སྤྱོད།  རྫུན་ཞུ་བསླུ་ལེན།  མགོ་སྐོར་གཡོ་ལེན་སོགས་ཀྱི་གནད་དོན་ཡོད་པར།  2019ལོའི་ཟླ 6ཚེས 15ཉིན་གྱི་ཡར་སྔོན་དུ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་རང་འགུལ་གྱིས་གནད་དོན་གསལ་བཤད་བྱས་ཏེ། གུ་ཡངས་སྒོས་ཐག་གཅོད་པར་བརྩོན་ལེན་བྱ་དགོས།
    དང་པོ། བདག་སྤྲོད་ལས་ཁུངས།
    ཁུལ་དང་རྫོང(གྲོང་ཁྱེར)ཁག་གི་སྒྲིག་ཨུ་ལྟ་ཞིབ་ཨུ་དང་ཤང་དང་གྲོང་རྡལ་ཁག་གི་སྒྲིག་ཨུ།
    གཉིས་པ། གསལ་བཤད་བྱེད་སྟངས།
    ཡིག་ཐོག་གི་གསལ་བཤད་ཡིག་ཆ་འབུལ་དགོས(མི་སྒེར་གྱི་གཞི་རྩའི་གནས་ཚུལ་དང་། སྒྲིག་འགལ་ཁྲིམས་འགལ་གྱི་དོན་དངོས།  མི་སྒེར་གྱི་བསམ་བློའི་ངོས་ཟིན།)
    གསུམ་པ། གནད་དོན་ཐག་གཅོད།
    1.སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཆུང་ཆུང་དང་རང་འགུལ་ངང་ནོར་འཁྲུལ་ངོས་ལེན་དང་ནོར་འཁྲུལ་ཡོ་བསྲང་བྱེད་པའི་ཏང་ཡོན་ལས་བྱེད་པར་སྒྲིག་ཁྲིམས་དང་སྒྲིག་སྲོལ་ལྟར་ཆད་པ་ཡང་མོ་གཅོད་པའམ་ཇེ་ཡང་དུ་གཏོང་བ་དང་། ཡང་ན་ཆད་པ་མི་གཅོད།
    2.དུས་བཅད་ལྟར་རང་འགུལ་གྱིས་གནད་དོན་གསལ་བཤད་མ་བྱས་པ་དང་། དེ་མིན་རྩ་འཛུགས་ལ་ལྗིད་གཡོལ་ཡང་ལེན་བྱེད་པ་དང་། མགོ་སྐོར་གཏོང་བར་ཞིབ་བཤེར་བྱེད་པ་དང་ཐག་གཅོད་ནན་མོ་བྱ་རྒྱུ།
    3.བསམ་གཟས་ནས་སྒྲིག་ཁྲིམས་འགལ་བ་དང་། ཉེས་སེལ་བྱེད་ཞོར་དུ་ཉེས་གསོག་པ། དམངས་ཕན་ཞིང་ཕན་ཁྱབ་ཁོངས་ཀྱི་ནག་ཚོགས་སྤྱོད་ངན་དང་འབྲེལ་བ་ཡོད་པ་དང“འགེབས་སྲུང་གདུགས”བྱེད་མཁན་ལ་བློ་ཐག་རྦད་ཆོད་ཀྱིས་གཟབ་ནན་མགྱོགས་གསུམ་གྱི་སྒོ་ནས་རྩད་ཞིབ་ཐག་གཅོད་བྱ་རྒྱུ།
    བཞི་བ། ཐེར་འདོན་བྱེད་སྟངས།
    རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྒྲིག་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་ནས་དངོས་ཐོག་བདེན་འཚོལ་གྱིས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་ཏང་ཡོན་ལས་བྱེད་པས་དམངས་ཕན་ཞིང་ཕན་གྱི“གཅིག་ཆོད་བྱང་བུའི”གནད་དོན་གྱི་ཁུངས་སྣེ་ཐེར་འདོན་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན།
    འཕྲིན་ཡིག་སྐུར་ཡུལ། ཀན་ལྷོ་ཁུལ་སྒྲིག་བཤེར་ཨུ་དང་ལྟ་ཞིབ་ཨུའི་ཡིག་བསྐུར་ངོ་གཏུག་ཁང་།(སྦྲག་ཨང་། 747000)
    གཏུག་གནས། ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་དུང་ཕྲུག་སྲང་ལམ་སྒོ་རྟགས 426པ་ཁུལ་ཨུའི་ར་བའི་ཐོག་ཁང་བྱང་མའི་གཞུང་ལས་ཁང 105བ།
   ཐེར་འདོན་ཁ་པར། 0941--12388
   ཐེར་འདོན་དྲ་ཚུགས། http://gansu.12388.
gov.cn/gannanzhou
          ཀྲུང་གུང་ཀན་ལྷོ་ཁུལ་སྒྲིག་བཤེར་ཨུ་དང་
               ཀན་ལྷོ་ཁུལ་ལྟ་ཞིབ་ཨུ།
               2019ལོའི་ཟླ 5བའི་ཚེས 8ཉིན།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།