中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ལིན་ཏུའོ་ཡིས་འབྲེལ་ཡོད་གྲོས་ཚོགས་སུ། བློ་ཐག་རྦད་ཆོད་ཀྱིས་ནག་སེལ་གཤེད་བཅོམ་འཐབ་རྩོད་ཀྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ཁུར་ནས་ཀྲུང་དབྱང་གི་ལྟ་སྐུལ་སློབ་སྟོན་དང་ཕྱིར་ལྡོག་གནད་དོན་དག་ཐེར་ཡོ་བསྲང་གི་རྨང་གཞི
དུས་ཚོད།2019-06-18 15:53:38     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
   (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཀྲུང་དབྱང་གི་ནག་སེལ་གཤེད་བཅོམ་ལྟ་སྐུལ་སློབ་སྟོན་ཚན་ཆུང 19བ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བ་ཐེངས་དང་པོར་འབྲེལ་མཐུད་བྱེད་པའི་ཚོགས་འདུའི་ཕྱིར་ལྡོག་གནད་དོན་དག་ཐེར་བྱེད་པའི་བྱ་བའི་བཀོད་སྒྲིག་ཚོགས་འདུ་ཚེས 10ཉིན་གྱི་སྔ་དྲོ་ལན་ཀྲོའུ་རུ་ཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ལིན་ཏུའོ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ་དང་། ཆེད་དོན་འཐབ་རྩོད་ཀྱི་ཆབ་སྲིད་འགན་འཁྲི་གལ་ཆེན་འཁུར་བ། ཕྱོགས་ཡོངས་ནས་དག་ཐེར་དོན་འཁྱོལ་བཅས་བྱས་ཏེ་ཀྲུང་དབྱང་ལྟ་སྐུལ་སློབ་སྟོན་ཚན་ཆུང་གི་ཕྱིར་ལྡོག་གནད་དོན་གྱི་རྩ་བ་གསལ་བོར་མཐོང་ཐུབ་པ་བྱས་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
    ཞིང་ཆེན་གྱི་འགོ་ཁྲིད་ལི་རུང་ཚན་དང་། ཧུའུ་རུང་། ཁྲིན་ཆིང་། ཝང་ཅ་དབྱི། ཡུས་ཅན། ཝང་རུའེ་དང་། ཀུའོ་ཁྲེང་། ཀའོ་ཅན་མིན། ཀྲུའུ་ཡུས། ཝེ་ཧྥེང་ཐུང་སོགས་གྲོས་ཚོགས་སུ་ཞུགས།     ཚོགས་འདུའི་ཐོག་ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་སློབ་སྟོན་ཚན་ཆུང 19བ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བ་ཐེངས་དང་བོར་འབྲེལ་མཐུད་བྱེད་པའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ལྟ་སྐུལ་མཛུབ་སྟོན་དང་ཕྱིར་ལྡོག་གནད་དོན་གྱི་དག་ཐེར་འགན་འཁྲིའི་གསལ་ཐོ་པར་འགྲེམས་བྱས།
    ལིན་ཏུའོ་ཡིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། ཀྲུང་དབྱང་ལྟ་སྐུལ་སློབ་སྟོན་ཚན་ཆུང་གིས་རང་རེའི་ཞིང་ཆེན་གྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཕྱོགས་སུ་ཐོབ་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་བྱས་ཤིང་། ལྟ་སྐུལ་སློབ་སྟོན་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་ཡང་བརྡ་ཁྱབ་བཏང་བས། དག་ཐེར་ཡོ་བསྲང་དམ་འཛིན་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་བར་བླང་བྱ་གསལ་བོ་བཏོན། ཞིང་ཆེན་ཡོངས་ཀྱི་རིམ་པ་དང་སྡེ་ཚན་སོ་སོས“འདུ་ཤེས་བཞི”ལ་ཤུགས་སྣོན་པ་དང་། “གདེང་ཚོད་བཞི”བརྟན་པོར་གཏོང་བ། “སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ཆེད་དོན་འཐབ་རྩོད་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་བླངས་ཏེ་སྒྲིག་བཅོས་དམ་པོར་འཛིན་པ་དེ“ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་བྱ་སྤྱོད་ཅིག་ཏུ་བརྩིས་ཏེ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཕྱོགས་ལ་སྐུལ་འདེད་བཏང་ནས་ཐོབ་པའི་གྲུབ་འབྲས་ཀྱིས་མང་ཚོགས་ལ་ཡིད་ཚིམ་དུ་འཇུག་དགོས་ཞེས་ནན་གྱིས་བསྟན།།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།