中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཞིང་ཆེན་ཡོངས་ཀྱི་ནང་གནས་སྒུལ་ཤུགས་སྐུལ་ནས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པའི་ཡུལ་དངོས་སྐུལ་འདེད་གྲོས་ཚོགས་ཚོགས་པ།
དུས་ཚོད།2019-06-20 09:14:41     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 6པའི་ཚེས 12ཉིན་ལ། ཞིང་ཆེན་ཡོངས་ཀྱི་ནང་གནས་སྒུལ་ཤུགས་སྐུལ་ནས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པའི་ཡུལ་དངོས་སྐུལ་འདེད་གྲོས་ཚོགས་ཅོ་ནེ་རྫོང་དུ་བསྡུས།
    ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཁང་ཆིན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། ཞིང་ཆེན་དཔལ་ཡོན་གཞུང་ལས་ཁང་གི་ཀྲུའུ་རེན་ལུའོ་ཧྥུན་ཚུན་གྱིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར། ཞིང་ཆེན་དབུལ་སྐྱོར་ཁང་གི་ཀྲུའུ་རེན་གཞོན་པ་ཝེ་ལི་ཧུང་གིས་དཔྱད་བརྗོད་གཏམ་བཤད་སྤེལ་བ་དང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཏུང་ཞའོ་ལིན་གྱིས་ཉམས་མྱོང་བརྗེ་རེས་ཀྱི་གཏམ་བཤད།
    ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བཀྲ་ཤིས་འཚོ་ཡིས་ཤིས་ཚིག་ཕུལ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲུང་ཡིག་ཆེན་མོ། ཅོ་ནེ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཝུའུ་གྲོས་ཚོགས་སུ་ཞུགས། ཁུལ་དཔོན་གཞོན་པ་ཝང་ཅན་ཅུན་གྱིས་ཀན་ལྷོ་ཁུལ་གྱིས་ཀྲུང་དབྱང་དབུལ་ཐར་མཁྲེགས་གཏོར་གྱི་ཆེད་དོན་ཕྱིར་ལྡོག་བསམ་འཆར་སྒྲིག་བཅོས་བྱེད་པར་སྐུལ་འདེད་བཏང་བ་དང་དབུལ་ཕོངས་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་སྐུལ་བའི་གནས་ཚུལ་མཚམས་སྦྱོར་བྱས།
    ཁང་ཆིན་གྱིས་མིག་སྔར་ཞིང་ཆེན་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་རྩོད་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལ་རྒྱལ་ཁ་ལེན་པའི་ཆེས་གནད་འགག་གི་དུས་སུ་གནས་པས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་ནང་གནས་སྒུལ་ཤུགས་སྐུལ་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྔར་ལས་ལྷག་པར་བྱ་བའི་ཐབས་ལམ་མངོན་གསལ་དང་སྲིད་ཇུས་ཁྱབ་བསྒྲགས་བྱས་ནས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། མང་ཚོགས་ཀྱི་དབུལ་ཐར་ཕྱུག་འགྱུར་གྱི་རང་འགུལ་རང་བཞིན་དང་གསར་གཏོད་རང་བཞིན་བཅས་སྐུལ་དགོས་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྲིད་ཇུས་སྒྲིག་བཀོད་དོན་འཁྱོལ་ནན་མོ་བྱེད་པ་དང་། ལྟ་སྐུལ་ཞིབ་བཤེར་དང་ཚོད་བགམ་དཔྱད་འཇོག་བྱ་ཐབས་འཐུས་ཚང་དུ་བཏང་ནས་སྒྲིག་བཅོས་བྱ་ཐབས་སོ་སོར་ཕན་འབྲས་ངེས་ཅན་ཐོབ་པ་ཁག་ཐེག་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་བྱ་བའི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་དོན་འཁྱོལ་ནན་མོ་བྱས་ནས་དུས་ལྟར་རང་རེའི་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པར་འབད་དགོས་ཞེས་ནན་གྱིས་བསྟན།
    བཀྲ་ཤིས་འཚོ་ཡིས་ཤིས་ཚིག་ཁྲོད་དུ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་ཀན་ལྷོ་ཁུལ་གྱིས་དུས་ལྟར་དབུལ་ཐར་མཁྲེགས་གཏོར་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་གྲུབ་བྱེད་པའི་བླང་བྱ་ནན་མོ་སྲུང་བ་དང་། ནན་ཏན་སྒོས“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་དམིགས་འབེན་ལ་དམིགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀན་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཕེབས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དོན་འཁྱོལ་ནན་མོ་བྱས་ཏེ། དབུལ་སྐྱོར་གྱི་སྤུས་ཀ་ཁག་ཐེག་དང་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་སོ་སོ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་། 2018ལོར་ཞིང་ཆེན་སྲིད་གཞུང་གིས་ཀླུ་ཆུ་དང་རྨ་ཆུ། བསང་ཆུ། ཅོ་ནེ། ཐེ་བོ་བཅས་རྫོང 5དབུལ་ཐར་བྱུང་བར་ཆོག་མཆན་ཐོབ་པས། ཀན་ལྷོ་བོད་ཁུལ་གྱི་འཕེལ་རྒྱས་གོམ་སྟབས་ལ་ཡུན་རིང་བཀག་འགོག་ཐེབས་པའི་དབུལ་ཕོངས་གནད་དོན་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཞེས་བཤད།།
                             (མཁའ་བྱམས་ཚེ་རིང་གིས་བསྒྱུར།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།