中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཨོའུ་དབྱང་ཅན་གྱིས་བསང་ཆུ་རྫོང་དུ་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣར་འཚམས་འདྲི་བྱས་པ།
དུས་ཚོད།2019-05-15 15:37:33     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 5བའི་ཚེས 8ཉིན་ལ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཨོའུ་དབྱང་ཅན་གྱིས་བསང་ཆུ་རྫོང་དུ་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣར་འཚམས་འདྲི་བྱེད་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་བྱ་བའི་ཐད་ཀྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཆོས་ལུགས་བྱ་བའི་བཀོད་སྒྲིག་གི་བླང་བྱ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། རྒྱལ་གཅེས་ཆོས་གཅེས་གཅིག་གྱུར་བྱེད་པ་དང་། ཆོས་ལུགས་གོང་འཕེལ་དང་དམངས་ཕྱུག་ཀན་སུའུ་དར་བ་ཟུང་འབྲེལ་བྱས་ནས། བཅོས་སྒྱུར་སྒོ་འབྱེད་བྱེད་པར་མཐུན་རྐྱེན་དང་དྲང་ནུས་ཡོད་ཚད་གོང་བུར་སྒྲིལ་དགོས་ཞེས་ནན་གྱིས་བསྟན།
    བསང་ཆུ་རྫོང་བླ་བྲང་དགོན་པ་ནས་ཨོའུ་དབྱང་ཅན་གྱིས་འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་དང་སྡེ་བ་ཚང་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ། གུང་ཐང་ཚང་བློ་བཟང་དགེ་ལེགས་བསྟན་པའི་མཁན་ཆེན་བཅས་དང་བྱམས་བརྩེའི་ངང་གླེང་མོལ་མཛད་པ་དང་། ཁོང་ཚོའི་འཚོ་བ་དང་བྱ་བ། སྐུ་ལུས་སོགས་ཀྱི་གནས་ཚུལ་དྲིས་པ་མ་ཟད། སྲིད་གྲོས་བྱ་བར་ཤུགས་སྣོན་པ་དང་དགོན་པའི་འཛུགས་སྐྲུན་ལ་དོ་དམ། ཆོས་ལུགས་འཆམ་མཐུན་ལ་སྐུལ་འདེད་གཏོང་བར་བཞུགས་མོལ་བྱས་ཤིང་། བསམ་འཆར་དང་གྲོས་གཞི་བཏོན་པར་ཉན།
    ཨོའུ་དབྱང་ཅན་གྱིས་བླ་མ་སྐྱེས་ཆེན་གསུམ་གྱིས་དུས་ཡུན་རིང་བོར་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་བོ་དར་སྤེལ་བཏང་ཞིང་། ཀན་ལྷོ་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། སྤྱི་ཚོགས་འཆམ་མཐུན། ཆོས་ལུགས་ཞི་མཐུན་བཅས་སྐུལ་འདེད་གཏོང་བའི་ཐད་བཞག་པའི་བྱས་རྗེས་ལ་ཁས་ལེན་བྱས། ཁོས་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་གོང་འཕེལ་ལ་འཆམ་མཐུན་གྱི་སྣང་ཚུལ་བསྐྲུན་རྒྱུ་ནི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་གཡོལ་ཐབས་མེད་པའི་འགན་འཁྲི་ཡིན་ལ། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་སྲོལ་རྒྱུན་བཟང་བོའང་ཡིན། དུས་རབས་གསར་བའི་ཆོས་ལུགས་བྱ་བ་ཞིབ་མོ་བློ་ཡིས་ལེགས་པར་བསྒྲུབ་པ་དང་ཆོས་ལུགས་ལས་རིགས་ཁྲོད་ཀྱི་རང་གི་ནུས་ཤུགས་འདོན་སྤེལ་བཟང་བོ་བྱས་ཏེ། དད་ལྡན་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་གོང་བུར་འགྲིལ་དགོས་ལ། བློ་ཐག་རྦད་ཆོད་ཀྱིས་ཏང་གི་སྐད་ཆར་ཉན་པ་དང་ཏང་གི་རྗེས་སུ་འབྲང་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། དགོན་པའི་བསམ་བློའི་འཛུགས་སྐྱོང་དང་ལམ་ལུགས་འཛུགས་སྐྲུན། ཆོས་སྲོལ་འཛུགས་སྐྲུན་རྒྱུན་འཁྱོངས་བྱེད་པ་དང་། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་བསྟུན་པར་ནུས་པ་འདོན་སྤེལ་བྱ་དགོས། དགོན་པ་དང་དགོན་པའི་བཟོ་བཀོད་མེ་སྐྱོན་འགོག་གསོད་ཀྱི་ཉེན་ཟོན་སྔོན་བརྡ་གཏོང་བའི་གཙོ་གནད་སྡེ་ཚན་དུ་བརྩིས་ནས། མེ་འགོག་རྐུན་འགོག་གི་ཉེན་ཟོན་སྔོན་བརྡ་གཏོང་བའི་སྒྲིག་ཆས་བཀོད་སྒྲིག་བྱ་དགོས་ལ། རིག་དངོས་ཤུལ་བཞག་སྲུང་སྐྱོབ་བྱེད་པ་སྣང་བཞིན་དགོན་པའི་བཟོ་བཀོད་ལ་སྲུང་སྐྱོབ་བྱ་དགོས་ཞེས་བསྟན།
    ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་ཁྲིན་ཝེ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞུས་ཆང་། ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་ཆོན་ཡུང་ཁང་བཅས་ཀྱིས་འཚམས་འདྲི་བྱེད་པར་འགྲོ་རོགས་བྱས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།