中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཞིང་ཆེན་དམངས་ཆེན་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གིས་རང་ཁུལ་གྱི《ཀན་སུའུ་ཞིང་ཆེན་གྱི་ཞིང་སྡེའི་འཚོ་བའི་གད་སྙིགས་དོ་དམ་སྲོལ་ཡིག》ལག་ལེན་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ།
དུས་ཚོད།2019-06-24 09:24:28     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
   (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ6པའི་ཚེས14ཉིན་ལ། ཞིང་ཆེན་དམངས་ཆེན་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་རང་ཁུལ་དུ་ཡོང་ནས《ཀན་སུའུ་ཞིང་ཆེན་གྱི་ཞིང་སྡེའི་འཚོ་བའི་གད་སྙིགས་དོ་དམ་སྲོལ་ཡིག》ལག་ལེན་མཐའ་འཁྱོངས་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་མ་ཟད་བཞུགས་མོལ་གྲོས་ཚོགས་བསྡུས།
     ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཨུ་ཡོན་ནམ་ཞིང་ཆེན་དམངས་ཆེན་ཞིང་ལས་དང་ཞིང་སྡེའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ། ཞིང་ལས་བྱ་བའི་ཨུའི་ཀྲུའུ་རེན་ཁྲེ་ཁོ་ཅུན་དང་། ཝུའུ་ཝེ་གྲོང་ཁྱེར་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཝང་བཀྲ་དོན། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་ཞིང་ལས་བྱ་བའི་ཨུའི་ཀྲུའུ་རེན་གཞོན་པ་ཀྲང་ལིང་ཕིང་། ཝང་ཀྲེན་ཅང་། ཐེན་ཧྲུའེ་གྲོང་ཁྱེར་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་སུང་ཅན་ཕིང་། ཀན་སུའུ་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་ཀན་སུའུ་ཞིང་སྡེ་འཕེལ་རྒྱས་ཞིབ་འཇུག་ཁང་གི་ཡོན་ཀྲང་ཅང་ཀྲི་རུང་། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་། ཁུལ་དཔོན་གཞོན་པ་ནམ་མཁའ་སངས་རྒྱས་བཅས་གྲོས་ཚོགས་སུ་ཞུགས།
    ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཀྲི་ཚའེ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།

       བཀོད་སྒྲིག་བྱས་པ་ལྟར། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གིས་ཟླ6པའི་ཚེས12ཉིན་ནས་ཚེས13ཉིན་བར་ཐེ་བོ་རྫོང་དང་གཙོས་གྲོང་ཁྱེར་ནས་ཞིང་སྡེའི་འཚོ་བའི་གད་སྙིགས་དོ་དམ་བྱ་བར་ཁྲིམས་འཛིན་ཞིབ་བཤེར་བྱས་པ་དང་། རྫོང་དང་གྲོང་ཁྱེར་གཉིས་ཀྱིས་ཞིང་སྡེའི་འཚོ་བའི་གད་སྙིགས་དོ་དམ་བྱ་བའི་གནས་ཚུལ་ཡར་ཞུའི་ཡིག་ཆ་ཕུལ།
     གྲོས་ཚོགས་སུ་ཀྲང་ལིང་ཕིང་གིས་ཁྲིམས་འཛིན་ཞིབ་བཤེར་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་ནམ་མཁའ་སངས་རྒྱས་ཀྱིས་ཀན་ལྷོ་ཁུལ་གྱི《ཀན་སུའུ་ཞིང་ཆེན་གྱི་ཞིང་སྡེའི་འཚོ་བའི་གད་སྙིགས་དོ་དམ་སྲོལ་ཡིག》ལག་ལེན་མཐའ་འཁྱོངས་བྱས་པའི་གནས་ཚུལ་ཡར་ཞུ་བྱས་ཤིང་།  ཞིབ་བཤེར་ཚན་ཆུང་གི་ཁོངས་མི་དག་གིས་ཉམས་མྱོང་བརྗེ་རེས་ཀྱི་གཏམ་བཤད།

     ཁྲེ་ཁོ་ཅུན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་དང་འཕེལ་རྒྱས་གསར་བའི་འདུ་ཤེས་ལ་སློབ་སྦྱོང་ཟབ་མོ་བྱས་ནས།  ཞིང་སྡེའི་འཚོ་བའི་གད་སྙིགས་བཅོས་སྐྱོང་བྱ་བའི་འགན་འཁྲིའི་འདུ་ཤེས་དངོས་གནས་ཇེ་ལེགས་སུ་འགྲོ་བར་ཤུགས་སྣོན་པ། ཕྱོགས་ཡོངས་ནས་ཁྲིམས་བཀོད་འགན་འཁྲི་ལག་བསྟར་བྱེད་པ།  ཁྲིམས་ལུགས་ཀྱིས་ཞིང་སྡེའི་འཚོ་བའི་གད་སྙིགས་བཅོས་སྐྱོང་བྱེད་པར་ཤུགས་སྣོན་པ། བྱ་སྤྱོད་དངོས་ཀྱིས་ཐོན་ལས་དར་རྒྱས་དང་སྐྱེ་ཁམས་སྡོད་གནས།  འཚོ་བ་ཕྱུག་འགྱུར་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མཛེས་སྡུག་ལྡན་པའི་ཤང་སྡེ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།