中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བའི་འཆད་ཁྲིད་སྤེལ་བ།
དུས་ཚོད།2019-05-17 18:09:54     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
  (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 5བའི་ཚེས 9ཉིན་ལ། ཞིང་ཆེན་ཡོངས་ཀྱི་མི་རིགས་ཆོས་ལུགས་གཞུང་ལུགས་སྲིད་ཇུས“ཐེངས་བརྒྱ་མི་ཁྲི”གཞི་རིམ་དུ་སོང་ནས་སྒྲོག་འགྲེལ་དང་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་ཐེངས 16པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བའི་འཆད་ཁྲིད་དེ་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་དུ་སྤེལ།
    ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པའམ་ཞིང་ཆེན་དམངས་ཨུའི་ཀྲུའུ་རེན་གཞོན་པ་མ་ཧུའུ་ཁྲིན་གྲོས་ཚོགས་སུ་ཞུགས་པ་མ་ཟད་ཆེད་དོན་འཆད་ཁྲིད་གནང་།
    ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་དབྱང་སྒྲོལ་མས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་བ་མ་ཟད་གཏམ་བཤད།
    སྒྲོག་འགྲེལ་ཁྲོད་མ་ཧུའུ་ཁྲིན་གྱིས་རང་རྒྱལ་གྱི་ཆོས་ལུགས་བྱ་བའི་གནས་ཚུལ་དང་ཁྱད་ཆོས་རགས་བཤད་བྱས་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་དང་གཞུང་ལུགས་སྲིད་ཇུས་རྒྱས་བཤད་བྱས་ལ། མིག་སྔར་ཆོས་ལུགས་ཀྱི་རྣམ་པ་གསར་བ་དང་ལས་འགན་གསར་བ། ཆོས་ལུགས་མངའ་ཁོངས་ཀྱི་གནད་དོན་སྒྲིག་བཅོས་བྱ་བ་བསྟན། ཐེངས་འདིའི་ཆེད་དོན་འཆད་ཁྲིད་བརྒྱུད་ནས་ཚོགས་ཞུགས་མི་སྣ་དག་གིས་ཏང་གི་མི་རིགས་ཆོས་ལུགས་གཞུང་ལུགས་སྲིད་ཇུས་ལ་ངོས་ཟིན་ཟབ་མོ་ཞིག་ཡོད་པར་གྱུར།
    དབྱང་སྒྲོལ་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་དང་། ཐེངས་འདིའི་མི་རིགས་ཆོས་ལུགས་གཞུང་ལུགས་སྲིད་ཇུས་འཆད་ཁྲིད་ཆེན་མོ་འགག་རྩར་བཟུང་ནས་སློབ་གྲྭ་ནས་མི་རིགས་ཆོས་ལུགས་སྲིད་ཇུས་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་ཚ་རླབས་འཕྱུར་དགོས་ལ། ཆབ་སྲིད་ཀྱི་ལངས་སྟེགས་ཇེ་མཐོར་གཏོང་བ་དང་སྔར་ལས་ལྷག་པར་དུ་སློབ་གྲྭའི་ཆོས་ལུགས་བྱ་བར་སྐུལ་བ། “འདུ་ཤེས་བཞི”བརྟན་པོར་འཛིན་པ་དང“ཡིད་ཆེས་བཞི”རྒྱུན་འཁྱོངས་བྱེད་ཅིང་། “སྲུང་སྐྱོང་གཉིས”ལག་བསྟར་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་ངང་རྣམ་པ་གསར་བའི་འོག་གི་མི་རིགས་ཆོས་ལུགས་བྱ་བ་ལེགས་པར་བསྒྲུབ་དགོས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་བྱ་འགུལ་ཏན་ཏིག་ངང་སྤེལ་ནས་མི་རིགས་སོ་སོའི་བར་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས་ཤིང་སློབ་རའི་མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་གཏན་འཇགས་ཡོང་བར་སྐུལ་ནས་སློབ་གྲྭའི་བྱ་བ་སོ་སོ་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་སུ་བར་སྐུལ་དགོས་ཞེས་ནན་གྱིས་བསྟན།
    སློབ་གྲྭའི་ཁའོ་རིམ་པ་གཞོན་པ་ཡན་གྱི་ལས་བྱེད་པ་དང་ཏང་སྲིད་ལས་ཁུངས། རྒྱབ་ཕྱོགས་མཁོ་སྒྲུབ་སོགས་སྡེ་ཁག་གི་ལས་བྱེད་པ་ཡོངས། ཚན་ཁག་སོ་སོའི་དགེ་རྒན་གྱི་འཐུས་མི་བསྡོམས་པས་མི 200ལྷག་འཆད་ཁྲིད་ཡར་ཞུའི་ཚོགས་འདུར་ཞུགས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།