中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཁུལ་ཡོངས་ཀྱི་དབུལ་སྐྱོར་མངའ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ལ་ཆེད་དོན་སྒྲིག་བཅོས་བྱེད་པའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་ཚོགས་པ།
དུས་ཚོད།2019-05-24 08:57:29     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 5བའི་ཚེས 15ཉིན་ལ། ཁུལ་ཡོངས་ཀྱི་དབུལ་སྐྱོར་མངའ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ལ་ཆེད་དོན་སྒྲིག་བཅོས་བྱེད་པའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་ཚོགས།
    ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྒྲིག་ཨུའི་ཧྲུའུ་ཅི། ཁུལ་ལྟ་བཤེར་ཨུའི་ཀྲུའུ་རེན་ཧའོ་ཅུའེ་རྨིན་གྱིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་བ་མ་ཟད་གཏམ་བཤད།
    གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲུང་ཆིན་དུ་རྟོག་ཞིབ་མཛད་པ་མ་ཟད“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་འབུར་ཐོན་གནད་དོན་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཞུས་ལིན་དབྱི་ཡིས་སི་ཁྲོན་དབུལ་སྐྱོར་མངའ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ལ་ཆེད་དོན་སྒྲིག་བཅོས་བྱེད་པའི་བྱ་བའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གཏམ་བཤད་ཀྱི་དགོངས་དོན། དེ་མིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ཀན་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཕེབས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ཁུལ་ཨུའི་སྐོར་ཞིབ་གཞུང་ལས་ཁང་དང་ཁུལ་དབུལ་སྐྱོར་གཞུང་ལས་ཁང་། ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་སོགས་འབྲེལ་ཡོད་ཁོངས་མིའི་སྡེ་ཚན་གྱིས་བྱ་བའི་སྙན་ཞུ་ཕུལ་བར་ཉན།
    ཧའོ་ཅུའེ་རྨིན་གྱིས་བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་ཆེད་དོན་སྒྲིག་བཅོས་བྱ་བ་གཏིང་ཟབ་ཏུ་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། གནད་དོན་གལ་ཆེན་ལ་དམིགས་ཏེ་རེ་རེ་བཞིན་ཞིབ་འཇུག་དང་ཇུས་འགོད་བྱེད་པ། བྱེད་ཐབས་ཞིབ་ཕྲ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བྱ་བ་སོ་སོ་ལེགས་འཛིན་དང་ནན་འཛིན་བྱ་དགོས་ལ། བསམ་བློའི་ངོས་འཛིན་སྔར་བཞིན་མི་མཐོ་བ་དང་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་ཤུགས་མི་འདང་བ། འགན་ནུས་སྡེ་ཚན་གྱིས་ཤུགས་འདོན་ཚད་མི་འདང་བའི་གནད་དོན་བཅས་ལ་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ཐག་གཅོད་བྱ་དགོས། མིག་སྔར་ཁུལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བ་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་བསླེབས་ཡོད་པས་གོང་འོག་སེམས་མཐུན་དང་གནད་ཁེལ་ཇུས་འདོན་བྱ་དགོས་པ་མ་ཟད། སྒྲིག་ཁྲིམས་ནན་དུ་གཏོང་བ་དང་ལྟ་སྐུལ་ནན་པོ་བྱས་ནས་དབུལ་ཐར་སྲིད་ཇུས་ཚང་མ་དོན་ཐོག་ཏུ་འཁྱོལ་བ་ཁག་ཐེག་བྱེད་པ་དང་། དབུལ་སྐྱོར་མ་དངུལ་ཚང་མ་དཀའ་ཁག་ཡོད་སར་སྤྱོད་དགོས། “བྱང་གཅིག་ཀུན་འཐུས”ཀྱི་ཆེད་དོན་སྒྲིག་བཅོས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། དབུལ་སྐྱོར་མངའ་ཁོངས་ཀྱི་རུལ་སུངས་གནད་དོན་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད་བྱ་དགོས་ལ། ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་སེམས་སྐུལ་ཞིང་སྲུང་སྐྱོང་བྱ་དགོས། སྔར་བས་ཏན་ཏིག་གི་བྱ་བའི་སྤྱོད་ཚུལ་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་ལེགས་གྲུབ་འབྱུང་བ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་གྲུབ་བྱེད་པའི་དམིགས་ཚད་མངོན་འགྱུར་ཡོང་བར་བྱས་རྗེས་གསར་བ་འཇོག་དགོས་ཞེས་བསྟན།།

ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ།
ཁུལ་ཁྲིམས་འཛིན་ཅུས་ཀྱིས་འབྲུག་ཆུའི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་བྱ་བར་རྟོག་ཞིབ་བྱས་པ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 5བའི་ཚེས 13ཉིན་ནས་ཚེས 14ཉིན་ལ། ཁུལ་ཁྲིམས་འཛིན་ཅུས་ཀྱིས་འབྲུག་ཆུའི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་བྱ་བར་རྟོག་ཞིབ་བྱས་པ་མ་ཟད། གོམ་སྟབས་རྗེས་མར་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་བྱ་བར་སྐུལ་འདེད་དྲག་པོ་གཏོང་བའི་ཐད་དུ་བླང་བྱ་བཏོན།
    རྟོག་ཞིབ་ཚན་ཆུང་འཁོར་དང་བཅས་པ་སྔ་གཞུག་ཏུ་ཧྲང་ཧོ་དང་ཁྲིན་ཀོན། ཧྲན་ཧོའུ་ས་ཁུལ་གསུམ་དུ་སོང་ནས། ཡུལ་དངོས་སུ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལས་ཁུངས་ཀྱི་སྒྲིག་བཀོད་ལ་རྟོག་ཞིབ་བྱས་པ་དང་སྙན་ཞུར་ཉན་པ། བཞུགས་མོལ་གྲོས་ཚོགས་བསྡུས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཤང་དང་གྲོང་རྡལ་སོ་སོའི་ཁྲིམས་འཛིན་སུའོ་ཡི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་བྱ་བར་ཕྱོགས་ཡོངས་ནས་རྟོག་ཞིབ་བྱས་པ་མ་ཟད། སྡོད་ཁུལ་གྱི་ཁྲིམས་ཆད་འཁུར་བཞིན་པའི་མི་སྣ་དང་བཀོད་སྒྲིག་བྱས་པའི་རོགས་སློབ་མི་སྣ་རྩ་འཛུགས་བྱས་ཏེ་སེམས་གཏམ་གླེང་རེས་བྱས་ཤིང་། ནག་སེལ་གཤེད་བཅོམ་གྱི་ཁུངས་སྣེ་གཏིང་ལོན་བྱེད་པའི་རྟོག་ཞིབ་འདྲི་ཤོག་ཁ་བསྐངས་པ་དང་རེ་རེ་བཞིན་ཁུངས་སྣེ་གཏིང་ལོན་བྱས།
    རྟོག་ཞིབ་ཚན་ཆུང་འཁོར་དང་བཅས་པས་འབྲུག་ཆུ་རྫོང་ཁྲིམས་འཛིན་ཅུས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་བྱ་བ་ཁས་ལེན་གང་ལེགས་བྱས་ཤིང་། མིག་སྔའི་བྱ་བའི་རྨང་གཞིའི་སྟེང་འགན་འཁྲི་སྔར་བས་ཇེ་བརྟན་དུ་གཏོང་བ་དང་། བྱེད་ཐབས་ཇེ་དྲག་ཏུ་གཏོང་བ། གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་པ། སྤྱི་ཡོངས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན། དེ་དང་མཉམ་དུ་ནག་སེལ་གཤེད་བཅོམ་གྱི་བྱ་བར་སྐུལ་འདེད་གཏོང་བར་འགན་ནུས་ཀྱི་ཁྱད་ཡོན་འདོན་སྤེལ་གང་ལེགས་བྱེད་པ་དང་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྤྱི་བདེ་དང་ཁྲིམས་ཁང་། ཞིབ་དཔྱོད་ཁང་སོགས་སྡེ་ཁག་བར་གྱི་འབྲེལ་བར་ཤུགས་བསྣན་ཏེ། ཕྱི་ནང་མཉམ་ལས་བྱེད་ཤུགས་མུ་མཐུད་དུ་ཇེ་དྲག་ཏུ་བཏང་སྟེ་རྡུང་རྡེག་གི་སྡོམ་ཤུགས་ཆགས་པར་བྱ་དགོས་ཞེས་བསྟན།
    ཐེངས་འདིའི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་བྱ་བར་རྟོག་ཞིབ་བྱས་པ་བརྒྱུད། འབྲུག་ཆུ་རྫོང་ཁྲིམས་འཛིན་ཅུས་ཀྱིས་ཆབ་སྲིད་ཀྱི་ལངས་གནས་སྔར་བས་ཇེ་མཐོར་གཏོང་བ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་དྲིལ་བསྒྲགས་བྱེད་པར་སྐུལ་བ་དང་། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་བྱ་བ་གཏིང་ཟབ་ཏུ་སྤེལ་བ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་ལེན་པར་ཕན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།