中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཀན་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་པ།
དུས་ཚོད།2019-06-24 09:22:02     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
       (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 6པའི་ཚེས 15ཉིན་ལ། ཀན་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཁུལ་ཡོངས་ཀྱི་ཁྲིམས་ཁང་གི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་བྱ་བ་སྤེལ་ཚུལ། ཐབས་ཇུས་དང་བླངས་པའི་གྲུབ་འབྲས། གོམ་སྟབས་རྗེས་མའི་བྱ་བ་བཀོད་སྒྲིག་བྱེད་པ་སོགས་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་བ་མ་ཟད་གསར་འགོད་པའི་དྲི་བར་ལན་བཏབ།
       ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་བ་ནས་བཟུང་། ཀན་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ནན་འཛིན་བྱས་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུ་བཅས་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ནས། འདྲི་གཅོད་ལྟེ་བར་བཟུང་བའི་གཏུག་བཤེར་ལམ་ལུགས་ལ་དམ་པོར་གཞིགས་པ། སྒྲིག་སྲོལ་ཁག་གསུམ་གྱི་བླང་བྱ་དང་དཔང་རྟགས་ཤན་འབྱེད་ཀྱི་རྩ་དོན་གཞིར་བཟུང་ནས་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་དབྱེ་མཚམས་ཁོང་དུ་ཡང་དག་པར་ཆུད་པ་དང་། རྡུང་རྡེག་གནད་ལ་ཁེལ་བར་བྱས་ཡོད། མིག་སྔའི་བར་ཁུལ་ཡོངས་ཀྱི་རིམ་པ་གཉིས་པའི་ཁྲིམས་ཁང་གིས“སྡིག་ཅན”དང“སྡེ་བའི་བཙན་བདག”གི་གྱོད་གཞི5ཞིབ་གཅོད་བྱས་པའི་ནང་གཙོས་གྲོང་ཁྱེར་ལ་གཏོགས་པའི་ཉེས་གསོག་གྱོད་གཞི2ཡོད་པ་དང་། འབྲུག་ཆུ་རྫོང་དང་ཅོ་ནེ་རྫོང་ལ་སྟོབས་ཤུགས་ངན་པའི་ཉེས་གསོག་གྱོད་གཞི་རེ་ཡོད་པ། བསང་ཆུ་རྫོང་གི“གྲོང་ཚོའི་བཙན་བདག”གྱོད་དོན་གཅིག་བཅས་ཡོད།
      གོམ་སྟབས་རྗེས་མར་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་བཅུ་དགུ་བས་ཕྱིར་ལྡོག་བྱས་པའི་གནད་དོན་ལ་ཤེས་རྟོགས་བྱུང་མ་ཐག་ཡོ་བསྲང་བྱེད་པ་དང་། ཤེས་རྟོགས་བྱུང་མ་ཐག་ལེགས་བཅོས་བྱེད་པ། འཕྲལ་སྒྲུབ་ལག་བསྟར་མཐའ་གཅིག་ཏུ་བྱ་དགོས། “གྱོད་གཞི་གཅིག་དང་ཞིབ་བཤེར་གསུམ”ལ་ཕྱིར་མིག་ལྟ་བ་ནན་མོས་སྤེལ་ཏེ་རང་འགུལ་ངང་སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐུལ་དང་ལེན་བྱ་རྒྱུ། གཏུག་བཤེར་གྱི་གོ་རིམ་ནང་ཞུགས་པའི་ནག་ཚོགས་སྤྱོད་ངན་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཕྱོགས་ཡོངས་ནས་རྩད་གཅོད་བྱེད་པ། གྱོད་གཞི་རེ་རེ་བཞིན་དུས་ཚོད་རེའུ་མིག་ཞིབ་ཕྲ་གཏན་འབེབས། བརྒྱུད་རིམ་ཧྲིལ་པོར་རྗེས་འདེད། དུས་བཀག་ལྟར་བརྡ་ཁྱབ་གཏོང་བ། ལྟ་སྐུལ་མཛུབ་ཁྲིད་ལ་མུ་མཐུད་དུ་ཤུགས་བསྣན་ནས་འདྲི་གཅོད་ཀྱི་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་འདྲི་གཅོད་ཀྱི་ལས་ཕྱོད་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་རྒྱུ་དང་། ཁྲིམས་འཛིན་གྲོས་འགོ་བཏོན་པར་ཕན་འབྲས་རྗེས་སྙེག་འདྲི་རྩད་དང་། དོན་འཁྱོལ་ལ་སྐུལ་འདེད། སྔར་ལས་ལྷག་པར་དུ་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ། འདྲི་གཅོད་སྤུས་ཚད་དང་ལས་ཕྱོད་ལ་བརྟེན་ནས་ཁྲིམས་ཁང་གི་ཆབ་སྲིད་རང་རྟོགས་དང་། བྱ་སྤྱོད་རང་རྟོགས། འགན་འཁྲི་ཁུར་ཕོད་པ་བཅས་བྱ་དགོས།
       ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་སོགས་སྨྱན་སྦྱོར་གྱི་གསར་འགོད་པ་ཡོངས་བསྒྲགས་ཚོགས་འདུར་ཞུགས་པ་དང་འབྲེལ་ཡོད་གནད་དོན་ཐད་དྲི་བ་བཏོན་པ་རེད།
    ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ད་དུང་གློག་རྡུལ་ཐེར་འདོན་ཡིག་སྒམ་བཙུགས་པ་སྟེ།   gnzyshb@sina comཡིན།  ཐེར་འདོན་གོང་ཞུའི་ཁ་པར 0941-8233107  ཐེར་འདོན་གོང་ཞུའི་ཡི་གེ་དེ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་ལ་བསྐུར་དགོས།  སྦྲག་སྲིད་ཨང་གྲངས 747000སྦྲག་ཐོག་ནས་བསྐུར་ཆོག།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།