中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཀླུ་ཆུ་རྫོང་གིཤུགས་འདོན་པ་གསུམགྱིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་སྐུལ་འདེད་བཏང་བ།
དུས་ཚོད།2019-06-20 09:09:08     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་བ་ནས་བཟུང་། ཀླུ་ཆུ་རྫོང་ཨུའི་རྩ་འཛུགས་པུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དུས་གཏན་དུ་གཙོ་གནད་དུ་བཟུང་བ་དང་།“ཤུགས་འདོན་པ་གསུམ”རྒྱུན་འཁྱོངས་བྱས་ནས། རྫོང་ཡོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་བྱ་བར་སྐུལ་འདེད་བཏང་།
    ནག་སེལ་གཤེད་བཅོམ་གྱི་མཁའ་དབུགས་གསར་བ་བསྐྲུན་པར་ཤུགས་བསྣན་ནས། བརྗོད་དོན་སྣ་མང་གི་ཏང་གི་ཉིན་མོ་སྤེལ་བ། ཟླ 5བར་རྫོང་ཡོངས་ཀྱི་ཏང་ཀྲི་པུའུ 155ཡིས་གཅིག་བསྡུས་ཀྱིས་ནག་སེལ་གཤེད་བཅོམ་གྱི་རྨང་གཞི་ཇེ་བརྟན་དུ་བཏང་ནས། ཏང་ཡོན་གྱིས་མིག་དཔེ་ལེགས་པོ་སྟོན་པ་ཞེས་པའི་ཏང་གི་ཉིན་མོའི་བྱ་འགུལ་སྤེལ་བ་དང་། 《ཀླུ་ཆུ་རྫོང་གི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་དེ་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་སྤྲིངས་པའི་འཕྲིན》དང《ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་རྒྱུན་ཤེས་དེབ་ཆུང》སོགས་དྲིལ་བསྒྲགས་ཡིག་ཆ་དེབ 4000ལྷག་འགྲེམ་གཏོང་བྱས་ནས། ཏང་ཡོན་མང་ཚོགས 5000ལྷག་གི་ལག་ཏུ་འབྱོར་བར་བྱས་ཤིང་། ནག་སེལ་གཤེད་བཅོམ་གྱི་ཤེས་བྱ་མི་ཚང་མར་ཤེས་སུ་བཅུག་པ་དང་མི་རེ་རེ་ནང་དུ་ཞུགས་པའི་མཁའ་དབུགས་གསར་བ་བསྐྲུན།
    སྡེ་བའི་ལས་བྱེད་པའི་དཔུང་སྡེའི་སྒྲིག་གཞི་ཇེ་ལེགས་སུ་གཏོང་བར་ཤུགས་བསྣན་ནས། སྡེ་བའི“ཨུ་གཉིས”ཀྱི་ཁོངས་མིའི་ལས་འགན་ཁུར་བའི་ཐོབ་ཐང་མཉམ་བཤེར་བྱས་པ། 《ཀླུ་ཆུ་རྫོང་གི་སྡེ་བའི(སྡོད་ཁུལ)“ཨུ་གཉིས”ཀྱི་ལས་བྱེད་པའི་མཉམ་བཤེར་ལམ་ལུགས》གཏན་འབེབས་བྱས་ཤིང་། སྡེ་བའི་ལས་བྱེད་པའི་ཆ་འཕྲིན་སྔར་ལས་ལྷག་པར་འཐུས་ཚང་དུ་གཏོང་རྒྱུ་རྨང་གཞི་བྱས་ཏེ། ཕྱོགས་ཡོངས་ནས་སྡེ་བ་ཚོ་བའི་ལས་བྱེད་ཁོངས་མིའི་སྒྲིག་གཞི་ལ་དབྱེ་ཞིབ་བྱས། རྫོང་ཨུའི་རྩ་འཛུགས་པུའུ་ཡིས་རྫོང་དམངས་སྲིད་དང་ སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཁང་།  སྤྱི་བདེ་ཞིབ་དཔྱོད་ཁྲིམས་ཁང་།  ཡིག་སྐུར་ངོ་གཏུག་ཅུས་སོགས་ཀྱི་སྡེ་ཁག་དང་མཉམ་དུ་མཉམ་འབྲེལ་གྲོས་ཚོགས་ཚོགས་ཏེ། རྫོང་ཡོངས་ཀྱི་སྡེ་བ 215ཡི“ཨུ་གཉིས”ཀྱི་ཁོངས་མིར་རྫོང་རིམ་པའི་ཐོབ་ཐང་མཉམ་བཤེར་བྱས།
    གཞི་རིམ་གྱི་འཐབ་རྩོད་མཁར་རྫོང་ཤུགས་ཆེན་གྱིས་བསྐྲུན་ནས་ནུས་མེད་ཟབ་ཟོབ་ཀྱི་ཏང་གི་རྩ་འཛུགས་ལེགས་སྒྲིག་བྱེད་པར་ནན་གྱིས་སྐུལ་བ། ཏང་ཀྲི་པུའུ་ཡི་འཛུགས་སྐྲུན་ཚད་ལྡན་ཅན་དུ་བསྒྱུར་རྒྱུ་དེ་དམ་འཛིན་བྱ་ཡུལ་དུ་བཟུང་ནས།  ལས་ཁུངས་ཀྱི་ཏང་རྩ་འཛུགས་དང་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི་ཏང་རྩ་འཛུགས་ཆ་སྒྲིག་མཉམ་སྐྲུན་གྱི་བྱ་འགུལ་སྤེལ་ཞིང་།  དུས་བཅད་ལྟར་བྱ་བའི་གྲོས་ཚོགས་ཚོགས་པ་དང་།  དག་ཐེར་བྱེད་ཐབས་མུ་མཐུད་དུ་ཇེ་ལེགས་སུ་བཏང་ནས།  ཏང་རྩ་འཛུགས་ཀྱི་འཐབ་འཛིང་ནུས་ཤུགས་དང་གོང་བུར་འགྲིལ་ཤུགས་ཇེ་ཆེར་བཏང་།།
          (བན་དེ་ཚེ་རིང་གིས་བསྒྱུར།)

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།