中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། དབྱང་ཅན་རེན་འཁོར་དང་བཅས་པ་རང་ཁུལ་དུ་ཡོང་ནས“དུས་ཆེན་གཅིག་དང་ཚོགས་འདུ་གཅིག”གི་རིག་གནས་སྒྱུ་རྩལ་འཁྲབ་སྟོན་གྲ་སྒྲིག་བྱ་བ་ཞིབ་བཤེར་དང་མཛུབ་སྟོན་བྱས་པ།
དུས་ཚོད།2019-05-17 18:11:24     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
   (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 5བའི་ཚེས 13ཉིན་ལ། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གི་ཐིང་ཀྲང་གཞོན་པ་དབྱང་ཅན་རེན་གྱིས་འབྲེལ་ཡོད་མི་སྣ་ཁྲིད་དེ་རང་ཁུལ་དུ་ཡོང་ནས“ཚོགས་འདུ་གཅིག་དང་དུས་ཆེན་གཅིག”གི་རིག་གནས་སྒྱུ་རྩལ་འཁྲབ་སྟོན་གྲ་སྒྲིག་བྱ་བའི་གནས་ཚུལ་ལ་ཞིབ་བཤེར་དང་མཛུབ་སྟོན་བྱས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བཀྲ་ཤིས་འཚོ་ཡིས་ཞིབ་བཤེར་བྱེད་པར་འགྲོ་རོགས་བྱས།
    ཞིབ་བཤེར་ཚན་ཆུང་ཐོག་མར“ཆུས་གསུམ་དང་ཁུལ་གསུམ”གྱི་གྲངས་ཉུང་མི་རིགས་རིག་གནས་སྒྱུ་རྩལ་འཁྲབ་སྟོན་བྱ་འགུལ་སྤེལ་ཡུལ་གཙོ་བོ་ཀན་ལྷོའི་ཟློས་གར་ཚོམས་ཆེན་དུ་ཡོང་ནས་དེའི་ནང་གི་སྒྲིག་ཆས་དང་རྣམ་པ་སོགས་ལ་བལྟས་རྗེས་དེའི་ནང་གི་སྒྲིག་ཆས་སྐོར་ཞིག་བསྒྱུར་བཀོད་བྱ་དགོས་པའི་ཐད་བསམ་འཆར་བཏོན། དེའི་རྗེས་སུ་བཀྲ་ཤིས་འཚོ་ཡིས་བྱ་བའི་འབྲེལ་མཐུད་གྲོས་ཚོགས་བསྡུས་ནས“ཆུས་གསུམ་དང་ཁུལ་གསུམ”གྱི་གྲངས་ཉུང་མི་རིགས་རིག་གནས་སྒྱུ་རྩལ་འཁྲབ་སྟོན། དགུ་མདོག་ཤམ་བྷ་ལའི་སྒྱུ་རྩལ་དུས་ཆེན་འགོ་བརྩམས་པའི་སྒྱུ་རྩལ་འཁྲབ་སྟོན། མི་རིགས་མཐུན་སྒྲིལ་གྱི་རིག་གནས་བྱ་འགུལ། ཤམ་བྷ་ལའི་ཐང་ཆེན་གྱི་སྐོར་བྲོ་འཁྲབ་སྟོན་སོགས་ཕྱོགས་ལྔ་ནས་རང་ཁུལ་གྱི་སྒྱུ་རྩལ་འཁྲབ་སྟོན་ཚན་ཆུང་གི་གྲ་སྒྲིག་བྱ་བའི་གནས་ཚུལ་ཡར་ཞུ་བྱས།
    ཚོགས་འདུའི་ཐོག་དབྱང་ཅན་རེན་གྱིས་ཀན་ལྷོ་ཁུལ་གྱི“ཚོགས་འདུ་གཅིག་དང་དུས་ཆེན་གཅིག”གི་རིག་གནས་སྒྱུ་རྩལ་འཁྲབ་སྟོན་གྲ་སྒྲིག་ཕྱོགས་ཀྱི་བྱ་བ་ཁས་ལེན་གང་ལེགས་བྱས་པ་མ་ཟད་རྗེས་ཕྱོགས་ཀྱི་བྱ་བར་བླང་བྱ་བཏོན།
    བཀྲ་ཤིས་འཚོ་ཡིས་ཀན་ལྷོ་ཁུལ་གྱིས་དུས་ལྟར་ཞིབ་བཤེར་ཚན་ཆུང་གི་བླང་བྱ་ལྟར་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་བྱ་བ་མགྱོགས་མྱུར་ངང་སྐུལ་སྤེལ་གཏོང་ངེས་ཡིན་ཞེས་བཤད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།