中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཁུལ་ཡོངས་ཀྱི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་བྱེད་པའི་བྱ་བ་སྤེལ་འགོ་ཚུགས་པའི་ཚོགས་འདུ་དང་སྐོར་བཅུ་བའི་ཁུལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་མིང་བཏགས་གཟེངས་བསྟོད་
དུས་ཚོད།2019-06-18 15:52:24     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་ཆར། ཁུལ་ཡོངས་ཀྱི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་བྱེད་པའི་བྱ་བ་འགོ་ཚུགས་པའི་ཚོགས་འདུ་དང་སྐོར་བཅུ་བའི་ཁུལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་མིང་བཏགས་གཟེངས་བསྟོད་ཚོགས་ཆེན་ཁག་བཅུ་བ་གཙོས་ནས་ཚོགས་པ་རེད།
    ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་། ཁུལ་དཔལ་ཡོན་ཨུའི་ཀྲུའུ་རེན་གཞོན་པ་བཀྲ་ཤིས་འཚོ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།
    ཁུལ་དཔོན་གཞོན་པ་ཝང་ཧྥང་གིས་ཚོགས་འདུའི་གཙོ་འགན་ཁུར།
    ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡ་ནན་དང་། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་དྲུང་ཡིག་ཆེན་མོ་ཏུང་ཡན་ཆིན་ཚོགས་འདུར་ཞུགས།
    ཚོགས་འདུའི་ཐོག་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲེང་ཧུའེ་ཡིས་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་བྱེད་པའི་བྱ་བར་མཆན་བཀོད་མཛུབ་སྟོན་གནང་བ་དང་། ཁུལ་རིམ་པའི་བསམ་བའི་དཔལ་ཡོན་འཛུགས་སྐྲུན་གྱི་སྔོན་ཐོན་ཐུན་མོང་དང་ཁུལ་རིམ་པའི་དཔལ་ཡོན་ཞང་གྲོང་། དཔལ་ཡོན་སྡེ་བ། དཔལ་ཡོན་སྡེ་ཁུལ་དང་སྔོན་ཐོན་ལས་བྱེད་པ་བཅས་ལ་གཟེངས་བསྟོད་བྱས། གཙོས་གྲོང་ཁྱེར་གྱི་དུས་རབས་གསར་བའི་ཤེས་དཔལ་ལག་ལེན་ལྟེ་གནས་དང་། མཛོད་དགེ་སྨད་མ་གྲོང་རྡལ་གྱི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ཁང་། ཐོད་ཆིངས་གཞུང་ལམ་སྡེ་ཁུལ་གྱི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་ཉམས་མྱོང་བརྗེ་རེས་ཀྱི་གཏམ་བཤད་གནང་།
    བཀྲ་ཤིས་འཚོ་ཡིས་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་འཐབ་ཇུས་དང་ཁྱོན་ཡོངས་ནས་བཏོན་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། དུས་རབས་གསར་བའི་མང་ཚོགས་ཀྱི་བྱ་བར་སྐུལ་བའི་ཐབས་ཇུས་ལས་གཞི་ཞིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མི་སེམས་སུ་འཇོག་པར་སྐུལ་བ། རྫོང་དང་གྲོང་ཁྱེར། སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ནས་ཞིང་ཆེན་ཡོངས་ཀྱི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་ཚོད་ལྟའི་ལས་དོན་གྱི་འགོ་ཚུགས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། འགན་འཁུར་ཕོད་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། དམ་པ་དོན་གཉེར་བཅས་བྱེད་པ། ལངས་གནས་མཐོ་བ། འགོ་འཛུགས་ས་མཐོ་བ། ལས་ཕྱོད་མཐོ་བ། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་བྱ་བ་ལ་སྐུལ་འདེད་གཏོང་དགོས། ཡོན་ཏན་པ་དང་སྲོལ་བཟང་ལ་བརྟེན་ནས་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་དང་གཞི་རིམ་གྱི་དྲིལ་བསྒྲགས་དང་བསམ་བློའི་བྱ་བའི་དྲང་སྲུང་གསར་གཏོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་སྒྲིལ། མི་གསར་བ་གསོ་སྐྱོང་། རིག་གནས་དར་སྤེལ། གཟུགས་བརྙན་འགྲེམས་སྟོན་བཅས་ཀྱི་འགན་འཁྲི་དང་ལས་འགན་སྔར་བས་ཡག་པོ་འཁུར་དགོས་ཞེས་བསྟན།
    ཚོགས་འདུའི་སྔོན་དུ་ཚོགས་ཞུགས་མི་སྣས་གཙོས་གྲོང་ཁྱེར་མཛོད་དགེ་སྨད་མ་གྲོང་རྡལ་དང་། རྒྱ་མཁར་སྲང་ལམ་གཞུང་སྒྲུབ་ཁང་། ཤོ་མང་སྲང་ལམ་སྡོད་ཁུལ། ཐོད་ཆིངས་སྲང་ལམ་ཅོན་གཅོད་ཁང་སོགས་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ས་ཚིགས་འཛུགས་སྐྲུན་ལས་དོན་ལ་ལྟ་སྦྱོང་སློབ་སྦྱོང་བྱས་པ་རེད། ཁུལ་དཔོན་གཞོན་པའམ་གཙོས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིའུ་ཡུང་ཀོ་ཡིས་ལྟ་སྦྱོང་ལ་འགྲོ་རོགས་བྱས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།