中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། སྐོར་ཞིབ་ཕྱིར་ལྡོག་བསམ་འཆར་སྒྲིག་བཅོས་བྱ་བའི་གྲོས་ཚོགས་ཚོགས་པ།
དུས་ཚོད།2019-05-17 18:12:29     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 5བའི་ཚེས 9ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱི་གཙོ་འགན་ཁུར་ཏེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་གཙོ་བོའི་དཔལ་འབྱོར་འགན་འཁྲི་དང་རང་བྱུང་ཐོན་ཁུངས་རྒྱུ་ནོར་འགན་བྲལ(འགན་ཁུར་ཡུན)གྱི་རྩིས་བཤེར་ཕྱིར་ལྡོག་གནད་དོན་དང་ཀྲུང་དབྱང་དབུལ་ཐར་མཁྲེགས་གཏོར་ཆེད་དོན་སྐོར་ཞིབ་ཕྱིར་ལྡོག་བསམ་འཆར་སྒྲིག་བཅོས་བྱ་བའི་བཀོད་གཏོང་གྲོས་ཚོགས་བསྡུས།
    ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ལིའུ་ཧྥུན། ཁུལ་དཔོན་གཞོན་པ་ནམ་མཁའ་སངས་རྒྱས་དང་ལིའུ་ཡུང་ཀོ ཝང་ཧྥང་དང་དེ་མིན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཁ་གཏད་དྲུང་ཡིག་ཆེན་མོ་གཞོན་པ། རྫོང་སོ་སོ་དང་གྲོང་ཁྱེར་སྲིད་གཞུང་གི་འགན་ཁུར་བ་གཙོ་བོ། ཁུལ་སྲིད་གཞུང་གི་འབྲེལ་ཡོད་འགན་ཁུར་བ་གཙོ་བོ་དག་གྲོས་ཚོགས་སུ་ཞུགས།
    ཚོགས་ཐོག་ཏུ་ཀྲའོ་ལིན་ཡུན་གྱིས་ཞིང་ཆེན་དང་ཁུལ་གྱི་རྩིས་བཤེར་སྒྲིག་བཅོས་བྱ་བའི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། ཁུལ་རྩིས་བཤེར་ཅུས་ཀྱི་འགན་ཁུར་བས་རང་ཁུལ་གྱི་དཔལ་འབྱོར་འགན་འཁྲི་རྩིས་བཤེར་ཕྱིར་ལྡོག་གནད་དོན་སྒྲིག་བཅོས་བྱ་བའི་གནས་ཚུལ་བརྡ་ཁྱབ་བཏང་། ཁུལ་རང་བྱུང་ཐོན་ཁུངས་ཅུས་ཀྱི་འགན་ཁུར་བས་རང་ཁུལ་གྱི་རང་བྱུང་ཐོན་ཁུངས་རྒྱུ་ནོར་འགན་བྲལ(འགན་ཁུར་ཡུན)གྱི་རྩིས་བཤེར་ཕྱིར་ལྡོག་གནད་དོན་སྒྲིག་བཅོས་བྱ་བའི་གནས་ཚུལ་བརྡ་ཁྱབ་བཏང་། ཁུལ་སྒྲིག་བཅོས་གཞུང་སྒྲུབ་ཁང་གི་འགན་ཁུར་བས་ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་ཆེད་དོན་སྐོར་ཞིབ་ཕྱིར་ལྡོག་གནད་དོན་སྒྲིག་བཅོས་བྱ་བའི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། རྫོང་སོ་སོ་དང་གྲོང་ཁྱེར་སྲིད་གཞུང་གི་འགན་ཁུར་བ་གཙོ་བོ་དག་གིས་རྫོང་བདུན་དང་གྲོང་ཁྱེར་གཅིག་གི་སྒྲིག་བཅོས་བྱ་བའི་གནས་ཚུལ་ཡར་ཞུ་བྱས། ཁུལ་ནོར་སྲིད་དང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས། ཁུལ་ཆུ་དོན་ཅུས། ཁུལ་མཁོ་བསྟུན་དོ་དམ་ཅུས་ཀྱི་འགན་ཁུར་བ་གཙོ་བོ་དག་གིས་འབྲེལ་ཡོད“བཤེར་གཉིས”གྱི་སྒྲིག་བཅོས་བྱ་བའི་གནས་ཚུལ་ཡར་ཞུ་བྱས།
    ཀྲའོ་ལིན་ཡུན་གྱིས་དཔལ་འབྱོར་འགན་འཁྲི་དང་རང་བྱུང་ཐོན་ཁུངས་རྒྱུ་ནོར་འགན་བྲལ(འགན་ཁུར་ཡུན)གྱི་རྩིས་བཤེར་དང་ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་ཆེད་དོན་སྐོར་ཞིབ་ཕྱིར་ལྡོག་བསམ་འཆར་སྒྲིག་བཅོས་བྱ་བ་ནི་འབྲེལ་ཡོད་བྱ་བར་སྐུལ་བའི་གལ་ཆེའི་ལམ་ལུགས་གསར་གཏོད་བྱས་པ་ཡིན་ལ། ཁོར་ཡུག་སྲུང་སྐྱོང་གི་གནད་དོན་ཐག་གཅོད་བྱེད་པའི་བྱ་ཐབས་གལ་ཆེན་ཡིན་པ་དང་། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་བའི་དགོས་ངེས་བླང་བྱ་ཡིན་པ་མ་ཟད་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་མོར་རྒྱལ་ཁ་ལེན་པའི་བྱ་ཐབས་གལ་ཆེན་ཡིན་ཞེས་བསྟན།
    ཀྲའོ་ལིན་ཡུན་གྱིས་ཁུལ་ཨུའི་གཞུང་སྒྲུབ་ཁང་དང་ཁུལ་སྲིད་གཞུང་གི་གཞུང་སྒྲུབ་ཁང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་ལྟ་བཤེར་ཁང་གིས་སྒྲིག་བཅོས་བྱ་བའི་བརྒྱུད་རིམ་ཡོངས་ལ་སེམས་ཁུར་བྱེད་པ་དང་སྒྲིག་བཤེར་ལྟ་ཞིབ་སྡེ་ཁག་གིས་ལྟ་སྐུལ་ཞིབ་བཤེར་བྱེད་པར་གཞོགས་འདེགས་བྱས་ནས་འཕེལ་རྒྱས་དང་སྲུང་སྐྱོང་གི་འབྲེལ་བ་དངོས་གནས་ཐག་གཅོད་པ། མཉམ་དུ་ཤུགས་བཏོན་ནས་མཁྲེགས་གཏོར་བྱ་བ་སྒྲུབ་པ། ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་སོ་སོའི་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་ཁྲིམས་དང་སྒྲིག་སྲོལ་ལྟར་ཚད་གཞི་མཐོན་པོའི་སྒོས་སྒྲིག་བཅོས་བྱ་བ་ལེགས་པར་བསྒྲུབས་ནས་རང་ཁུལ་གྱི་སྒྲིག་བཅོས་བྱ་བའི་ལས་འགན་སོ་སོ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་སྒྲུབ་བྱེད་པ་ཁག་ཐེག་བྱ་དགོས་ཞེས་ནན་གྱིས་བསྟན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།